Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བསམ་ཚུལ་གླེང་འདོད་བྱུང་།

Posted on 2017-07-092017-07-09 By ཁ་བརྡ་ 4 Comments on འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བསམ་ཚུལ་གླེང་འདོད་བྱུང་།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
 

འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་མང་གཙོའི་ལྟ་སྒྲུབ་དང་མཐུན་པའི་ཐོག་གང་ཟག་སྒེར་གྱི་བསམ་ཚུལ་གླེང་འདོད་བྱུང་།

དང་པོ་འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་སྐོར་མང་གཙོའི་རྒྱལ་ཁབ་སྤྱི་དང་མཐུན་པའི་ལམ་ལུགས་ནང་ང་ཚོ་ཁ་ཕྱོགས་མ་ཐུབ་ཚེ་འདས་པའི་བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་མཁན་ཞིག་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ཡོད་ན་ང་ཚོའི་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་ནས་གངས་རིའི་འཕྲོད་དུ་ཁེར་ཀྱང་དུ་རྒྱུན་རིང་ལྷག་ནས་ང་ཚོར་ད་ལྟའི་སུབ་ནས་ཟུབ་རྒྱུ་མེད་པའི་ཆབ་སྲིད་ཀྱིས་དཀའ་ངལ་འདི་འཕྲད་པ་ནས་ང་ཚོར་བསླབ་བྱ་ནན་པོ་ཞིག་ཀྱང་ཐོབ་ཡོད་པའི་ངོས་འཛིན་དང་བཅས་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ནང་སྔོན་འགྲོ་དང་དངོས་གཞི་གཉིས་མ་དགོས་པ་བྱས་ནས་མི་མང་ནས་འོས་ཐེངས་གཅིག་ལ་སྲིད་སྤྱི་གཉིས་འདམས་དགོས་པ་དང་། དེ་ཡང་སྔོན་འགྲོའི་འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་ཟུར་འཛུགས་གནང་ནས་སྲིད་སྐྱོང་ལ་འོས་དམིགས་མི་གྲངས་གསུམ་དང་ཆོས་ལུགས་རེར་འོས་དམིགས་མི་གྲངས་དྲུག་རེ་དང་ཆོལ་ཁ་རེར་འོས་དམིགས་མི་གྲངས་སུམ་བཅུ་རེ་དང་ཕྱི་རྒྱལ་ཁག་ལ་འོས་དམིགས་གོང་ལྟར་སྤྱི་འཐུས་རེར་འོས་དམིགས་མི་གྲངས་གསུམ་རེ་བཅས་སྟོན་ནས་དངོས་གཞི་མི་མང་ནས་འོས་འཕེན་དགོས་པ་དང་འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་ནང་བཀའ་ཤག་གི་སྐུ་ཚབ་དང་སྤྱི་འཐུས་ཀྱི་སྐུ་ཚབ་ཆོལ་ཁ་དང་ཆོས་ལུགས་ཀྱི་སྐུ་ཚབ་བཅས་ལས་སྒྲུབ་པའི་འོས་དམིགས་འདེམས་སྒྲུགས་ཚོགས་ཆུང་( Electoral College ) or Candidate Selection Committe འཛུགས་དགོས་པ་དང་ཆོལ་ཁ་དང་ཚོགས་སྐྱིད་ལུང་ཚན་སྐྱིད་སྡུག་མི་སྒེར་སོགས་ནས་འོས་དམིགས་འདོན་མི་ཆོག་པའི་ཁྲིམས་སྒྲིག་གཏན་འབེབས་གནང་དགོས་པ་བཅས་སྔོན་འགྲོ་དང་དངོས་གཞི་གཉིས་ཀ་མི་མང་ནས་འདམས་བཞིན་པའི་ལམ་ལུགས་འདིའི་གཞུང་མགྲོན་འཕར་མ་དང་མི་མང་ལ་བརྡབས་གསིག་མང་བ་ཕྱོགས་གཏོགས་དང་འགོ་འདྲེན་ལུང་ཚན་ཤོག་བསྒྲིལ་སྐབས་ཚོལ་ཚོར་སྒོ་སྐབས་མང་བ་དང་སྤྱི་ཚོགས་ནང་ལབ་རྒྱུ་དང་གླེང་རྒྱུ་མང་བ་མང་གཙོའི་རྒྱལ་ཁབ་སྤྱིའི་འོས་བསྡུའི་ལམ་ལུགས་དང་མ་མཐུན་པ་སོགས་དམིགས་གསལ་དགེ་ཚན་ཡོད་པ་མ་མཐོང་ན་མི་མང་ནས་འོས་ཐེངས་གཅིག་ལ་སྲིད་སྤྱི་འདམས་ཐུབ་པའི་འོས་བསྡུའི་སྒྲིག་གཞི་གཏན་འབེབས་གནང་དགོས་པ་དེ་ཁྲིམས་བཟོ་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱིས་གཡོལ་ཐབས་མེད་པའི་ཁྲིམས་བཟོའི་ལས་དོན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།

གཉིས་པ་བཙན་བྱོལ་སྤྱི་ཚོགས་ནང་བུད་མེད་ཀྱིས་ནུས་སྟོབས་དང་བུད་མེད་ལ་ཆེ་མཐོང་ཞུ་དགོས་པ་དེ་བོད་མིའི་ཡ་རབས་བཟང་སྤྱོད་དང་རྒྱལ་སྤྱིའི་ཆབ་སྲིད་འཕེལ་རིམ་སོགས་ལ་ང་ཚོའི་འགན་འཁུར་ནས་བུད་མེད་ལ་ཆེ་མཐོང་དང་བུད་མེད་ཀྱིས་ནུས་སྟོབས་སྤེལ་དགོས་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབས་པའི་སྲིད་ཇུས་ནུས་ལྡན་ཞིག་ཡིན་ན་སྐབས་གསུམ་པའི་སྲིད་སྐྱོང་དང་སྐབས་བཅུ་བདུན་པའི་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ལ་བུད་མེད་སླེབས་ཐུབ་པའི་འགན་དེ་དབུས་བོད་མིའི་སྒྲིག་འཛུགས་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཁག་དང་ཁྱབས་ཆེ་བའི་རྒྱ་ཆེ་མང་ཚོགས་བཅས་ནས་བུད་མེད་ལ་ཆེ་མཐོང་དང་བུད་མེད་ཀྱིས་ནུས་པ་སྤེལ་རྒྱུའི་ལས་འཆར་ལ་མཉམ་རུབ་གནང་ནས་བོད་ཀྱིས་བུད་མེད་ཀྱི་ལྷག་བསམ་དང་འགན་འཁུར་འཇོན་སྟངས་མཆོད་སེམས་སོགས་འཛམ་གླིང་མི་མང་གི་མདུན་སྟོན་ཐུབ་པའི་འགན་དེ་ང་ཚོས་དོན་དངོས་ལག་ལེན་དུ་བལྟར་དགོས་པ་དེ་ཁ་བཤད་དོན་ལ་གནས་དགོས་པ་དེ་གལ་ཆེན་དོན་ཆེན་ཞིག་ལ་ངེས་འཛིན་ཞུ་གི་ཡོད་།

གསུམ་པ་བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་མང་གཙོའི་ལྟ་སྒྲུབ་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་དེ་འཁོད་ཡོད་ལ་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཐ་སྙད་འདིའི་གོ་དོན་ཡང་མང་གཙོའི་རིག་པའི་གཞུང་ལུགས་ཀྱིས་ལྟ་སྒྲུབ་ནང་རྒྱལ་ཁབ་ཀྱི་དབུ་འཁྲིད་དང་སྲིད་གཞུང་གི་འགོ་འཁྲིད་དེ་དག་མི་མང་ནས་འདམས་པའི་མི་ཞིག་དགོས་པ་ལྟར་(in Democracy theory Republic means head of nation and head of state is elected by people), ཕྱི་ལོ་2011 ལོར་གོང་ས་མཆོག་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་རྒྱུའི་གསུང་འཕྲིན་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ལ་གནང་བའི་ནང་ང་ཚོའི་བཅའ་ཁྲིམས་ནང་ཡུལ་མིའི་རྒྱལ་ཁབ་ཟེར་བའི་ཚིག་འཁོད་ཡོད་པ་ལྟར་དེ་དང་ཕྱོགས་མཐུན་དགོས་སྐོར་ཕེབས་ཡོད་པ་དང་གོང་ས་མཆོག་ནས་སྲིད་དབང་མི་མང་ལ་རྩིས་སྤྲོད་གནང་བའི་རྗེས་སྤྱི་འཐུས་གྲོས་ཚོགས་སྐབས་བཅོ་ལྔ་ནས་ཡུལ་མིའི་རྒྱལ་ཁབ་ཟེར་བའི་མང་གཙོའི་རིག་པའི་གཞུང་ལུགས་དང་མཐུན་པའི་ཁྲིམས་མཐུན་གྱི་ཐ་སྙད་དེའི་ཚབ་ཏུ་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་གསར་པ་ལ་ཁ་ཕྱོགས་ནས་བཅའ་ཁྲིམས་བསྐྱར་བཅོས་གནང་བའི་ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་གང་གི་ལམ་ལུགས་དང་མཐུན་པ་ཞིག་ཡིན་དུས་ད་ལྟ་ཡང་ཤེས་མ་སོང་ལ་དོན་དངོས་ཐོག་ང་ཚོའི་མང་གཙོའི་ལམ་ལུགས་འདི་མང་གཙོ་སྤྱིའི་རིག་པའི་གཞུང་ལུགས་དང་མཐུན་པའི་ཡང་དག་པའི་མང་གཙོའི་ལྟ་སྒྲུབ་ནང་ང་ཚོ་འཚོ་དགོས་པ་ནི་དུས་རབས་ཀྱི་འཕེལ་རིམ་ལ་ང་ཚོ་ཁ་ཕྱོགས་དགོས་པ་དེ་འདས་པའི་ང་ཚོའི་སྤྱི་ཚོགས་ཀྱིས་གནས་བབས་ནས་ང་ཚོར་སློབ་གསོ་ཐོབ་འོས་པ་ཞིག་མ་རེད་དམ་???

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་2017/7/9

བསམ་ཚུལ།

Post navigation

Previous Post: རྒྱལ་བ་ཀརྨ་པ་མཆོག་ལ་བཅར་འདྲི།
Next Post: ཡུལ་སྐད་དང་ཡིག་སྐད།

Comments (4) on “འོས་བསྡུའི་སྒྲིག་གཞི་དང་འབྲེལ་བའི་བསམ་ཚུལ་གླེང་འདོད་བྱུང་།”

  1. གཡུ་ཐོག says:
    2017-07-11 at 4:52 am

    བཙན་བྱོལ་བུད་མེད་རྣམས་ནས་སྲིད་སྤྱི་གཉིས་ཀྱི་འོས་མིར་བསླེབས་ཐུབ་མེད་པ་དེའི་རྒྱུ་མཚན་བུད་མེད་ཀྱི་ནུས་སྟོབས་དང་ཐོབ་ཐང་ཞན་པས་རེད་སྙམ་གྱི་མིན་འདུག དྲང་པོ་བཤད་ན་བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྐྱོང་བྱེད་ཐུབ་པའི་བུད་མེད་འོས་དམིགས་སུ་ཡོད། ཚང་མས་བུད་མེད་ཀྱི་ཐོབ་ཐང་དང་ནུས་སྟོབས་ཀྱང་རྩོད་པ་མ་གཏོགས་བུད་མེད་ཀྱི་ལས་འགན་དང་འགན་དབང་བཅས་གླེང་མཁན་སྤྱི་ཚོགས་ནང་དཀོན་པོ་རེད་འདུག

  2. བསེ་རུ་ཟང་ཐལ། says:
    2017-07-18 at 11:37 am

    གཡུ་ཐོག་ལགས། ཐུགས་འཕྲལ་ཁྱོན་ནས་གནང་མི་དགོས་པ་འདུག བུད་མེད་ཀྱི་ལས་འགན་དང་འགན་དབང་རྐུབ་སྟེགས་དང་མཐོ་གོ་ས་ལ་རྩོད་པའི་ཆེད་དུ། བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཆེད་མངགས་བཀའ་ཤག་ནས་བསམ་བཞིན་དུ་འཆར་གཞི་དང་ལྡན་པའི་ཐོག་ནས་སྲིད་སྐྱོང་བློ་སེང་ལགས་སོགས་དང་ཁ་མཐུན་གྱིས། བཀའ་བློན་གྱི་ལས་འཁུར་ཤིན་ཏུ་ལེགས་པོ་གནང་མུས་དེ་ནས་གཡོལ་ནས་བཞུགས་ཡོད་ལགས། ཁོང་དེང་སྐབས་དུག་སྦྲུལ་དགུན་དུས་ས་འོག་ཏུ་འཛུལ་ཉལ་བྱས་ནས་དབྱར་དུས་དྲོད་དུས་ས་སྟེང་དུ་སླེབས་ཡོང་པ་ལྟར་འཆར་གཞི་སྒྲིག་ནས་བསྡད་ཡོད་རེད། སྐབས་རྗེས་མའི་སྲིད་སྐྱོང་གི་བུད་མེད་འོས་མི་རེད། ལྟོས་ཨང་། བོད་མི་དམངས་ཚོ། ད་ཡིན་ན་ལྟད་མོ་མཐོང་གི་རེད། བཙན་བྱོལ་བོད་མིའི་སྲིད་དོན་པ་ཚོར་ངོ་ཚ་ཁྲེལ་ཡོད་ནི་མེད། རང་གི་རྐུབ་སྟེགས་ལ་ཐུག་དུས་༧རྒྱལ་བ་རིན་པོ་ཆེ་ཁོང་ཚོས་རྩེད་ཆས་ལྟ་བུར་བརྩི་འགྲོ་བ་ང་ཚོང་མཐོང་མྱོང་བྱུང་མ་སོང་ངམ། །

  3. ཨ་འབར་འཇིགས་དབང་། says:
    2017-08-10 at 11:04 pm

    ༄༅། དངོས་གནས་རེད། མ་འོངས་པའི་སྲིད་སྐྱོང་དེ་རྒྱ་རི་སྒྲོལ་མ་ལགས་རེད། ད་ལྟ་ངལ་གསོ་བསྐྱོན་ནས་བཞུགས་ཡོད་པ་རེད། རྒྱ་རི་སྒྲོལ་མ་ལགས་ཐུགས་སེམས་ཕྲན་བུ་ཆུང་དྲག་མ་གཏོགས་ རང་རེའི་སྤྱི་ཚོགས་ནང་ཕྱག་ལས་མང་པོ་གནང་ཚར་བ་རེད། ལྟ་བ་ཡང་ཡག་ཐག་ཆོད་ཡོད་པ་རེད།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-08-11 at 10:57 am

    མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཕོ་མོ་འདྲ་མཉམ་་ཟེར་བའི་སྲིད་ཇུས་དང་ཐ་སྙད་ལ་ང་ཚོའི་འགན་འཁུར་ནས་སྔོན་འཐོན་བྱ་དགོས་པ་ནི་སྔོན་འཐོན་དང་རྗེས་ལུས་ཀྱི་རྣམ་བཞག་ནས་ང་ཚོར་ངོ་སྤྲད་པ་ཞིག་མ་རེད་དམ་?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme