Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་ལྐུགས་པ་ཞིག་ཡིན་ནམ།

Posted on 2008-11-262013-05-13 By དགེ་རབ་ 6 Comments on ང་ལྐུགས་པ་ཞིག་ཡིན་ནམ།

དགེ་འདུན་གྱིས།
རང་ཉིད་ནི་ཆབ་སྲིད་ཀྱི་གོ་རྟོགས་མེད་མཁན་ཞིག་ཡིན་པའི་ཆ་ནས། “ང་ལྐུགས་པ་ཞིག་ཡིན་ནམ་” ཞེས་པའི་དྲི་བ་འདི་རང་ཉིད་ལ་དུས་རྒྱུན་ནས་བཏང་མྱོང་ལ། ཐེངས་འདིའི་ཚོགས་ཆེན་རྗེས་སུའང་དྲི་བ་འདི་གཏོང་བཞིན་ཡོད། ཚོགས་ཆེན་འདི་མ་འཚོགས་གོང་། བོད་རྒྱའི་བར་གྱི་གནས་སྟངས་འདི་ “ཨ་ཆད་འུ་ཐུག་ཏུ་གྱུར་འདུག ད་ཅི་བྱེད་”ཅེས་མི་མང་ལ་སྐད་ཆ་དྲིས་པ་རེད། མི་མང་གིས་ “མུ་མཐུད་ནས་དབུ་མའི་ལམ་ཡིན། ༧རྒྱལ་བ་རིན་པོ་ཆེའི་དགོངས་བཞེད་ལྟར་བྱེད་ཀྱི་ཡིན། དུས་བཀག་ནང་ཚུན་འབྲས་བུ་མ་བྱུང་ཚེ་རང་བཙན་གྱི་སྒོ་ཕྱེ་ཡོད།”ཅེས་ལན་བཏབ་པ་རེད། ངས་འདི་ལ་སྟབས་བདེའི་དཔེར་བརྗོད་ཅིག་འཇོག ཁྱིམ་ཚང་གཅིག་གི་པ་ཕས། “ད་ང་ཚོ་ལ་ཟ་ཆས་རྫོགས་འདུག ད་ཅི་བྱེད།”ཅེས་ཁྱིམ་མི་རྣམས་ལ་གོ་བསྡུར་བྱས་པ་རེད། ཁྱིམ་མི་ཚོ་ཛ་དྲག་གིས་འཚོགས་ནས། “ང་ཚོས་ མོག་མོག་ཟ་གི་ཡིན། གལ་སྲིད་མོག་མོག་དུས་ལྟར་མ་བྱུང་ན། ང་ཚོས་ཐུག་པ་འཐུང་གི་ཡིན།”ཞེས་ལན་བཏབ་པ་རེད། འདི་ “གྲུབ་འབྲས་ལྡན་པའི་”ཚོགས་འདུ་ཞིག་རེད་དམ། ངེད་ཀྱི་བསམ་ཚུལ་ལྟར་ན། ང་ཚོ་ལ་ཟ་ཆས་འཚོལ་བའི་ཐབས་ལམ་དགོས་ཀྱི་ཡོད་པ་རེད། “ངེད་ཀྱིས་གསེར་གྱི་མཛུབ་དཀྲིས་བཙོང་ནས་གྲོ་ཕྱེ་ཉོ་གི་ཡིན། ཁྱེད་ཀྱིས་ལས་ཀ་ཞིག་བྱས་ཏེ་ཤ་ཉོ་ཐབས་གྱིས། དེ་ནས་ང་ཚོས་ཐུག་པ་དང་ཡང་ན་མོག་མོག་གང་ཡིན་ཡང་བཟོ་ཆོག་གི་རེད།” འདི་འདྲའི་ཐབས་ལམ་ཞིག་གི་སྐོར་ལ་ཚོགས་ཆེན་གྱིས་གྲོས་མོལ་བྱེད་དགོས་པ་རེད། མ་རེད་དམ།

དབུ་མའི་ལམ་འདམ་རྒྱུ་ལ་ཚོགས་ཆེན་འཚོགས་དགོས་པ་ཨེ་ཡོད། དབུ་མའི་ལམ་གྱི་ཐབས་ལམ་ད་ཡོད་དེ་ཚོས་གྲུབ་འབྲས་འབྱིན་མ་ཐུབ་སྟབས། ཐབས་ལམ་གསར་པ་གང་ཡོད་དང་ཇི་ལྟར་ལག་ལེན་ལ་འདེབས་མིན་གྱི་སྐོར་ལ་ཚོགས་ཆེན་གྱིས་བསམ་ཚུལ་འདོན་དགོས་པ་རེད། རང་བཙན་འདམ་རྒྱུ་ལ་ཚོགས་ཆེན་འཚོགས་དགོས་པ་ཡོད་མ་རེད། རང་བཙན་སྒྲུབ་པའི་ལམ་ཁ་འདི་དང་དེ་ཞེས་ཚོགས་ཆེན་གྱིས་བགྲོ་གླེང་བྱེད་དགོས་པ་རེད། ངས་ཚོགས་ཆེན་གྱི་ཐོག་ནས་འདི་འདྲའི་སྐད་ཆ་བཤད་རབས་གོ་མ་བྱུང་།
ཡིན་ན་ཡང་ཚོགས་ཆེན་མཇུག་སྡོམ་གྱི་གསུང་བཤད་དུ་༧རྒྱལ་བ་རིན་པོ་ཆེས་བཀའ་སློབ་གནང་འདུག  ༧སྐྱབས་མགོན་རིན་པོ་ཆེས་གཞིས་ཆགས་མུ་མཐུད་ནས་གནས་ཐབས་དང་།སློབ་གྲྭ་ཁག་གི་ཤེས་ཡོན་གོང་འཕེལ་དུ་གཏོང་ཐབས།ཆབ་སྲིད་ཀྱི་ཐོག་ནས་རྒྱ་རིགས་མི་མང་ལ་འབྲེལ་བ་བྱེད་དགོས་སྐོར་སོགས་བཀའ་སློབ་བསྩལ་འདུག  འདི་དག་ནི་ང་ཚོས་རང་གི་དམིགས་ཡུལ་ཅིག་བཞག་པ་དེ་ཇི་ལྟར་སྒྲུབ་པའི་ཐབས་ལམ་གྱི་ཁོངས་གཏོགས་རེད།  

 

ཐབས་ལམ་འདིའི་སྐོར་གྱི་དྲི་བ་མང་པོ་ལ་ད་དུང་ལན་འདེབས་བྱས་མེད་པ་རེད།དྲི་བ་དེ་དག་ལ་ང་ཚོས་མི་རིང་བར་བགྲོ་གླེང་བྱེད་དགོས་པ་ནི་གོར་མ་ཆག  དཔེར་ན་རྒྱ་རིགས་ལ་འབྲེལ་བ་བྱེད་པ་ཞེས་པ་འདི་གཅིག་པུའི་ཐོག་ལའང་གཞུང་གིས་གང་ཞིག་བྱེད་རྒྱུ་ཡིན་པ་དང་མི་མང་གིས་གང་ཞིག་བྱེད་རྒྱུ་ཡིན་པ།བོད་ནང་ནས་གང་ཞིག་བྱེད་ཐུབ་པ་དང་བོད་ཕྱི་ནས་གང་ཞིག་བྱེད་ཐུབ་པ་འདི་ཚོའི་སྐོར་རེད།  གོ་ཐོས་ལ་བོད་མི་གཅིག་གིས་གྲོན་དངུལ་བཏང་ནས་བོད་མི་ཚོས་རྒྱ་རིགས་དང་ལྷན་དུ་དྲ་རྒྱའི་ཐོག་གླེང་མོལ་བྱེད་བཅུག་ཡོད་པ་རེད་ཟེར།འདི་ལྟ་བུའི་བྱེད་ཐབས་ཡོད་དགོས་པ་རེད།གསར་འབྱོར་བ་སྟོང་ཕྲག་འགའ་རེ་འབྱོར་བཞིན་པ་ཚོའི་ནུས་པ་བེད་སྤྱོད་གཏོང་ཐུབ་བམ།  ད་ལྟའི་འབྲེལ་མོལ་བྱེད་མཁན་གྱི་ལས་བྱ་ལ་འགྱུར་བ་གཏོང་དགོས་སམ།རྡ་རམ་ས་ལའི་ལས་ཁུངས་ནང་རྒྱ་ནག་ལ་འབྲེལ་བ་བྱེད་པའི་ལྷན་ཁང་རྒྱ་བསྐྱེད་གཏོང་དགོས་སམ།ཆབ་སྲིད་ཀྱི་ཐོག་ནས་རིང་མིན་གྲུབ་འབྲས་མ་ཐོབ་ན་ཡང་རིག་གཞུང་གི་ཐོག་ནས་བོད་ནང་དུ་ས་ཆ་འཛིན་ཐུབ་པ་ཞིག་ཡོང་ངམ།བོད་ཕྱི་ནང་གི་བོད་མིའི་བར་གྱི་འབྲེལ་བ་ཇེ་ཆེ་དང་ཇེ་བརྟན་དུ་གཏོང་བའི་ལམ་ཁ་འཚོལ་དགོས་སམ།བོད་ནང་གི་བོད་མི་ཚོར་ཤེས་ཡོན་གོ་རྟོགས་སྤེལ་བ་དང་འབྲེལ་བ་ནར་མར་བྱེད་པའི་ལྷན་ཁང་ཞིག་ལོགས་སུ་འཛུགས་དགོས་སམ།  དེང་རབས་ཀྱི་བརྒྱུད་ལམ་གསར་པ་རིགས་བེད་སྤྱོད་གཏོང་བའི་ཐོག་ནས་འབྲེལ་བ་བྱེད་དགོས་པ་གང་དང་གང་ཡོད་སོགས་འདི་འདྲའི་དྲི་བ་མང་པོ་ཞིག་འདུག 

 

བོད་རང་བཙན་ཤོར་ནས་མི་ལོ་༥༠ཕྱིན་པའི་རིང་དེར་ང་ཚོའི་དམིགས་ཡུལ་ཐོག་གོམ་པ་རྒྱག་པའི་ཐབས་ཤེས་ལ་འབྲས་བུ་མ་བྱུང་བ་འདི་ལ་བསྐྱར་ཞིབ་ཀྱིས་ཐབས་ལམ་གསར་པ་དང་།  དུས་དང་མཐུན་པའི་ཐབས་ལམ་ཞིག་བསྟེན་རྒྱུ་ནི་གནད་དུ་ཆེ་འདུག་སྙམ།  ཡིན་ན་ཡང་།མཚམས་འདིར་ “ང་ནི་ལྐུགས་པ་ཞིག་ཡིན་ནམ་”ཞེས་པའི་དྲི་བ་ལ་ང་སླར་ཡང་འཐམས་དགོས་བྱུང་། 

རྩོམ་རིག

Post navigation

Previous Post: ཚོགས་ཆེན་དེ་ཡག་པོ་བྱུང་སོང་ཟེར།
Next Post: བོད་ཀྱི་མི་འབོར།

Comments (6) on “ང་ལྐུགས་པ་ཞིག་ཡིན་ནམ།”

  1. རྡོ་རྗེ་བྲག says:
    2008-11-26 at 4:00 pm

    སྲིད་དོན་པ་ཚོས་མི་སེར་ནམ་ཡང་ལྐུགས་པ་བཟོ་འཇོག་གི་རེད། ད་རེས་ཀྱི་ཚོགས་འདུ་ཡག་པོ་བྱུང་སོང་ཟེར་མཁན་ཚོ་ནི་སྲིད་དོན་འཁྲབ་མཁན་མིན་ན་སྲིད་དོན་ལྐུགས་པ་ཚོ་རེད།
    ཚོགས་འདུ་ཡག་པོ་བྱུང་སོང་ཟེར་རམ། ཚོགས་འདུ་འདི་ད་ལོ་བོད་དུ་བྱུང་བའི་ངོ་རྒོལ་གྱི་རྒྱུ་རྐྱེན་བརྩད་གཅོད་དང་རྒྱལ་སྤྱིའི་ཐོག་གི་བོད་ཀྱི་གནས་བབས་ཀྱི་སྐོར་ལ་བསམ་ཚུལ་བསྡུ་ལེན་གྱི་ཚོགས་འདུ་ཞིག་རེད།
    གནད་དོན་འདི་གཉིས་ཀྱི་ཐོག་ལ་ཚོགས་འདུ་འཚོགས་ནས་ཡག་འཇོག་ས་ག་རེ་ཡོད་པ་རེད།
    ལྟོས་དང་། འཇམ་ནོར་ལྟ་བུ་ཡང་འདོད་པ་ཁེངས་ཡོད་པ་རེད། འདི་ཡག་རྟགས་ཤིག་ག་ལ་ཡིན། ཁོ་རྒྱ་བོད་གཉིས་ཀྱི་བར་དུ་དབུ་མའི་ལམ་གྱི་ཐོག་ནས་འབྲེལ་མོལ་བྱེད་མཚམས་བཞག་པ་དེར་འདོད་པ་ཁེངས་ཡོད་པ་རེད། བོད་ཀྱི་ཕྱོགས་ནས་འབྲེལ་མོལ་མཚམས་བཞག་སྟེ་བོད་དོན་གྱི་ཐོག་ལ་ཡར་རྒྱས་ཅི་ཞིག་འབྱུང་བར་རེ་སྒུག་བྱེད་རྒྱུ་ཡིན་པ་འདྲ། ཡིན་ནའང་རྒྱ་རི་ཡིས་འབྲེལ་མོལ་དང་གྲོས་མོལ་གྱི་ངོ་བོ་བསྲེས་བསྲེས་བཏང་སྟེ་སྐྱག་པའི་ནང་ལ་རྡོ་གཡུག་པ་བཞིན་ད་ནི་བོད་དོན་ལ་ཐུག་ས་རེག་ས་མི་འགྲོ་བ་ཞིག་བཟོས་ཚར་ཡོད་པ་རེད། རང་བཙན་མ་གཏོགས་ཆོས་འཇིག་རྟེན་གཉིས་ཀྱི་གནས་ཚུལ་ག་རེའི་ཐོག་ལ་ཡིན་ནའང་ཁ་ནས་བཤད་རྒྱུ་དང་ལག་ནས་ལས་རྒྱུ་གཉིས་ཀྱི་བར་ནས་གནམ་སའི་ཧེ་བག་ཤོར་གྱི་རེད། རབ་གསལ་གྱི་སེམས་ལ་ཤར་བའི་གོང་གི་དྲི་བ་དེ་དག་བོད་གཞུང་གི་ས་དབང་ཆེན་མོ་ཚོའི་སེམས་ལ་ཤར་མ་ཐུབ་པ་ག་རེ་རེད་དམ། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་ཚོགས་འདུ་འདི་རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་ཇི་བཞིན་བྱུང་མ་སོང་བསམ་བསམ་ཞིག་འདུག་ཟེར་བ་དེར་བསམ་བློ་གཏོང་འོས་པ་ཞིག་འདུག
    འབྲུག་གྲགས་ཚོད་ཀྱིས་ཆར་འབབ་རྒྱུ་མེད་རུང་། ད་དུང་ཡོད་མདོག་བྱེད་ན། གཞིས་ལུས་མི་དམངས་ལ་རེ་བ་བརྫུན་མ་བསླངས་ན་སྙིང་རྗེ་བསམ་ནས། རྡ་རམ་ས་ལའི་བྱེད་སྟངས་ཀྱི་ཐོག་ལ་ཁ་བཙུམ་ནས་མི་འདུག་ཁོ་ཐག་ཡིན།

  2. བོད། ཤ་ཁྲག་རུས་གསུམ། says:
    2008-11-26 at 6:59 pm

    ཁྱེད་རང་ལྐུགས་པ་ཞིག་རེད་མི་འདུག ཡིན་ཡང་་་་

  3. གཡང་སྐྱབས་རྒྱལ། says:
    2008-11-26 at 7:26 pm

    ཡིན་ན་ཡང་། གནས་ཚུལ་འདི་དག་བཤད་དགོས་པ་ཞིག་མ་རེད་ཟེར་བ་ཡིན་ནམ

  4. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    2008-11-27 at 3:46 am

    དགེ་འདུན་རབ་གསལ་ལགས། ཁྱོས་བཤད་ནོ་ཧ་ཅང་འགྲིག་གི་ དོན་སྙིང་ཡོད་ཀི་ དེར་བརྟེན་ཁྱོད་ལྐུགས་པ་ཞིག་གཏན་ནས་མ་རེད། མཁས་པ་ཞིག་རེད། མཁས་པ་ཆེན་པོ་ཞིག་རེད། མཁས་པ་ཞིག་ཡིན་ན་དམངས་ཚོགས་དཀྱུས་མས་དྲན་མ་མྱོང་བ་ཞིག་གམ་ཡང་ན་དྲན་མ་ཐུབ་པ། ཡང་ན་མི་གང་བྱུང་གིས་ཤོད་མི་ཕོད་པ་ཞིག་བཤད་ནས་ཤེས་རྨོངས་ཀྱི་མལ་ནས་མི་རྣམས་ལང་དུ་འཇུག་དགོས་པ་དེ་རེད། དེར་བརྟེན་འཇིག་རྟེན་ན་རྩོམ་པ་པོའམ་མཁས་པ་ཞིག་ཡིན་ན་ནི་མི་སྤྱི་ཚོགས་ཀྱི་སྣེ་འཁྲིད་པ་ཞིག་ཡིན་དགོས་ཞེས་བཤད་ཡོད་པ་རེད། འོན་ཀྱང་ང་ལ་དོགས་འདྲི་ཞིག་ཡོད་པ་ནི། ཁྱོད་ཀྱིས་བསམ་ཚུལ་ཡག་པོ་འདི་ཁུར་ནས་ཁྱོད་ཚོགས་ཆེན་འདི་ལ་ཞུགས་ཡོད་དམ་མེད། གལ་སྲིད་ཁྱོད་ཀྱིས་བསམ་ཚུལ་ཡག་པོ་འདི་ཁུར་ནས་ཚོགས་ཆེན་སྟེང་ཞུགས་མ་ཐུབ་ཚེ་ང་ལ་ངོ་མ་འགྱོད་པ་སྐྱེས་ཀི་ གལ་སྲིད་ཁྱོད་ཚོགས་ཆེན་སྟེང་ཞུགས་ཐུབ་མེད་ན་ང་ལ་ལས་འདེད་བྱ་འདོད་མི་འདུག མི་སུ་ཡིན་ཡང་སྐབས་རེ་གནས་ཚུལ་དེ་འདྲ་འབྱུང་སྲིད་པ་ངས་མངོན་ཆད་ནས་ཤེས་ཡོད། འོན་ཀྱང་ང་ཚོས་རྗེས་ཕྱོགས་འདི་འདྲའི་གོ་སྐབས་རྩ་ཆེན་གང་ཐུབ་ཅི་ཐུབ་ཀྱིས་ལེན་དགོས་ཀི་ཟེར་རྒྱུ་དི་ཡིན།

  5. བོད། ཤ་ཁྲག་རུས་གསུམ། says:
    2008-11-27 at 4:09 am

    ངས་གནས་ཚུལ་དེ་ནི་བཤད་མི་རུང་བ་ཞིག་རེད་ཅེས་བཤད་རྒྱུ་མ་དགོས་ཡིད་དུ་ཡང་མ་ཤར་བ་ཞིག་ཁྱེད་རང་གིས་ང་ལ་དེ་ལྟར་བཤད་དོན་ཅི་ཡིན། རྣམ་དོག་ཅན་འདི་ཚོ་རྒྱ་གཤིས་འདུག རྒྱ་ལ་རྣམ་དོག་ཆེ་བ་གོ་མྱོང་ཡོད་པ་ལས་བོད་ལ་རྣམ་དོག་ཆེ་བ་གོ་བ་ཉུང་ཉུང་ཡིན། ཁྱེད་རང་ཡང་ཉུང་ཉུང་དེའི་ནང་གི་གཅིག་ཡིན་ནི་མིན་ན། ཨ་རོགས་གཡང་སྐྱབས་རྒྱལ།

  6. Karchen says:
    2008-11-27 at 8:55 am

    It is good question that you asked for yourself and other Tibetans. It is obvious that you are not dumb, but they are making people dumb and people are losing their free voices.

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme