Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁ་ན་ཊའི་སྦི་སི་མངའ་སྡེའི་ནང་གནས་སྡོད་བོད་མིས་རྒྱལ་སྟོན་རུ་སྒྲིག་ནང་ཆ་ཤས་བླངས་པ།

Posted on 2017-07-032017-07-03 By ཁ་བརྡ་ 1 Comment on ཁ་ན་ཊའི་སྦི་སི་མངའ་སྡེའི་ནང་གནས་སྡོད་བོད་མིས་རྒྱལ་སྟོན་རུ་སྒྲིག་ནང་ཆ་ཤས་བླངས་པ།

ཁ་ན་ཊའི་ནུབ་རྒྱུད་དུ་ཆགས་ཡོད་པའི་སྦིར་ཊེ་ཞཱི་ཁཱོ་ལུམ་སྦི་ཡ་(British Columbia)མངའ་སྡེའི་ནང་གནས་སྡོད་སྦི་སི་བོད་མིའི་རིག་གཞུང་ཚོགས་པས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་ལམ་ཞུས་པ་བརྒྱུད། ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་རྔམ་སྟོན་རུ་སྒྲིག་ནང་བོད་མི་རྣམས་ཀྱིས་ཐོག་མའི་མཉམ་ཞུགས་ཀྱི་ཆ་ཤས་བླངས་ཡོད།

ཁ་ན་ཊའི་གྲོང་ཁྱེར་ཁག་དང་ས་གནས་ཁག་ན་གདོད་མའི་མི་རིགས་ཀྱི་འཚོ་གནས་དང་སེམས་ཁམས། གཞན་ཡང་དད་མོས་སོགས་དང་འབྲེལ་བའི་སྒྱུ་རྩལ་རིག་གནས་ནི་རྒྱལ་ཁབ་ཀྱི་མཚོན་རྟགས་རིག་གནས་ལྟ་བུར་བེད་སྤྱོད་བྱས་ཡོད་པ་མཐོང་རྒྱུ་ཡོད། དེ་ནི་རྒྱལ་ཁབ་ཀྱི་རིག་གཞུང་གི་ཆ་ཤས་གལ་ཆེན་ཞིག་ཏུའང་ངོས་འཛིན་བྱེད་ཀྱི་འདུག  ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་ཁབ་འདི་ནི་མི་རིགས་སྣ་ཚོགས་འདུས་སྡོད་དང་འབྲེལ་ནས་རིག་གཞུང་སྣེ་མང་གི་ཁྱད་ཆོས་ལྡན་པ་ཞིག་ཀྱང་ཡིན་པ་དེ་ཡང་རྒྱལ་ཁབ་འདིའི་ཁྱད་ཆོས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག

རྒྱལ་ཁབ་འདིར་གནའ་བོའི་གདོད་མའི་མི་རིགས་དང་། ཡུ་རོབ་དང་ཨེ་ཤ་ཡ་སོགས་ཀྱི་རྒྱལ་ཁབ་དང་ཡུལ་ལུང་འདྲ་མིན་ནས་མི་རིགས་སྣ་ཚོགས་ཤིག་ཡུལ་འདིར་སྐྱབས་བཅོལ་དུ་སླེབས་ནས་རིམ་བཞིན་རིག་གཞུང་སྣེ་མང་དར་ཡུལ་དང་། མི་རིགས་སྣ་ཚོགས་འཚོ་སྡོད་བྱེད་སའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་ཅེས་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་གསལ།

སྤྱི་ལོ་ ༡༨༦༧ ལོའི་ཟླ་ ༧ ཚེས་ ༡ ཉིན་ཁ་ན་ཊ་དབུ་བརྙེས། དེ་ནས་བཟུང་ལོ་རེའི་ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་དེར་རྒྱལ་ཁབ་ཀྱི་འཁྲུངས་སྐར་སྲུང་བརྩི་བྱེད་ཀྱི་ཡོད་པ་དང་། ད་ལོ་ནི་རྒྱལ་ཁབ་དབུ་བརྙེས་ནས་བགྲང་བྱ་བརྒྱ་དང་ལྔ་བདུ་འཁོར་ཡོད་པ་རེད། རྒྱལ་སྟོན་དུས་ཆེན་སྲུང་བརྩིའི་ཆ་ཤས་གལ་ཆེ་གྲས་ཤིག་ལ། མི་རིགས་སྣ་ཚོགས་དང་རིག་གཞུང་སྣ་ཚོགས་མཉམ་གནས་དང་། རང་དབང་ངང་འཕེལ་རྒྱས་ཀྱི་རྣམ་པ་མཚོན་ཆེད་མངའ་སྡེ་ཁག་ཏུ་མི་རིགས་སྣ་ཚོགས་ཀྱིས་རང་རང་གི་རིག་གཞུང་མཚོན་པའི་རུ་སྒྲིག་རྔམ་བརྗིད་དང་ལྡན་པ་སྤེལ་སྲོལ་ཡོད། འདི་ནི་རྒྱལ་ཁབ་ཀྱི་རྒྱལ་ས་དང་། མངའ་སྡེ་ཁག་གི་རྒྱལ་ས། གྲོང་ཁྱེར་ཆེ་ཁག་བཅས་སུ་ཡོངས་ཁྱབ་ལྟ་བུར་སྤེལ་གྱི་ཡོད་པའི་མཛད་སྒོ་ཞིག་ཀྱང་རེད།

ཁ་ན་ཊའི་ནུབ་རྒྱུད་དུ་ཆགས་ཡོད་པའི་སྦིར་ཊེ་ཞཱི་ཁཱོ་ལུམ་སྦི་ཡ་(British Columbia)མངའ་སྡེའི་ནང་གནས་སྡོད་སྦི་སི་བོད་མིའི་རིག་གཞུང་ཚོགས་པས་འབྲེལ་ཡོད་ལས་ཁུངས་ལ་འབྲེལ་ལམ་ཞུས་པ་བརྒྱུད། ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་རྔམ་སྟོན་རུ་སྒྲིག་ནང་ཐོག་མར་འཛུལ་ཞུགས་བྱས་ཡོད།

ད་རེས་ཀྱི་རྔམ་སྟོན་རུ་སྒྲིག་ནང་ཞུགས་པའི་སྐབས་སུ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྐྱབས་མགོན་༸གོང་ས་ཡིད་བཞིན་ནོར་བུའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་ཞུ་དང་། བོད་ཀྱི་རྒྱལ་དར། ནང་པའི་ཆོས་དར། ཁ་ན་ཊའི་རྒྱལ་དར་བཅས་འཁྱེར་ཞིང་། འབུལ་རྡུང་རོལ་དབྱངས།  མི་གྲངས་རྒྱས་བཅད་ཀྱི་གྲངས་ཚད་མི་འགྲོ་དག་གིས་བོད་ཀྱི་སྲོལ་རྒྱུན་གཟབ་འཆོར་སྤྲས་པ། དེ་ཡང་སེར་མོ་བ་རྣམ་པས་ཆོས་ཕྱོགས་ཀྱི་རིག་གནས་དང་། སྐྱ་བོ་ཕོ་མོ་དག་གིས་སྐྱ་བོའི་རིག་གནས་མཚོན་པར་བྱས་པའི་རུ་སྒྲིག་ལ་ས་གནས་མི་མང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་ཆེན་པོ་བྱས་སོང་བའི་གསར་གནས་སུ།

 

གསར་གནས་མཁོ་འདོན་གནང་མཁནཿ སྦི་སི་བོད་མིའི་རིག་གཞུང་ཚོགས་པ།

 

གསར་འགྱུར།

Post navigation

Previous Post: རང་དབང་བསུ་བའི་ཐོ་རེངས་སྐར་ཆེན་ལིག་ཞོ་པོ།
Next Post: མི་རིགས་ཀྱི་སྐད་ཡིག་འདི་ཕྱོགས་ཐམས་ཅད་ནས་སྲུང་སྐྱོབ་བྱེད་དགོས།

Comment (1) on “ཁ་ན་ཊའི་སྦི་སི་མངའ་སྡེའི་ནང་གནས་སྡོད་བོད་མིས་རྒྱལ་སྟོན་རུ་སྒྲིག་ནང་ཆ་ཤས་བླངས་པ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-07-03 at 4:15 pm

    རྒྱལ་ཁབ་རེ་ལ་ལམ་ལུགས་རེ་།
    སྤྱི་ཚོགས་རེ་ལ་འཕེལ་རིམ་རེ་།
    བླ་མ་རེ་ལ་ཆོས་ལུགས་རེ་།
    དཔོན་པོ་རེ་ལ་ཁྲིམས་ལུགས་རེ་།
    དགེ་རྒན་རེ་ལ་སློབ་ལུགས་རེ་།
    སློབ་ཕྲུག་རེ་ལ་སྦྱངས་ལུགས་རེ་།
    དམག་དཔོན་རེ་ལ་དམག་ཇུས་རེ་།
    རྟ་ཕོ་རེ་ལ་རྒྱུགས་ལུགས་རེ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme