Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྩོམ་ཡིག་འདི་བོད་མི་རྣམས་རང་ངོ་རང་གིས་ཟིན་པའི་རྒྱུ་རུ་བསྔོ་རྒྱུ་ཡིན།

Posted on 2017-07-142017-07-14 By ཁ་བརྡ་ 5 Comments on རྩོམ་ཡིག་འདི་བོད་མི་རྣམས་རང་ངོ་རང་གིས་ཟིན་པའི་རྒྱུ་རུ་བསྔོ་རྒྱུ་ཡིན།

–མགར་རྡོར།

 

རིགས་ཀྱི་བདག་མོ། དུས་ཀྱི་དཔའ་མོ།

༡༽  གཅའ་འབྲུག་མོ་ཟེར་བའི་བུ་མོ་འདི་རྩོམ་རིག་གསར་རྩོམ་གྱི་ལས་ལ་གསར་དུ་ཞུགས་པའི་དེང་དུས་ཀྱི་ན་གཞོན་མཛངས་མ་ཞིག་ཡིན་པར་སྙམ། རྩོམ་རིག་གྲུབ་མཐའི་ཕྱོགས་ནས་དངོས་ཡོད་རིང་ལུགས་ལ་གཞོལ་མཁན་ཞིག་ཡིན་པར་ངེས། མ་ཟད་རིགས་ཀྱི་བདག་མོ། དུས་ཀྱི་དཔའ་མོ་ཞིག་ཀྱང་ཡིན་པར་གཏན་ཁེལ།

 
༢༽  ཉེ་ཆར་དྲ་རྩོམ་ནི་དཔྱིད་རླུང་གཡུག་གཡུག་ཡིན་ནའང་ཀློག་རི་བ་ནི་སྤྲང་བོའི་ལག་གི་གཟི་ཁྲ་དམྱིག་དགུ་ལྟ་བུར་ཁག་པོ་རེད། དེ་བས་དྲ་རྩོམ་ཕལ་མོ་ཆེ་ནི་སྨྱོན་པའི་ལག་གི་རལ་གྲི་ལྟར་ས་གཡུག་རྡོ་གཡུག་རྐྱང་རེད།

 
༣༽  ཁ་སང་དྲ་ལམ་ནས་ཅིག་མཐོང་སོང་། མྱིང་ལ་”རིགས་ཀྱི་རུས་སུ་ལུད་པའི་སེམས་འཕྲིན་”ཟེར་འདུག རྩོམ་མཁན་གཅའ་འབྲུག་མོ་ཟེར་བའི་སྨན་ཤར་བུ་མོ་ཞིག་རེད་འགུ། རྩོམ་ཡིག་དེས་བདག་གི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང་། གཙོ་བོ་བརྗོད་དོན་གྱིས་ཟེར་བ་ཡིན། ལབ་བརྒྱབ་ན་བདག་གི་ཡིད་བརྟན་རང་འགར་ཅིག་གིས་འཕྲོག་མི་ཐུབ་དཱ།

 
༤༽  སྤྱིར་ན་བདག་གི་ལྟ་གྲུབ་ནི་ཧ་ཅང་གུ་ཡངས་མོ་ནམ་མཁའི་ཁམས་ལ་འགྲན་བཟོད་པ་ཞིག་ཡིན་མོད། འོན་ཀྱང་རིགས་ཀྱི་ཞེན་ཁོག་ནི་རྦད་དེ་འགག་དོག་མོ་ཞིག་ལས་མེད། དེ་བས་རྩོམ་མོ་ཁོང་གི་བསམ་སྤྱོད་ལ་བདག་དགའ་བ་སྟོང་གིས་མྱོས།

 
༥༽  “མི་རིགས་གཞན་འགྱུར་གྱི་གནས་ཚུལ་འདི་མི་རིགས་ཁ་བྲལ་གྱི་གནས་ཚུལ་ལས་ཀྱང་ཚབས་ཆེ་བར་འདོད།” ཧ་ཅང་མད་པའི་སྐད་ཆ། རྦད་དེ་སེམས་ལ་ལྷུང་བའི་སྐད་ཆ། ཡོངས་སུ་འགན་ཁུར་བའི་སྐད་ཆ་འདི་འདྲ་སུས་བཤད་མྱོང་། རྒྱ་རྒན་ཝིང་ལི་ཞོན་གྱི་རྒན་མོ་ཚེ་རིང་འོད་ཟེར་གྱིས་བཤད་མྱོང་ནའང་དེ་ནི་འབྲུག་མོའི་སེམས་འཕྲིན་དང་ལར་ནས་འགྲན་མི་གཏིབས་པ་ཤེས་གསལ་རེད། གཞན་གཞས་མཁན་མཛེས་མ་ཚོས་རྒྱ་ཕྱུག་རེར་ལྐོག་ནས་འཇུས་ཏེ་ལ་རྒྱའི་གླུ་དབྱངས་ལེན་ཁུལ་བྱེད་པ་ནི་ངོ་མ་ཁོང་དགོད་འཆོར་བའི་ཡུལ་འབའ་ཞིག་ཏུ་འཁུམས།

 
༦༽  “འབྲོོག་ཁུལ་གྱི་སྐྱེས་པ་མང་ཆེེ་བར་བཙན་ཤུགས་དང་དབང་ཤུགས། དྲག་ཤུགས་བཅས་ཆེ”ཟེར་བ་ནི་སྤྱིར་ན་ལྟོས་བཅས་ཀྱི་སྐད་ཆ་ཞིག་ཡིན་པར་སྣང་མོད། འོན་ཀྱང་བོད་ཕོ་ཡོངས་དང་སྒོས་སུ་འབྲོག་ཁུལ་གྱི་གསར་བུ་ཀློའུ་སྟུག་ཚོས་ངེས་པར་སྙིང་ལ་ཉར་དགོས་པར་སེམས།

 
༧༽  “ང་རང་རྒྱ་རྒན་ཞིག་གི་ཆུང་མ་བྱ་མི་འདོད”ཟེར་བ་ནི་ཁོང་མོའི་མི་ཚེ་ཁྲེལ་ཡོད་ལ་བརྒྱུས་པའི་དམ་བཅའ་མགོ་མ་རེད་ལ་རླབས་ཆེན་གྱི་བརྩམས་ཆོས་ཐོག་མའང་ཡིན་པར་སྲིད། རིགས་ཀྱི་དུངས་པ་ནམ་ཡང་གྲང་མ་མྱོང་བའི་ཁོང་མོ་ནི་བོད་མོ་ཡོངས་དང་སྒོས་སུ་ཡིག་ངོ་ཆོད་མཁན་ཚང་མས་མིག་དཔེར་བཀུར་འོས་པར་སེམས།

 
༨༽  ཀྱེ་བོད་མོ་ཚོ། སྤྱིར་ན་རྒྱ་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ངོས་ནས་བལྟས་ན་ཁོ་ཚོའི་མི་གཞིའི་ཀུན་སྤྱོད་ཆེས་ཐ་ཤལ་བ་ཨང་དང་པོར་བརྩིས་ཡོད། གཡོ་སྒྱུ་ཁྲམ་གསུམ་ཁོ་ཚོའི་འཚོ་བའི་ཁྲོད་རྒྱུན་སྤྱོད་རེད། ཁྱོད་ཚོས་སེམས་པ་ཤོར་ནས་གནས་ལ་ཨེ་ཐོན་བལྟ་ས་ཞིག་ལར་ནས་མ་རེད། མི་རིགས་ཞིབ་འཇུག་པ་ཚོས་བཤད་ན་”རྒྱ་རིགས་འདི་རྩ་མ་ཚང་བའམ་ཡང་ན་རྩ་ལྷག་མ་ཡོད་མཁན་”ཞིག་ལ་ངོས་འཛིན་བྱས་ཡོད་རེད། གཙོ་བོ་བསམ་བློའི་རིག་ཚན་ངོས་ནས་བཤད་པ་རེད།

 
༩༽  བདག་གིས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཉི་ཤུ་ལྷག་གི་རིག་གཞུང་ཉམས་ཞིབ་པ་ཚོར་”འཚོ་བའི་བཟང་སྤྱོད་”ཟེར་བའི་ཐོག་ལ་ཟླ་ཤས་རིང་བགྲོ་གླེང་བྱས་མྱོང་། མཐར་དོན་བོད་ཀྱི་འཚོ་བའི་བཟང་སྤྱོད་ནི་འཛམ་གླིང་གི་ཆེས་མིག་དཔེར་བལྟ་ཡུལ་དུ་ཁས་ལེན་བགྱིས། འཚོ་བའི་བཟང་སྤྱོད་ནི་འཚོ་བའི་ནང་གི་ཡ་རབས་སྤྱོད་བཟང་ལ་ཟེར་རེད། གཙོ་བོ་ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བ་ཉར་སྟངས། ཁྱོ་ག་དང་སྐྱེས་སྨན་བར་གྱི་དུང་བ་རྒྱུན་བསྲིངས་སྟངས། དགེ་སློབ་བར་གྱི་འདུ་ཤེས་འཛིན་ཚུལ། མདོར་ན་གྲོགས་པོ་ཁྱིམ་མཚེས་རྒན་བཀུར་གཞོན་བྱམས་སོགས་ཀྱི་སྐོར་རེད།

ནུབ་ཕྱོགས་པ་ཚོ་ལྟོས་བཅས་ཀྱིས་བསམ་བློ་འགྲིག་ཙམ་ཡིན་ནའང་འདུ་ཤེས་འཛིན་སྟངས་ཀྱི་དབང་གིས་ཉིན་རེའི་འཚོ་བའི་ཁྲོད་དཀའ་ངལ་ནི་འབྱུང་གིན་པ་རེད། རྙོག་གྲ་དེ་དག་ནི་རང་དབང་དམངས་གཙོ་འདྲ་མཉམ་ཐོབ་ཐང་སོགས་ཆབ་སྲིད་ཀྱི་རོལ་རྩེད་འབའ་ཞིག་ལས་བྱུང་རེད། དཔེར་ན་ཁྱོ་ག་ཞིག་རླུང་མགོ་མ་ནོན་པར་སྐྱེས་སྨན་ལ་འགྲམ་ལྕག་ཅིག་གཞུས་ནའང་བཟའ་ཚང་ཁ་འཐོར་སོགས་རྙོག་གྲ་ཆེན་པོ་དེའི་འགོ་ཁྲིམས་ཐོག་ནས་བརྩམས་ཚར་རེད། དེ་བཞིན་ཕ་མ་ཚོས་རང་གི་ཕྲུ་གུར་ཡང་ཚིག་མཁྲེགས་པོ་གཅིག་ཀྱང་བཤད་མི་ཕོད།

ནུབ་ཕྱོགས་སུ་སྐྱེ་བོ་གང་གིས་ཁྱོད་ལ་གང་འདོད་བྱེད་པའི་ཐོབ་ཐང་ལར་ནས་མེད་ཅེས་ལབ་གི་རེད། སྐད་ཆ་འདི་ཉིན་རེའི་འཚོ་བའི་ཁྲོད་ཁྱོན་ཡོངས་ལ་གཅིག་སྦྱར་དུས་ཐོབ་ཐང་འདྲ་མཉམ་ནི་ཐེགས་དཀའ་བའི་དཀའ་ངལ་ཞིག་སྟེ་བདེ་སྐྱིད་ཀྱི་འགོག་རྐྱེན་དུ་འགྱུར་གྱིན་པ་རེད། ས་དེར་དཀའ་སྐྱོ་ཆགས་སྡང་གི་ཚོར་བ་གང་འདོད་དུ་ཕྱི་ལ་སྟོན་ཐུབ་མཁན་ཕལ་ཆེར་མེད་ཚོད་རེད། ཁོང་ཚོས་བདེ་སྐྱིད་ནི་སེམས་ཀྱི་བདེ་སྐྱིད་ལས་དཔལ་འབྱོར་མ་རེད་ཟེར་བའི་རྩ་བའང་འདི་ལ་ཐུག

ནུབ་ཕྱོགས་སུ་བརྩི་བཀུར་ཟེར་བ་འདི་ཧ་ཅང་གཙུག་ཆེན་བྱེད། ཡིན་ཡང་ཁོང་ཚོའི་བརྩི་བཀུར་ནི་བརྩི་བཀུར་རྐྱང་བ་ཡིན། བཟོད་སྒོམ་གྱི་རོ་དང་བྲལ་ཡོད། དེ་བས་ས་དེའི་རྒན་པ་དག་ཁྱི་ལ་ཤིན་ཏུ་བརྩེ། མི་ལས་ཁྱི་ལ་དགའ། རྒྱུ་མཚན་ཁོང་ཚོས་ཁྱི་ལ་དགའ་སྡུག་གི་ཚོར་བ་ངོ་མ་དེ་སྟོན་ཆོག་ལ་ཁོང་ཁྲོ་ལངས་དུས་གཤེ་གཤེ་གཏོང་བ་དང་ཐ་ན་ཅུང་ཙམ་གཞུས་ནའང་ཁྱི་ཡིས་ཕྱིར་ལན་མི་སློག ད་དུང་བདག་པོར་ངོ་སོ་སྟེར་ལ་བརྩི་བཀུར་ལ་ནམ་ཡང་དགའ་སྡུག་དང་འགྱུར་བ་མེད་ཟེར། མདོར་ན་དཀའ་ངལ་འདི་དག་གི་འབྱུང་ཁུངས་ཆེ་ཤོས་ནི་རང་དབང་དང་འདྲ་མཉམ་ཟེར་བ་འདི་ཡིན་པ་ས་དེའི་མཁས་རྒན་ཚོས་ངོས་ལེན་བྱེད། ཨ་ཁུ་སྒོ་ཤེར་སོགས་ནུབ་ཀྱི་རང་དབང་དམངས་གཙོའི་བསླུ་བྲིད་ལ་ཐལ་མོ་ཤུགས་ཆེན་སྦྱར་མཁན་ཚོས་དོན་དེ་རྟོག་པར་གལ།

 
༡༠༽  བདག་ནི་བོད་ཀྱི་མི་གཤིས་སམ་མི་གཞིའི་ཀུན་སྤྱོད་ལ་གཏིང་ནས་མོས་པ་ཡོད། ངས་ཤེས་པའི་འཛམ་གླིང་ཡོངས་ཀྱི་རབ་རེད། མཆོག་རེད། ཕུད་རེད། མི་གཞིའི་འབྱུང་སྤུས་ཀྱི་ངོས་ནས་ཤར་ནུབ་གང་ལའང་ཁ་གདངས་མི་དགོས་པར་སེམས། གཅའ་འབྲུག་མོ་ནི་དེའི་ཐད་ཀྱི་གསོན་དཔེ་ཞིག་རེད། ལ་རྒྱ་ཡོད་མདོག་གི་སྐད་ཆ་མིན། མི་ལོ་བཅུ་གཉིས་རིང་ས་མཐའ་ཉུལ་བའི་ཉམས་མྱོང་ཡིན། དེ་མིན་རྒྱ་གར་དང་བལ་བོ་སོགས་ཀྱི་མི་གཞི་ལ་གླེང་རིན་མེད།

རྩོམ་ཡིག་འདི་ཧ་ཅང་སྟབས་བདེ་ཞིག་ཡིན་པས་མང་པོ་འབྲི་ཐུབ། སྔོན་ཆད་བདག་གིས་སྐྱུག་བྲོ་བའི་བོད་མི་ཟེར་བའི་སྤྱི་ཚོགས་དཔྱད་བརྗོད་ཅིག་བྲིས་མྱོང་ལ་དུར་འཇུག་གི་འདས་མཆོད་ཅེས་པའི་སྙན་ངག་རིང་མོ་ཞིག་ཀྱང་བཞེངས་མྱོང་། དེས་བོད་ཀྱི་ནར་མ་སོན་པའི་བསམ་བློའི་མུན་ནག་ལ་དཀར་ཁུང་ཞིག་དང་ཆོས་ལུགས་ཀྱིས་བསྐྱེད་པའི་བག་ཆགས་རྙིང་རིལ་དག་ལ་དཀར་རྩི་ཞིག་བཏང་མྱོང་ཡོད།

ཆོས་ལུགས་ཀྱིས་འཛམ་གླིང་རྨོངས་པར་བྱས་མྱོང་བ་བཞིན་འབྱུང་འགྱུར་ལའང་ཁྲིག་ཁྲིག་མེད། ངས་གླེང་གིན་པའི་ང་ཚོའི་མི་གཞིའི་ཀུན་སྤྱོད་ལེགས་ཟེར་བ་འདི་སངས་རྒྱས་ཆོས་ལུགས་ཁྲོད་ཀྱི་བྱམས་སྙིང་རྗེ་དང་བདག་གཞན་མཉམ་བརྗེ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ཁས་ལེན་པའི་ཀུན་སྤྱོད་བཟང་བོ་ཟེར་བ་དེ་གཏན་ནས་མིན།

སྤྱིར་བཏང་རང་ངོ་ཞིག་ཟིན་ན་མི་རིགས་གཞན་འགྱུར་དང་གཞན་བརྗེ་གཞན་བཙོང་སོགས་ཀྱི་ནོར་འཁྲུལ་འདི་འབྱུང་མི་འོས་པ་ལྟར་སྣང་མོད། ལྟ་རྒྱ་ཐོས་རྒྱས་མ་འདང་ན་འབྱུང་ཡང་སྲིད།

མདོར་ན་རིགས་རྒྱུད་འོད་གསལ་ལྷ་ལས་མཆེད་ཅིང་བཙན་པོའི་དཔའ་མཛངས་ཀྱི་བྱིན་རླབས་ཞུགས་པའི་ངའི་ཐུབྷོད་པ་ཚོ། ང་ཚོ་ནི་སྤྱིའི་ཆ་ནས་ཧ་ཅང་ཡ་རབས་གཞུང་དྲང་གི་མི་རིགས་ཤིག་རེད། འཛམ་གླིང་ཡོངས་ལ་ངོམ་རི་བ་ཞིག་རེད། ཡིན་ཡང་དེ་ཧ་མ་གོ་མཁན་དང་ཁས་མི་ལེན་མཁན་ཚོ་ལ་གསལ་འདེབས་ཀྱི་ཚུལ་དང་། མི་གཤིས་ལེགས་པོ་འདི་ངོས་མ་ཟིན་པའམ་ཉམས་མ་བཞག་པའི་བར་ནས་བོར་འགྲོ་བར་སེམས་འཚབ་ཀྱིས་གཅའ་འབྲུག་མོ་གསོན་དཔེར་དྲངས་ཏེ་རྩོམ་ཐུང་འདི་བྲིས་པ་ཡིན། འདི་ཡི་དགེ་བ་བཅས་པའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་ང་ཚོའི་མི་གཞིའི་བཟང་སྤྱོད་གོང་དུ་འཕེལ་བའི་རྒྱུ་རུ་བསྔོའོ།།

བལ་ཡུལ་རྒྱལ་ས་ཀྭ་ཐི་མན་ཀྲོས་ནས་སྦྱར།

རྩོམ་རིག

Post navigation

Previous Post: དབུ་མཛོད་འཇམ་དབྱངས་བློ་གྲོས་ལ་སྨོན་ལམ་རྣམ་འདྲེན་གྱི་དར་ཐག་དཀར་པོ།
Next Post: ཉི་མ་ནུབ་སོང་། རྒྱ་ནག་ནུབ་སོང་།

Comments (5) on “རྩོམ་ཡིག་འདི་བོད་མི་རྣམས་རང་ངོ་རང་གིས་ཟིན་པའི་རྒྱུ་རུ་བསྔོ་རྒྱུ་ཡིན།”

  1. བློ་བཟང་། says:
    2017-07-14 at 11:20 pm

    ཕེ་ཕེ་ཕེ་ཡང་ཉོག་རེད།

  2. ༄།།སྟར་བུ་དམར་བོ། says:
    2017-07-15 at 3:00 am

    གཅའ་འབྲུག་མོ་ཧུ་ཧུ། བོད་མོ་བརྒྱ་ཆའི་དགུ་བཅུ་ལྷག་གིས་དགྱ་དང་གཉེན་སྒྲིག་བྱས་ཡོད་པ་མ་རེད། དེ་དམིགས་བསལ་གྱིས་ངོ་མཚར་ཞིག་རེད་དམ། དཔེར་ན། བྱ་གནམ་ལ་འཕུར་མ་ཐུབ་ན་སྐྱོན་དང་། འཕུར་ཐུབ་ན་དགེ་མཚན་དམིགས་བསལ་མེད་པ་ནང་བཞིན་རེད། དེ་ལྟར་བཤད་ན་ཁྱོས་གོ་རྒྱུ་རེད་མོད། མ་གཞི་ཁྱེད་རྩ་འཕར་ཆོག་ཆོག་དང་འུར་ལངས་སླ་བོ་ཞིག་ཡིན་པ་ཉིད་ཀྱིས་བྲིས་པའི་ཚིག་རིས་དག་ལས་མངོན་འདུག

  3. ཀརྡོ་རབ་འབྱམས་པ་ says:
    2017-07-15 at 6:44 am

    ་་་་་་་་་་་ ༧༽ “ང་རང་རྒྱ་རྒན་ཞིག་གི་ཆུང་མ་བྱ་མི་འདོད”ཟེར་བ་ནི་ཁོང་མོའི་མི་ཚེ་ཁྲེལ་ཡོད་ལ་བརྒྱུས་པའི་དམ་བཅའ་མགོ་མ་རེད་ལ་རླབས་ཆེན་གྱི་བརྩམས་ཆོས་ཐོག་མའང་ཡིན་པར་སྲིད། རིགས་ཀྱི་དུངས་པ་ནམ་ཡང་གྲང་མ་མྱོང་བའི་ཁོང་མོ་ནི་བོད་མོ་ཡོངས་དང་སྒོས་སུ་ཡིག་ངོ་ཆོད་མཁན་ཚང་མས་མིག་དཔེར་བཀུར་འོས་པར་སེམས།
    ༨༽ ཀྱེ་བོད་མོ་ཚོ། སྤྱིར་ན་རྒྱ་མི་རིགས་འདི་འགྲོ་བ་མིའི་རིགས་ཀྱི་བཟང་སྤྱོད་ངོས་ནས་བལྟས་ན་ཁོ་ཚོའི་མི་གཞིའི་ཀུན་སྤྱོད་ཆེས་ཐ་ཤལ་བ་ཨང་དང་པོར་བརྩིས་ཡོད། ་་་་་་་་་་་་་་་་

  4. མགར་རྡོར། says:
    2017-07-16 at 8:30 am

    སྟར་བུ་དམར་པོ་ལགས་ལ་ཞུ་གསོལ། ང་ནི་རིགས་ཀྱི་ཞེན་ཁོག་ལ་ཐུག་ངོ་མ་རྩ་འཕར་ཆོག་ཅིག་དང་འུར་ལངས་བ་ཞིག་ཡིན། ཁྱེད་ཀྱིས་བཤད་པ་བདེན་པ་རེད། ཡིན་ན་འང་རྩ་ལངས་རྒྱུ་མེད་པའམ་ལངས་མ་ཤེས་པ། ཡང་ན་ལངས་རྒྱུ་མེད་ཁུལ་བྱེད་མཁན་དག་ནི་ངོ་མི་ཆོད་པའི་ནད་འབུ་བཞིན་མི་རིགས་འདིའི་སྲོག་རྒྱུན་གཅོད་པའི་ཤི་གཤེད་དུ་འགྱུར་རོ།།

  5. མགར་རྡོར། says:
    2017-07-16 at 8:31 am

    ཐུག་ན

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (11)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme