Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིན་ཐོའི་ལྟེབས་ཁུག་ནས་རྙེད་པའི་མཛེས་མ་ལྔའི་ལེའུ།

Posted on 2010-05-232010-05-23 By ཡེ་ཤེས་ 19 Comments on ཉིན་ཐོའི་ལྟེབས་ཁུག་ནས་རྙེད་པའི་མཛེས་མ་ལྔའི་ལེའུ།

1197405679_f1
ཀླུ་སྨྱོན།
ཟླ་བ་སྒྲོལ་མའི་ལེའུ།
མུན་ནག་དང་ཆར་སྨུག་གི་ཁྲོད་དུ་རླངས་འཁོར་ཆུང་ཆུང་ཞིག་བསླེབས་བྱུང་ལ།
དེའི་མདུན་གྱི་གློག་འོད་ནི་གཤིན་པོའི་རྣམ་ཤེས་འགུག་པའི་ལྕགས་ཀྱུ་ཞིག་དང་འདྲ་བར།
གཞུང་ལམ་སྟེང་དུ་ངལ་དུབ་ཆེན་པོས་གོམ་བགྲོད་བྱེད་བཞིན་པའི་སྐྱེ་བོ་གང་མང་ཞིག་ས་རུ་བསྒྱེལ་སོང་།
རླངས་འཁོར་དེའི་ནང་དུ།
ལང་ཚོས་སྒེག་པའི་མཛེས་མ་ཞིག་གིས་རང་གི་མཆུ་སྒྲོས་ལ་ཞག་རྩི་དམར་པོ་ཞིག་འབྱུག་བཞིན་འདུག
མོའི་མིག་འོད་ནག་པོ་ཟུང་གི་མདུན་དུ།
ཉམ་ཐག་པའི་རྣམ་ཤེས་རེ་རེ་བཞིན་སྐོམ་གདུང་དྲག་པོས་འཆི་བཞིན་ཡོད།

ཉི་མ་སྒྲོལ་མའི་ལེའུ།

ཚ་གདུག་འབར་བའི་མཚོ་འགྲམ་གྱི་གསེར་མདོག་གི་བྱེ་ཐང་དུ།
ལྟ་བས་ཆོག་མི་ཤེས་པའི་མཛེས་མ་ཞིག་གན་རྐྱལ་དུ་ཉལ་ནས་བསྡད་འདུག
མཛེས་མ་དེའི་བྲང་གཞུང་དྲོན་མོའི་ནམ་མཁའ་རུ།
ངང་བ་དཀར་པོ་ལྟ་བུའི་མྱོས་བུམ་ཟུང་གཅིག་ལྷུག་ལྷུག་ཏུ་ལྡེམ་བཞིན་ཡོད་ཅིང་།
མོའི་བ་སོའི་ཀ་བ་ཉིས་གཤིབས་དང་འདྲ་བའི་བརླ་བར་ན།
མེ་ལྕེ་ཞིག་ཤི་ཟིན་པའི་རྗེན་གཟུགས་ལྟ་བུའི་བྷ་ག་འཁྱག་པོ་ཞིག་གི་མཐའ་སྐོར་དུ།
བསམ་གཞིག་ཅི་ཡང་མེད་པར་སྐྱེས་པའི་རྨོངས་སྤུའི་ཚོགས་ནི།
སུ་ཞིག་གིས་རྩབ་རལ་དུ་བཏང་བའི་སྙན་ངག་ཉི་ཚེ་བའི་རིགས་དང་མཉམ་དུ།
ལྕེ་དམར་པོ་དང་ལྕེ་སེར་པོ། ལྕེ་ནག་པོ་སོགས་ཀྱི་དྲོད་རླངས་འཕྱུར་བའི་བན་བུན་ཁྲོད།
རེ་ཞིག་ཉི་མ་ནུབ་པར་སྒུག་པའི་འཕྱོན་མ་ཞིག་གི་གཏམ་རྒྱུད་དང་འདྲེས།

ཚེ་རིང་སྒྲོལ་མའི་ལེའུ།
ཁ་པར་དང་དྲ་རྒྱ་ལས་ངོ་ཤེས་པའི་མཛེས་མ་འདི།
སྤོབས་སེམས་དང་ལང་ཚོས་ཁྱོགས་པའི་མཛེས་མ་འདི།
སྙན་ངག་དང་དཔྱད་བརྗོད་འབྲི་བའི་མཛེས་མ་འདི།
ལ་ལུང་དང་རྒྱལ་ཁམས་འགྲིམ་པའི་མཛེས་མ་འདི།
སྤྱད་ན་འཛད་དུ་མེད་པའི་མཛེས་མ་འདི།
བལྟས་ན་ངོམས་པ་མེད་པའི་མཛེས་མ་འདི།
སྒྱུ་མའི་འཕྲུལ་གཟུགས་ལྟ་བུའི་མཛེས་མ་འདི།
བདུད་ཀྱི་ཞགས་པ་ལྟ་བུའི་མཛེས་མ་འདི།
ལྷ་ཡི་བུ་མོ་ལྟ་བུའི་མཛེས་མ་འདི།
མཛེས་མ་འདིའི་མཛེས་སྡུག་མཐའ་དག་ཀེང་རུས་ལྟ་བུར་མི་སྡུག་པའི་རང་བཞིན་དུ་སྒོམ་པའི་ང་ནི།
འཁོར་བ་མ་སྟོང་བར་དུ་སངས་རྒྱ་མི་ཐུབ་ཅེས་ང་རང་ཉིད་ཀྱིས་ཐག་གཅོད་ཐུབ།

བྱམས་པ་སྒྲོལ་མའི་ལེའུ།
མཚོ་འགྲམ་ན་ཟང་ཟིང་དུ་སྐྱེས་པའི་འདམ་རྩྭ་ཐར་ཐོར་དེའི་ཀློང་ནས།
ངས་ཉིན་གཅིག་གི་ངལ་དུབ་ཡོད་ཚད་རྒྱབ་ལ་ཁུར་ཏེ།
ཉི་མ་དམར་པོ་ཞིག་ནུབ་པར་རེ་སྒུག་བྱེད་དུས།
མཛེས་མ་ཞིག་དང་དེའི་ཆེས་མཛེས་པའི་སྣང་བརྙན་རབ་རིབ།
བྱ་ཁྱུ་བཞིན་ཆེས་རྒྱང་རིང་གི་རི་ཚོགས་ལ་ཐིམ་ཅིང་།
བན་བུན་བརྩེགས་པའི་ཤར་ཕྱོགས་ཀྱི་གནམ་མཐའ་རུ།
ཁྱེད་ཀྱི་ཆེས་སྒེག་པའི་ལང་ཚོའི་མཆོད་སྡོང་ཡང་ཡོད་ངེས་ཞེས།
ངས་རང་ཉིད་ལ་དབུགས་དབྱུངས་ཀྱི་སེམས་གསོ་རེ་མི་བྱེད་ཀ་མེད་ལགས།

བདེ་སྐྱིད་སྒྲོལ་མའི་ལེའུ།

ཆེས་མཛེས་པའི་རྒྱ་སེ་མེ་ཏོག་རྐང་གཅིག
མུན་ཁྲོད་ནས་ཟླ་འོད་ཀྱི་ཁུ་སིམ་ལ་བསྙེས་པའི་རྨི་ལམ་ཐུན་གཅིག
ད་ནངས་ཞོགས་པར་རབ་རིབ་དང་རབ་རིབ་བར་ནས་དྲན་པའི་ངོས་སུ་འཆར་དུས།
ཁྱོད་ཁོ་ན་ད་གཟོད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདིའི་སྙིང་པོ་དང་།
ཁྱོད་ཁོ་ན་ད་གཟོད་འཇིག་རྟེན་འདིའི་མཛེས་སྡུག་ཡོད་དོ་ཅོག་གི་མཚོན་བྱེད་ཡིན་པ་ཤེས་སོང་།

ཚངས་དབྱངས་རྒྱ་མཚོ་ལྟ་བུའི་གནའ་བོའི་ཡུལ་སྐོར་བ་དང་།
དགེ་འདུན་ཆོས་འཕེལ་ལྟ་བུའི་ཉེ་རབས་སྙན་ངག་པ་དག་གིས།
རང་སེམས་དང་ཁྲག་དམར་བསྲེས་ནས་སྙན་ངག་གི་བམ་པོ་བརྩེགས་དོན་ཡང་།
སྒྱུ་འཕྲུལ་ལྟ་བུའི་མཛེས་མ་འདི་དག་གི་བྷ་ག་དང་མྱོས་བུམ་གྱི་བསླུ་བྲིད་དང་།
སྣང་སྟོང་བསྣོལ་བའི་ཤ་ཁྲག་གི་ཕུང་པོ་འདིའི་ལང་ཚོའི་བཟི་ཁ་ཡི་ཕྱིར་དུ།
མཛེས་སྡུག་གིས་གསོན་ཐུབ་ལ་མཛེས་སྡུག་གིས་འཆི་ཡང་ཐུབ་ཅེས།
འགྱུར་མེད་ཀྱི་དམ་བཅའི་རྡོ་རིང་བསླངས་པ་མ་ཡིན་ནམ།

ངའི་ཉིན་དེབ་ཅིག་གི་ཤོག་ངོས་བརྒྱ་དང་རེ་དགུ་བའི་ངོས་སུ་འདི་ལྟར་བྲིས་འདུག

གསར་འགྱུར། Tags:ཨཨཨ

Post navigation

Previous Post: གཟའ་ཉི་མ།
Next Post: ཁྱོད་ དཀའ་ལས་མ་ཁག་གམ།

Comments (19) on “ཉིན་ཐོའི་ལྟེབས་ཁུག་ནས་རྙེད་པའི་མཛེས་མ་ལྔའི་ལེའུ།”

  1. རྩམ་གཟན། says:
    2010-05-23 at 1:54 am

    ཀུན་གྱི་ཁ་ནས་བུད་མེད་སྡུག་རབས་བཤད།།
    ཀུན་གྱི་ཡིད་ལ་བུད་མེད་རེ་རེ་བསྒོམས།།
    ཀུན་གྱི་ཁ་ཁོགས་མི་འཚམས་བྱེད་སྟངས་འདི།།
    ཀུན་གྱི་དོར་ནས་ཀླུ་སྨྱོན་ཕྱོགས་སུ་ཐོན།།

  2. རྩམ་གཟན། says:
    2010-05-23 at 2:38 am

    ཉིན་པར་ཁྱོ་གས་དགའ་མར་ཕྱོགས་ལ་མིག་ཟུར་ཙམ་ཡང་མི་བལྟ་ཞིང་།།
    མཚན་མོར་སྒྲ་མེད་ཞི་ལིའི་རྟུལ་ཞུགས་དང་དུ་བླངས་ནས་ལུས་ཤུགས་རྫོགས།།
    འཇིག་རྟེན་བདེ་བའི་མངར་ཁ་མི་ཤེས་མི་ཚེ་རྫོགས་པའི་མགོ་ནག་ལ།།
    དགེ་ཆོས་བསྟན་བཅོས་སློབ་ཁྲིད་གནང་དང་དཔྱོད་ལྡན་ཀླུ་སྨྱོན་དཔའ་བོ་ལགས།།

  3. སྡེ་དགེ་འཇིགས་མེད། says:
    2010-05-23 at 5:08 am

    ཐིག་ལེ་དཀར་པོ་ཟག་ཏུ་མ་བཅུག་ན། ན་ཆུང་སྒེག་མོ་དབང་དུ་འདུ་བར་སླ།

    གསང་སྔགས་གཞུང་བཞིན་འདོད་ཆགས་སྤྱོད་ཤེས་ན། ཚེ་གཅིག་སངས་རྒྱས་འགྲུབ་ལ་ཤིན་ཏུ་ཉེ།

    ཆགས་ལྡན་སྐྱེས་བུའི་སེམས་ཀྱི་འཆར་སྣང་རེས། རྒན་མོའི་སྟུའང་འཇེ་ཡི་གྲོགས་སུ་སྒོམ།

    འདོད་ལྡན་བུ་མོའི་བསམ་བློའི་འཁོར་ཕྱོགས་རེས། རྒན་ཕོའི་འཇེའང་སྟུ་ཡི་རྒྱན་དུ་བསྟེན།

    ཕོ་མོ་ཕན་ཚུན་གཅིག་ལ་གཅིག་དགའ་བའི། རྟེན་ཅིང་འབྲེལ་འབྱུང་ངོ་འཚར་རྨད་བྱུང་ལ།

    ཤེས་རབ་ཟབ་མོའི་མིག་གིས་ལེགས་བལྟས་ན། རྒྱུད་སྡེ་རྒྱ་མཚོའི་གསང་བ་མཐོང་བར་འགྱུར།

  4. རྩམ་གཟན། says:
    2010-05-23 at 5:38 am

    ཅི་ཡང་ཡོད་ཀྱང་གང་ཡང་མེད་པའི་ཚོར་སྣང་སྐྱུར་མོས་དུས་ཀུན་མནར།།
    གང་དུ་སོང་ཞིང་འདི་རུ་འདུག་ཀྱང་ཁེར་རྐྱང་ཡིན་པའི་སྡུག་ཡུས་ཤིག།
    སེམས་ཀྱི་གཏིང་ནས་ཅི་ཞིག་དགོས་པའི་འདོད་རྔམས་དྲག་པོས་ལན་བརྒྱར་བཙེས།།
    དེ་དག་མ་ལུས་ན་ཆུང་བུ་མོའི་བྲོ་བ་མ་ཤེས་ལན་མིན་ནམ།

  5. བོད་ཀྱི་བུ says:
    2010-05-23 at 6:42 am

    རབ་རྣོན་ཆགས་མདས་གླང་གོག་སྙིང་ཁར་ཚོད་མེད་བསྣུན་ན་ན་ཟུག་བདག་གིས་བརྗོད་བཏུབ་བམ།།

    རབ་དཀར་བྲང་གི་ལྟེམས་ལྟེམས་མྱོས་བུམ་མེ་རི་འེ་རེད་འདོད་ལྡན་ལུས་སེམས་ཡོངས་སུ་བསྲེགས།།
    མི་སྡུག་བམ་པོ་སྟོང་ཕྲག་བརྩམས་ཀྱང་ཁྱོད་ཀྱི་བྱིན་ནུས་སུ་ཡིས་འགོར་པར་ནུས།།
    འཁོར་བའི་སྲོག་ཤིང་འཁོར་བའི་བརླན་གཤེར་ལགས་པས་འཁོར་བའི་མགོན་དུ་རྟག་ཏུ་བཞུགས་སུ་གསོལ།།

  6. བོད་ཀྱི་བུ says:
    2010-05-23 at 6:44 am

    མི་སྡུག་བམ་པོ་སྟོང་ཕྲག་བརྩམས་ཀྱང་ཁྱོད་ཀྱི་བྱིན་ནུས་སུ་ཡིས་འགོག་པར་མ་ནུས་སོ།།

  7. ཀརྨ་རྡོ་རྗེ་ says:
    2010-05-23 at 7:13 am

    ཀུན་ལ་དགོས་པའི་མཛེས་མ།

    ཞལ་རས་མཛེས་ལ་ནུ་འབུར་སྐེད་ཕྲའི་འོག །
    ཨ་མའི་བརྩེ་འཆང་སྲིང་མོའི་དྲིན་ཅན་མ། །
    བྲན་ལྟར་བཀུར་བའི་ཚེ་གྲོགས་མཛེས་མ་ཞིག །
    རང་གི་གཏན་གྱི་འདུན་མར་སྒུགས་ཤིག་བུ། །

  8. མེ་ཏོག་དཀར་པོ། says:
    2010-05-23 at 7:58 am

    རྩོམ་འདིའི་བྲོ་བ་མྱོང་ཐུབ་མ་སོང་། རང་གི་ཤེས་ཚད་གི་མ་འདངས་པ་ཡིན་ས་རེད།
    དེང་རབས་ཀྱི་རྗེས་སུ་འབྲངས་པ་ཞེས་པའི་འབྲི་མོས་བྲིས་པ་དེའི་བྲོ་བ་ནི་མྱོང་ཐུབ་སོང་།
    ད་འདི་ཙམ་ཡིན།
    ཁ་སང་ཕུལ་བའི་མཆན་བུ། །
    དེ་རིང་མཐོང་རྒྱུ་་མིན་འདུག །
    ་

  9. མེ་ཏོག་དཀར་པོ། says:
    2010-05-23 at 8:06 am

    གོང་དུ་གློག་ཕྲིན་ཁ་བྱང་བཅུག་ནོར་བྱུང་སོང་།

  10. མདོ་ལྷ་ཁམས་པ། says:
    2010-05-23 at 12:20 pm

    དུས་ཚིགས་རབ་བཟང་ས་ག་ཟླ་བ་འདིར། །
    ཐུབ་དབང་མངོན་པར་རབ་ཏུ་སངས་རྒྱས་པའི། །
    འགྲོ་རྣམས་དགེ་ལ་ངང་གིས་འབད་པ་ལས། །
    ཆགས་གཏམ་སྡང་སེམས་མ་རུང་བློ་རྣམས་སྤོངས། །

  11. སྒོམ་སྡེ་ལྷ་རམས་པ། says:
    2010-05-23 at 8:20 pm

    གྲོགས་པོ་ཀླུ་སྨྱོན་ལགས།
    དྲ་རྒྱར་སླར་ཡང་མཇལ་བར་ངེད་ནས་དམིགས་བསལ་གྱིས་དགའ་བསུ་ཞུའོ། །

  12. ཤ་ཀླན་བུ says:
    2010-05-24 at 1:00 am

    འོག་གི་མཆན་འདེབས་པ་དེ་དག་དང་གོང་གི་ཀླུ་སྨྱོན་གྱི་སྙན་ངག་གཉིས་བསྡུར་ཐབས་མི་འདུག གཅིག་ནི་ཁྱད་འཕགས་ཀྱི་སྙན༾་ངག་དང་གཅིག་ཤོས་ནི་འཆལ་ཚིག་ཙམ་ཞིག་རེད།

  13. ཀརྨ་རྡོ་རྗེ་ says:
    2010-05-24 at 6:26 am

    དེང་སང་མཆན་བུ་བྲིས་ནང་སྡིག་གསོག་རེད་འདུག བརྒྱབ་པའི་ཁ་ལ་མ་ཕོག མ་བརྒྱབ་སྣ་ལ་ཕོག་བགྱིད།

  14. བོད་ཀྱི་མཛེས་མ། says:
    2010-05-24 at 6:58 am

    ས་ག་ཟླ་བའི་དུས་ཚིགས་ཁྱད་པ་ལ།
    ཆགས་དང་ཁྲོ་བའི་ཚིག་གཏམ་མི་སྨྲ་བར།
    དགེ་དང་དགེ་བའི་རྒྱལ་སྲས་སྤྱོད་པ་ལ།
    སྒོ་གསུམ་དགེ་ལ་སྦྱོར་བའི་བརྩོན་པ་གྱིས།

  15. ཀརྨ་རྡོ་རྗེ་ says:
    2010-05-24 at 7:56 am

    སྒོ་གསུམ་དགེ་ལ་འབུངས་ཚུལ་གསུམ།

    ཐེག་དམན་མོས་པའི་གདུལ་བྱ་ལ། །
    ཆགས་དང་ཁྲོ་ཚིག་འཁོར་བའི་རྒྱུ། །

    ཐེག་ཆེན་མོས་པའི་གང་ཟག་ལ། །
    ཁྲོ་ཚིག་ཐམས་ཅད་བཟོད་པའི་རྒྱུ། །

    དམ་ཚིག་ཅན་གྱི་རྣལ་འབྱོར་ལ། །
    འཁྲིག་ཚིག་ཐམས་ཅད་བདེ་བའི་རྒྱུ། །

    མདོ་སྔགས་ཡོངས་རྫོགས་རྒྱས་གྱུར་ཅིག །

  16. སྨྲ་ཤེས་དོན་གོ། says:
    2010-05-24 at 7:02 pm

    གཏམ་འཁྱལ་སྤེལ་བ།

    སྡེ་དགེ་འཇིགས་མེད་ཁོ་བོས་བྱ་སྤྱོད་ངན་པ་དེ་ཆོ༹་རེ་རེ་ངས་མི་བཤད། ཡིན་ན་ཁོ་བོས་སོ་སོར་རྐང་པ་གཉིས་བཅུ༹གས་བྱས་པ་དེ་ཆོ༹་སྣང་མེད་དུ་བཏང་སྟེ། ཁོ་བོས་ད་དུང་མ་ཡིན་ཡིན་མདོག་བྱས་ནས་བོད་མི་སྤྱི་ཆོ༹གས་ཁྲོད་ཕུ་དཀྲུག་མདའ་དཀྲུག་གི་གཏམ་འཁྱལ་ངན་པ་ཁྱབ་སྤེལ་བྱས་འདུག་པས་ཤིན་ཏུ་ངོ་ཆ༹།

    ཁོ་བོ་ཁ་དང་ཁོག་གཉིས་དངོས་སུ་འགལ་བ་ཇེ་གསལ་དུ་འགྲོ་གི་ཡོད་པ་མ་ཆ༹ད་ང་ཆོ༹ས་ཁོ་བོས་གཏམ་འཆལ་ནང་ནས་མངོན་སུམ་དུ་རྟོགས་ངེས།

    གང་ཡིན་ཟེར་ན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བླ་ཆེན་རྣམ་པ་དང་བོད་མི་རྩམ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་རོགས་སྐྱོར་གནང་གི་ཡོད་པར་ཀུན་གྱི་མཁྱེན་གསལ་རེད།

    དེར་བརྟེན་ཁོ་བོས་གཏམ་འཆལ་ནང་དོན་ལྟར་ན། རྒྱུ་མཆ༹ན་སྤུ་ཅ༹མ་མེད་པའི་ཐོག་ཡ་ང་བའི་ཤུལ་ལུས་བོད་རིགས་སྤུན་ཟླ་རྣམས་ལ་རྩིས་མེད་རྡོག་རིལ་བཏང་རྗེས། ད་དུང་ཁོ་བོས་འགྲེལ་བཤད་བྱས་དོན་ཉམ་ཐག་ཤུལ་ལུས་སྤུན་ཟླ་རྣམས་ལ་རོགས་སྐྱོར་མི་དགོས་པའི་རྒྱུ་མཆ༹ན་བཀོད་པ་དེ་ནི་ཁོ་བོ་རྒྱ་དམར་གྱི་ལོག་སྤྱོད་ལྡན་པ་མ་ཆ༹ད་ངོ་མ་རྒྱ་མི་སོ་པ་ཡིན་པར་ཀུན་གྱི་མངོན་སུམ་དུ་མཐོང་ཐུབ།

    དེ་ཡང་མ་ཟད་ཁོ་བོས་ང་ལ་ལུང་སྟོན་ཡིན་མདོག་གི་འགྲེལ་བཤད་བྱས་པ་དེ་ཆོ༹་ངས་དུས་ནམ་ཡང་ཉན་མི་སྲིད་པ་མ་ཆ༹ད་ཁྱེད་ཀྱིས་སྲིད་དོན་གྱི་ཟློས་གར་འཁྲབ་པ་དེ་ཡང་གད་མོ་ཤོར་གྱི་འདུག། དེ་རིང་དེ་ཅ༹མ་འཇོག་རྒྱུ་ཡིན། སྤྱིར་བོད་མིའི་སྤྱི་ཆོ༹གས་ཁྲོད་དཀྲུག་གཏམ་སྤེལ་མཁན་ཁྱེད་ལྟར་བུ་གཅིག་ལས་མང་དྲག་མེད་ན་ཅི་མ་རུང།།

    ཁོ་བོས་གཏམ་འཁྱལ་འདོན་སྤེལ་བྱ་ཡུལ་བོད་ཀྱི་དུས་བབ་ནང་དུ་བཀོད་འདུག་པས་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།

  17. བོད་པ་དཀར་པོ། says:
    2010-05-24 at 10:02 pm

    ཨ་རོ། བླ་རྒན་ཀླུ་སྨྱོན།

    ད་ས་ག་ཟླ་བའི་དགེ་སྦྱོར་གྱི་དུས་འདིར་རང་གཞན་ཚང་མ་དམྱལ་བར་སྐྱེ་བའི་རྒྱུ་འདི་འདྲས། ང་ནི་ད་དགོངས་གཉིད་མ་ཁུག་པར། རང་དབང་མེད་པར་རྒ་མོ་དེའི་སྒང་ལ་གཅིག་ཤོར་སོང་། ས་ག་ཟླ་བའི་རིང་ངེད་ཚོ་ཁྱིམ་ཚང་མང་མ་ཤ་སོགས་ཀྱི་སྡིག་ལས་སྤོང་བཞིན་པའི་སྒང་ལ་རྒན་ཁྱེད་ཀྱིས་ཆག་སྒོ་འདི་འདྲས་འདི་ལ་བཤམས། ད་ཁྱོད་ལྟུང་གཤགས་འབུམ་གཅིག་གཉིས་ཙམ་མ་སྐྱོར་ན་་་་་་་་་་་་་་་

  18. ཟླ་བ་གཞོན་ནུ། says:
    2010-05-25 at 4:18 am

    ཨ་ཁུ་ཀླུ་སྨྱོན་ལགས་ཀྱི་སྙན་ངག་འདི་ཡང་ཁོང་གི་རྩོམ་པ་དག་གི་ཁྲོད་ཀྱི་འཆམ་འཆམ་ལས་བཏུས་པའི་སྙན་ངག་ལྟར་ང་རང་ཆེས་དགའ་བའི་སྙན་ངག་ཅིག་ཏུ་གྱུར་སོང་།
    འདི་ལྟ་བུའི་སྒྱུ་རྩལ་བརྩམས་ཆོས་གང་མང་སྤེལ་རྒྱུ་མཁྱེན།

  19. ཀླུ་སྨྱོན། says:
    2019-12-13 at 1:18 am

    ལོ་དགུའི་སྔོན་དུ་སྙན་ངག་འདི་འདྲ་བྲིས།།
    དེ་དུས་བདག་གི་སྐྲ་ལོ་གནག་ཅིང་སྣུམ།།
    སྙིང་གི་དབུས་སུ་སྙན་ངག་ཁྲག་ཏུ་ཁོལ།།
    ནམ་གུང་ཐོལ་གྱིས་ལངས་ཏེ་སྙན་ངག་འབྲི།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme