Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཛ་དྲག་གིས་མཚམས་འཇོག་ལྔ་དགོས་ངེས་རེད།

Posted on 2017-08-052017-08-05 By ཁ་བརྡ་ 3 Comments on ཛ་དྲག་གིས་མཚམས་འཇོག་ལྔ་དགོས་ངེས་རེད།

ཨེ་མ་ཧོ།
 

གཅིག གསོན་བསྲེག་གི་ལས་འགུལ་མཚམས་འཇོག

དེང་དུས་ཆོས་དང་རིག་གཞུང་ལ་ཤེས་ཡོན་ཆེན་པོ་མེད་པ་དག་གིས་མི་དང་མིས་བར་ལ་ཕུ་ཤུགས་རྒྱག་ནས་ལ་རྒྱ་ཟེར་བའི་ཚིག་སྐམ་ཙམ་ལ་བསྟེན་ནས་དོན་འབྲས་གང་མེད་པར་ཞེ་སྡང་ལས་གྱུར་བའི་སྟོབས་ཀྱིས་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་ཡང་གནོད་བྱེད་ཀྱིས་རང་སྲོག་གཅོད་པའི་གསོན་བསྲེག་འདི་ངེས་པར་མཚམས་མ་འཇོགས་ན་མ་འོངས་ཉམ་ཆུང་གྲངས་མེད་གཅིག་གི་ཚེ་སྲོག་ལ་ཆུད་ཟོས་སུ་འགྲོ་ངེས་པས་རྒྱ་གཞུང་དང་བཙན་བྱོལ་དབུ་ཁྲིད་དང་རྒྱ་དམར་ཚོས་ཛ་དྲག་ངང་ལས་འགུལ་ཞིག་སྤེལ་ནས་མཚམས་འཇོག་དགོས་ངེས་རེད་བཞག།

 

གཉིས། ཆབ་སྲིད་ཀྱི་ཏང་སྤྲུལ་མཚམས་འཇོག

ཐོབ་དང་གོ་ས་ཅན་གྱི་མི་ངན་འགའ་རེས་རྒྱ་བོད་ཟུང་གིས་གཞུང་འབྲེལ་གྱི་སྒོ་ནས་རང་རྒྱལ་དང་གཞན་ཕམ་གྱི་ལས་འགུལ་གྱིས༧གོང་གི་བླ་དཔོན་དང་འོག་གི་མི་དམངས་མགོ་སྐོར་གྱིས་སྒེར་མི་རེ་ཟུང་གི་ཨང་སྟེགས་དང་ཞྭ་གོས་མིང་གྲགས་ཀྱི་ཆེད་དུ་ཆགས་སྲེད་ལས་རྒྱལ་བསྟན་སྤྱི་དང་དྲང་བདེན་ལ་རྒྱབ་འགལ་གྱི་སྤྲུལ་རྩོད་ཀྱི་ཆགས་ཞེན་རྒྱའི་གཞུང་གི་ངོས་འཛིན་པའི་སྤྲུལ་སྐུ་དང་བོད་གཞུང་གི་འཚོ་བའི་ཆེད་དུ་བཟོས་པའི་སྤྲུལ་སྐུ་མིང་འཛིན་པ་འདི་རིགས་སོགས་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྲི་ཕོ་ལོང་ལྟ་བུ་ནད་རིགས་གསོ་སྐྱོང་བྱེད་པ་འདིས་རིགས་ཕན་པ་ལས་དྲང་བདེན་ལ་གནོད་པ་མང་པས་ངེས་པར་དུ་ཕྱོགས་སོ་སོས་ངོས་ནས་ཕན་ཚུལ་གཟུར་གནས་བློ་གྲོས་ལྡན་པས་བཟོད་གསོལ་དང་བདག་ལས་གཞན་གཅེས་བསམ་པས་ཐུན་སྒྲིལ་དགོས་ངེས་རེད་བཞག།

 

གསུམ། ཆོས་སྤོང་གི་ལས་ངན་མཚམས་འཇོག

འཛམ་བུ་གླིང་གི་སྤྱི་ནོར་དམ་པ་བཀུར་འོས་པའི་ཡིད་བཞིན་ནོར་བུ་དངོས་དེ་དམ་པའི་ཆོས་མདོ་སྔགས་ཁོ་ན་ལ་འཆད་ཉན་སྒོམ་པས་ཉམས་སུ་ལེན་པ་དེ་རེད། དམ་པའི་ཆོས་ཀྱི་སྙིང་པོ་འཚེ་བ་མེད་པའི་ལས་འབྲས་ལ་རྩི་འཇོག་དང་གཞན་ཕན་སྒྲུབ་པ་དེ་ཡིན་ན་དེང་དུས་དེ་ལས་ལྡོག་ནས་ཆོས་མེད་དམར་པོའི་རིང་ལུགས་དང་ཆོས་ཡོད་སྒེར་སྤྱོད་པ་དག་གིས་དམ་པའི་ཆོས་འདི་ཚོང་ལས་ཙམ་དང་སྒེར་གྱི་དཔུང་ཤུགས་འགྲན་རྩོད་ཀྱི་ཆ་ལག་བཟོས་ལས་འབྲས་མེད་པར་གཞན་ཕམ་རང་རྒྱལ་གྱིས་ལྷག་བསམ་ཁ་ལ་ཁྱེར་རང་དོན་ཕུག་ཏུ་བཅུགས་པ་འདི་དག་མཚམས་འཇོག་མེད་ན་ནམ་ཞིག་ཁ་ཆེ་དམར་གསོད་རིང་ལུགས་ལས་ཐབས་སྡུག་ཏུ་ཆགས་ངེས་པར་འདུག་པས་མཚམས་འཇོག་དགོས་བཞག།

 

བཞི། ས་རྡོའི་འགྲན་བསྡུར་མཚམས་འཇོག

ཐོས་བསམ་སྒོམ་པའི་བཤད་སྒྲུབ་ཕྲིན་ལས་སོགས་སྣང་མེད་བཞག་ནས་དཔལ་འབྱོར་དང་དཔུང་ཤུགས་སུ་ཆེ། རླངས་འཁོར་དང་ཁྱབ་བསྒྲགས་སུ་མང་། སྨོན་ལམ་དང་འཚོགས་འདུ་སུ་བརྫིག འཇིག་རྟེན་ཆོས་བརྒྱད་ཁོ་ནས་ཕྲག་དོག་ཆེན་པོས་གནས་སྐབས་ཉི་ཚེ་བ་ཞིག་ལ་བསྟོད་འུར་རྒྱག་ནས་ཉི་མ་རེ་གཉིས་ལ་ཁྱབ་བསྒྲགས་ཙམ་ལས་དོན་གྱིས་སྟོད་ཀྱི་རི་ཁྲོད་ལ་རྣལ་འབྱོར་བས་དབེན་པ། བར་དུ་ལྷ་ཁང་ལ་གྲྭ་ཚང་གིས་སྟོང་པ། གྲོང་གི་སློབ་ཁང་ཕལ་ཆེར་ནང་ན་སློབ་ཕྲུག་གིས་སློབ་བརྩོན་པ་ཉི་མོའི་སྐར་མ་བཞིན་དུ་འགྱུར་བས་ཁང་སྟོང་བརྫིག་པོ་འདི་དང་། ཁྱད་པར་བོད་མི་ནང་འཁོར་ནས་བོད་མི་ཞིག་འབུར་དུ་ཐོན་ན་སྐད་ཡིག་དང་བསྟན་སྲིད་ལ་ཕན་པ་རླབས་ཆེན་པོ་ཞིག་འབྱུང་གི་ཡོད་ན་དེ་ཉིད་སུན་ཅི་ནུས་དང་ངན་སྨད་དང་མིང་ངན་སྣ་ཚོགས་བཏགས་ནས་ཕྱོགས་རིས་ཁོ་ན་བྱེད་པ་འདི་དག་མཚམས་འཇོག་དགོས་བཞག

 

ལྔ། གཉའ་གནོན་དང་ནང་རྩོད་མཚམས་འཇོག

སྔར་མེད་ཀྱི་ལོ་རྒྱུས་རྫུན་བསྒྲིགས་དང་ཆོས་ལུགས་ཕྱོགས་རིས། ཆོལ་ཁ་ཕྱོགས་འཐེན། རང་ལྟ་ཆོག་འཛིན་གྱིས་མཆོད་འོས་བསླུ་ཞིང་འགྱོད་མེད་འགྱོད་པ་བསྐྱེད་པའི་ཁྲེལ་མེད་བྱས་ནས་གསར་འགྱུར་དང་དྲ་བའི་རྒྱུད་ལམ་ཁག་ན་ངོ་ཚ་དང་ལས་འབྲས་མེད་པས་འཛམ་གླིང་གི་མི་སྣ་འཛོམས་སར་ཆགས་སྡང་རྨོངས་གསུམ་གྱི་ལྟས་ངན་སྣ་ཚོགས་པ་ཞིག་སྟོན་བཞིན་པ་འདི་དག་དང་རྒལ་ཚིགས་བཀུག་ཏུ་མེད་པར་དད་གུས་དག་སྣང་གང་ཡང་མེད་པར་མངོན་སུམ་སྟོན་ན་ཡང་། ཁ་ནས་རིས་མེད་དང་ཆིག་སྒྲིལ། མཐུན་ལམ་དང་དབུ་མ་དང་གཅིག་མཚུངས་ཀྱི་ཁ་ཡག་གིས་བཤད་པ་ལས་དོན་གྱིས་ལག་ལེན་མེད་པར་དགེ་ལུགས་གཉིས་སུ་རྩོད ཀཾ་ཚང་ལ་གཉིས་སུ་འཁྲུགས། རྫོགས་ཆེན་ལ་གཉིས་སུ་གྱེས། བན་བོན་གཉིས་སུ་ཕྱེས། ཕྱི་ནང་ལ་གཉིས་འཐེན་པ་སོགས་ནང་འགལ་མི་མཐུན་པ་ཉི་ཟེར་གྱི་རྡུལ་ལས་མང་བའི་ང་རྒྱལ་གྱིས་འཛམ་གླིང་གི་མི་དམངས་ལ་མགོ་བོ་གདུགས་བཞིན་བསྐོར་བའི་ཁ་ཁོག་མི་མཚུངས་པའི་ལས་ཀ་འདི་དག་ངེས་པར་མཚམས་འཇོག་དགོས་བཞག

མདོར་ན་དུག་ལྔའི་གཞན་དབང་དུ་སོང་བའི་བྱ་བྱེད་ངན་པ་དག་མཚམས་འཇོགས་བྱས་ནས་སྡང་ཆགས་གཏི་མུག་ཕྲག་དོག་ང་རྒྱལ་མེད་པའི་ཞི་དུལ་དང་ཞི་བདེའི་ངང་ནས་ཆིག་སྒྲིལ་དང། རང་ཁ་རང་གསོ། གསར་གཏོད་གསུམ་པོས་ངོ་ལྐོག་མཚུངས་པའི་་མཐུན་ལམ་གྱི་ཐབས་ལ་ཚུལ་བཞིན་ཏུ་འབད་ན་ངེས་པ་དོན་གྱི་གངས་ལྗོངས་རང་དབང་གཙང་མ་ཞིག་འབྱུང་བར་གདོན་མི་ཟའོ།།

བསམ་ཚུལ།

Post navigation

Previous Post: སྒྱུ་འཕྲུལ་གཏམ་འདི་སྤྲིན་པར་བཏབ།
Next Post: སྣང༌བ༌ཙམ།

Comments (3) on “ཛ་དྲག་གིས་མཚམས་འཇོག་ལྔ་དགོས་ངེས་རེད།”

  1. འབྲོང་བུ་སོག་ཚ། says:
    2017-08-09 at 3:43 pm

    “ཁ་ནས་རིས་མེད་དང་ཆིག་སྒྲིལ། མཐུན་ལམ་དང་དབུ་མ་དང་གཅིག་མཚུངས་ཀྱི་ཁ་ཡག་གིས་བཤད་པ་ལས་དོན་གྱིས་ལག་ལེན་མེད་པར་དགེ་ལུགས་གཉིས་སུ་རྩོད ཀཾ་ཚང་ལ་གཉིས་སུ་འཁྲུགས། རྫོགས་ཆེན་ལ་གཉིས་སུ་གྱེས། བན་བོན་གཉིས་སུ་ཕྱེས། ཕྱི་ནང་ལ་གཉིས་འཐེན་པ་སོགས་ནང་འགལ་མི་མཐུན་པ་ཉི་ཟེར་གྱི་རྡུལ་ལས་མང་བའི་ང་རྒྱལ་གྱིས་འཛམ་གླིང་གི་མི་དམངས་ལ་མགོ་བོ་གདུགས་བཞིན་བསྐོར་བའི་ཁ་ཁོག་མི་མཚུངས་པའི་ལས་ཀ་འདི་དག་ངེས་པར་མཚམས་འཇོག་དགོས་” ཞེས་གསུངས་འདུག་པར་མཚམས་ཇི་ལྟར་འཇོག་དགོས་མིན་སོགས་ཀྱི་གསལ་བཤད་མཐིལ་ཕྱིན་དང་ལག་ལེན་ཡང་དག་པ་གནང་དགོས། ཁ་ནས་མི་འདུག་མི་འདུག་ཟེར་ནས་དངོས་གཞི་ལག་ལེན་གང་ཡང་མ་བྱས་ན་སྟོང་གཡང་མ་རེད་དམ། དགེ་ལུགས་དང་ཀཾ་ཚང་སོགས་གཉིས་སུ་གྱེས་པ་རྒྱུ་མཚན་དུ་བཀོད་ནས་ཡག་པོ་མིན་པའི་སྒྲུབ་བྱེད་དུ་བསྟན་ན། དེ་ལས་ལྷག་པའི་སྔར་བདག་ཅག་གི་སྟོན་པ་གཟུགས་སྐུ་མྱ་ངན་ལས་འདས་ཙམ་ན། སྡེ་པ་བཅོ་བརྒྱད་དུ་གྱེས་པའི་ལོ་རྒྱུས་རྣམ་ཐར་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་དེ་དང་། དགའ་ལྡན་ཕོ་བྲང་པ་ཆེན་པོས་སྲིད་དབང་དྲག་པོའི་སྟོབས་ཀྱིས་འཛུགས་སྐབས་བླ་གྲྭ་བཀུམ་པ་དང་། དགོན་པ་བརྗེ་བརྒྱུར་བྱས་པའི་ལོ་རྒྱུས་ལ་བསམ་ན་དེང་སང་གི་འདི་གང་མ་རེད་ཨ།

  2. ཀརྡོ་རབ་འབྱམས་པ་ says:
    2017-08-09 at 4:55 pm

    བླ་མའི་མཛད་པ་མཛད་པ་་་་་
    https://www.facebook.com/jvollert/videos/vb.603030844/10155283602455845/?type=2&theater

  3. འབྲོང་བུ་སོག་ཚ། says:
    2017-08-10 at 9:32 am

    ཞབས་འདྲེན་པ་འདི་ཚོ་ས་སྟེང་འདིར་མེད་ན་༧སྐྱབས་མགོན་རིན་པོ་ཆེས་དབུས་པའི་བོད་ཀྱི་བླ་ཆེན་རྣམས་ལ་འོ་རྒྱལ་དེ་ཆུང་དུ་འགྲོ་ངེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme