Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༼དགེ་སློབ་གླེང་སྟེགས༽(www.gyelob.net)་དྲ་ཚིགས་ངོ་སྤྲོད་དང་རྩོམ་པ་པོ་ཚོར་འབོད་སྐུལ།

Posted on 2010-05-212010-05-21 By དབང་ཕྱུག་ 6 Comments on ༼དགེ་སློབ་གླེང་སྟེགས༽(www.gyelob.net)་དྲ་ཚིགས་ངོ་སྤྲོད་དང་རྩོམ་པ་པོ་ཚོར་འབོད་སྐུལ།

༼དགེ་སློབ་གླེང་སྟེགས༽
(www.gyelob.net)

བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་འདིར། དྲ་རྒྱའི་འཕེལ་རིམ་ལ་བལྟས་པ་ཡིན་ན། དེ་ནི་ལོ་ངོ་མང་པོའི་ལོ་རྒྱུས་དང་ལྡན་པ་གང་ཡང་མ་རེད། དེ་བས་ཀྱང་བོད་ཡིག་གི་དྲ་ཚིགས་བྱུང་ནས་ལོ་ངོ་མང་པོ་སོང་མེད། ཡིན་ནའང་། འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། འཕེལ་རྒྱས་དེར་དབྱེ་བ་ཞིག་ཕྱེས་པ་ཡིན་ན། གསར་འགྱུར་གཙོ་བོར་བྱེད་པའི་དྲ་ཚིགས། རྩོམ་རིག་གཙོ་བོར་བྱེད་པའི་དྲ་ཚིགས་སོགས་རིགས་དང་རྣམ་གྲངས་ཀྱང་མང་པོ་ཞིག་ཆགས་ཡོད། འདི་དག་ཚང་མ་བོད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་མ་འདྲ་བ་རེ་རེའང་ཆགས་ཡོད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། དྲ་ཚིགས་རེ་རེས་རང་ཉིད་ཀྱི་ཁྱད་ཆོས་དམིོགས་བསལ་བ་རེ་འདོན་སྤེལ་དང་གཅེས་སྲུང་བྱེད་ཀྱི་ཡོད། ༼དགེ་སློབ་གླེང་སྟེགས༽ནི་དེའི་ཏད་ཀྱི་དཔེ་མཚོན་ཡག་ཤོས་ཤིག་རེད། འདི་ནི་དགེ་སློབ་ཕྱོགས་གཉིས་ལ་གཞོགས་འདེགས་དང་། ཤེས་ཡོན་པ་ཐུན་མོང་གིས་སློབ་གྲྭའི་སློབ་གཉེར་བ་ཚོར་བོད་སྐད་བོད་ཡིག་བེད་སྤྱོད་དང་སྦྱོང་གཉེར་ལ་སྐུལ་འདེད་བྱེད་པ་དང་། བོད་ཡིག་ལྟ་ཀློག་གི་ཁོར་ཡུག་རྒྱ་བསྐྱེད་བྱས་ཏེ། བོད་ཡིག་གི་ལམ་ནས་ཤེས་བྱ་སྣ་ཚོགས་བལྟ་ཀློག་སྦྱོང་གསུམ་བྱེད་པ་བཅས་ཀྱི་ཁོར་ཡུག་དམིགས་བསལ་བ་ཞིག་ཆགས་པ་བྱ་རྒྱུ་ནི། ཤེས་ཡོན་པ་སྤྱི་དང་། ལྷག་པར་དྲ་ཚིགས་འདིའི་དབང་དུ་བྱས་ན། རྒྱ་ཆེའི་རྩོམ་པ་པོ་ཚོར་ཐད་ཀར་རག་ལུས་ཤིང་འབྲེལ་བའང་ངེས་ཅན་ཆགས་ཡོད་པ་ཞིག་ཡིན།
དེས་ན་དེ་རིང་འདིར། ངེད་ངེད་རང་ནས་མ་སྐུལ་དང་བླང་གིས་༼དགེ་སློབ་གླེང་སྟེགས༽དྲ་ཚིགས་འདི་དམིགས་བསལ་དྲ་ཚིགས་ཤིག་ཏུ་ངོས་འཛིན་དང་བཅས་ཏེ། ངོ་སྤྲོད་དང་། རྩོམ་པ་པོ་ཚོར་དགེ་སློབ་གླེང་སྟེགས་འདི་ཡར་རྒྱས་གཏོང་བ་དང་། དགེ་སློབ་ཚོར་གཞོགས་འདེགས་ཀྱི་ཆེད་དུ་དྲ་ཚིགས་འདི་གཅེས་སྐྱོར་ཡར་རྒྱས་ཡོང་བ་ལ་འཚང་ཁ་ཤིག་ཤིག་གིས་ཕེབས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
གཤམ་གསལ་ནི། ༼དགེ་སློབ་གླེང་སྟེགས༽སུ་གསལ་བའི་ངོ་སྤྲོད་དང་། དེར་དྲ་བདག་དང་གླེང་མོལ་བྱུང་བའི་ནང་དོན་གནད་འགག་ཅན་གཅིག་ཁ་སྣོན་གྱིས་བཀོད་ཡོད་པ་ལན་གཅིག་གཟིགས་ཀློག་གིས་སྣེ་ཁྲིད་ལམ་སྟོན་ཡིན་ནའང་འདྲ། གཞོགས་འདེགས་མི་དམན་པ་གནང་འཚལ་ཞེས་ཞུ་བ་ལགས།

གཅིག དྲ་ཚིགས་འདི་བསྐྲུན་པའི་དགོས་དམིགས།
མི་ལོ་ལྔ་བཅུ་ལྷག་གི་བཞུད་ལམ་ལ་ཕྱིར་མིག་ཅིག་བལྟས་ཚེ། བོད་མི་རིགས་ཀྱི་སྲོག་རྩར་གྱུར་བའི་སྐད་དང་ཡི་གེ་འདི་ལ་ཕྱི་ནང་གི་རྐྱེན་སྣ་ཚོགས་ཞིག་གིས་ཉམ་ཆག་ཕྱིན་ཡོད་ལ། དེ་དག་སླར་གསོ་བྱེད་པའི་ཐབས་ལམ་གཅིག་རང་ཡོད་པ་ནི་བོད་ཀྱི་སྐད་ཡིག་སྤྱོད་པའི་མི་རབས་གསར་པ་སྐྱེད་བསྲིངས་བྱེད་རྒྱུ་དེ་ཡིན། དེ་ནི་ད་ལྟའི་སློབ་གྲྭའི་སློབ་གསོ་དང་ཐད་ཀར་འབྲེལ་ཡོད་པས། མ་འོངས་པར་བོད་ཀྱི་སྐད་དང་ཡི་གེ་སྤྱོད་པའི་བོད་མིའི་སྤྱི་ཚོགས་ཚད་ལྡན་ཞིག་བསྐྲུན་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཡིན་ལ། དེ་ནི་དགེ་རྒན་གཅིག་པུ་ལ་རག་ལས་པ་ཞིག་ཀྱང་མ་ཡིན་ཏེ། ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར་བོད་ཀྱི་རྩོམ་པོ་རྣམས་ཀྱིས་ཀྱང་བྱིས་སྒྲུང་དང། བྱིས་པའི་བརྙན་དེབ། དེ་བཞིན་བྱིས་པའི་ལོ་ཚོད་ལ་དཔག་པའི་བརྩམས་ཆོས་གང་མང་སྤེལ་ཐུབ་ན། སློབ་ཕྲུག་གི་ལྟ་ཀློག་ལ་རམ་འདེགས་རྒྱ་ཆེན་པོ་བྱེད་ཐུབ་སྙམ།
དེས་ན་གུས་པས་ཉམས་མྱོང་ལྡན་པའི་དགེ་རྒན་ཟུར་པ་རྣམས་དང། དངོས་སུ་སློབ་ཕྲུག་གི་ཆེད་དུ་སྐུ་ངལ་བསྐྱོན་བཞིན་པའི་རླབས་ཆེན་གྱི་དགེ་རྒན་རྣམ་པ་དང་། དེ་བཞིན་མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་བོད་ཀྱི་ཤེས་ཡོན་པ་དང་སྙན་ངག་པ་རྣམས་ཆེད་དུ་གདན་འདྲེན་ཞུས་ནས། མ་འོངས་བོད་ཀྱི་སོན་རྩ་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་བགྲོ་གླེང་བྱེད་པའི་(འཛིན་ཁང་གསར་བ་)ཞིག་བསྐྲུན་ཡོད་ལགས་ན། ཚང་མས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་ཕན་པའི་རྩོམ་ཡིག་དང་དཔྱད་བརྗོད། ཁྲིད་ཐབས་ཀྱི་མན་ངག་སོགས་གང་མང་སྤེལ་གནང་ཡོང་བ་ཞུ།

གཉིས། དམིགས་ཡུལ།
1. ༸གོང་ས་མཆོག་གི་དགོངས་གཞི་ལྟར་སློབ་ཕྲུག་ལ་ཤེས་ཡོན་ཚད་ལྡན་ཞིག་ཡོང་བ།
2. སློབ་ཕྲུག་རྣམས་ཀྱིས་བོད་ཡིག་འབྲི་སྦྱོང་གི་གོམས་གཤིས་བསྐྱེད་བསྲིངས་བྱེད་རྒྱུ།
3. སློབ་ཕྲུག་རྣམས་ལ་ཚད་ལྡན་རྩོམ་པ་པོ་མང་པོས་ལམ་སྟོན་དང། དེ་དག་གི་བརྩམས་ཆོས་དག་ལ་ལྟ་ཀློག་ཐུབ་པ།
4. དགེ་རྒན་ཕན་ཚུན་བར་སོ་སོའི་སློབ་འཁྲིད་ཐབས་ལམ་གྱི་ལེགས་ཆ་སྤེལ་རེས་དང། ཉེས་ཆ་སྐྱོན་སེལ་བྱེད་པའི་ཟམ་པ་ལྟ་བུ་ཞིག་གནང་རྒྱུ།
5. སློབ་ཕྲུག་གི་སེམས་ཁམས་འཚར་ལོངས་ཆེད་སློབ་ཚན་ཁོ་ན་མིན་པར། བསམ་ཚུལ་སྣ་མང་གིས་མིག་རྒྱ་བསྐྱེད་རྒྱུ།
6. ༸གོང་ས་མཆོག་གི་དགོངས་གཞི་དང་བོད་གཞུང་གི་ལངས་ཕྱོགས་དང་མི་འགལ་བའི་ཐོག་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ།
7. མདོར་ན། སློབ་ཕྲུག་རྣམས་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་ཡོད་པའི་བོད་ཞེན་ཆེ་བ་ཞིག་དང། བོད་སྐད་དང་བོད་ཡིག་གཙང་མ་སྤྱོད་པའི་བོད་མི་ཚད་ལྡན་ཞིག་ཡོང་བ་ནི། དྲ་ཚིགས་འདི་བསྐྲུན་པའི་དགོས་དམིགས་ཡིན་ཞེས་པའོ།།

གསུམ། འདིའི་ནང་སྤེལ་མི་ཆོག་པ།

༡༽ སྐྱེ་བོ་སྒེར་དང་གཞུང་ལ་དམོད་ཚིག་དང་འཆལ་གཏམ་སྤེལ་མི་ཆོག
༢༽ མི་རིགས་དང་སྐད་ཡིག་གླེང་རྒྱུ་ལས་སྒེར་དོན་རྐྱང་བ་གླེང་ན་མི་འོས།
༣༽ འཆལ་སྤྱོད་ཀྱི་སྐད་ཆ་རིགས་སྤེལ་མི་ཆོག
༤༽ སློབ་ཕྲུག་གི་རྩོམ་ཡིག་ལ་དགོས་ངེས་ཀྱི་བསམ་འཆར་དང་ལམ་སྟོན་གནང་རྒྱུ་ལས་སེམས་ཤུགས་ཆག་པའི་རིགས་མ་སྤེལ།
༥༽ དགེ་སློབ་དང་དེ་ཙམ་འབྲེལ་བ་མེད་པའི་དཔྱད་རྩོམ་རིགས་མ་སྤེལ་ན་ལེགས།
༦༽ སློབ་ཕྲུག་གི་སྦྱང་བརྩོན་དང། གཤིས་སྤྱོད་བཟང་པོ། མི་རིགས་དང་སྐད་ཡིག་ལ་དུང་བའི་སེམས་པ་དཀར་པོར་ནམ་ཡང་ཕོག་ཐུག་མི་གཏོང་བར་མཁྱེན།
བཞི། འབོད་སྐུལ།
རྒྱ་ཆེའི་རྩོམ་པ་པོ་རྣམ་པར་འབོད་སྐུལ་ཞུ་རྒྱུར། དགེ་རྒན་གྱི་ལས་ཀར་རྒྱབ་སྐྱོར་རོགས་འདེགས་དང་། སློབ་མའི་ཤེས་ཚད་གོང་མཐོར་གཏོང་བ་ལ་ལམ་སྟོན་རོགས་འདེགས་གནང་བར་ཕེབས་རོགས་ཞུ་བ་ཡིན། ཤེས་ཡོན་པ་ཚོས་ང་ཚོ་དྲ་ཚིགས་འདི་བརྒྱུད་ནས་སློབ་གྲྭའི་ཁོར་ཡུག་འདི་ལ་ཡང་ཡང་ཕེབས་པ་ཡིན་ན། དེས་ང་ཚོར་ཕན་དགེ་མི་དམན་པ་ཡོང་བའི་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད། གནས་སྟངས་ཞིབ་ཕྲ་ www.gyelob.net བརྒྱུད་ནས་དྲ་ངོས་སུ་ཕེབས་གནང་བ་ཡིན་ན།་དེ་རུ་གསལ་འཁོད་ཡོད། གང་ལྟར་དྲ་ཚིགས་འདི་ནི།་སློབ་གྲྭའི་དགེ་རྒན་དང་། སློབ་མའི་ཁོར་ཡུག་ཁོ་ན་ལ་དམིགས་ཡོད་པ་ཡིན་སྟབས། ཤེས་ཡོན་པ་ཚོས་དེ་རྩིས་ཀྱི་རྩོམ་ཡིག་དང་བསམ་ཚུལ་ལྷུག་སྩོལ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།

༼དགེ་སློབ་གླེང་སྟེགས༽་ལ་རྩོམ་ཡིག་བསྐུར་སའི་ཁ་བྱང་གཤམ་གྱི་འདི་ཡིན།
gtsude@yahoo.com

གསལ་བསྒྲགས།

Post navigation

Previous Post: སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་སྐར་ལ་སྲུང་རྩི་ཞུ།
Next Post: འདོད་ཡོན་ལམ་འཁྱེར་གནད་ཀྱི་སྒོ་མོ།

Comments (6) on “༼དགེ་སློབ་གླེང་སྟེགས༽(www.gyelob.net)་དྲ་ཚིགས་ངོ་སྤྲོད་དང་རྩོམ་པ་པོ་ཚོར་འབོད་སྐུལ།”

  1. ཀརྨ་རྡོ་རྗེ་ says:
    2010-05-21 at 6:18 pm

    ༇། །དགེ་སློབ་གླེང་སྟེགས་འདི་རུ་བྱོན་པ་ལེགས། །མ་ཉམས་ཡར་རྒྱས་ཡོང་བའི་སྨོན་འདུན་ཡོད། །

  2. ཤ་ཀླན་བུ says:
    2010-05-22 at 6:51 am

    །དགེ་སློབ་གླེང་སྟེགས་འདི་རུ་བྱོན་པ་ལེགས། །མ་ཉམས་ཡར་རྒྱས་ཡོང་བའི་སྨོན་འདུན་ཡོད། །

  3. tsok chen says:
    2010-05-22 at 8:23 am

    ༄།།དགེ་སློབ་གླེང་སྟེགས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ལས་བཟང་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།།

  4. རྡོ་རྗེ། says:
    2010-05-23 at 10:31 am

    དགེ་སློབ་གླེང་སྟེགས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་དང་། གླེངས་སྟེགས་འདིས་དགེ་སློབ་གྲངས་མེད་ཅིག་ལ་སློབ་གསོ་གོང་འཕེལ་ཡོང་བའི་སྨོན་འདུན་ཞུ།

  5. གངས་ཕྲུག says:
    2010-08-02 at 11:09 pm

    དགེ་སློབ་སྟེགས་ཞེས་པའི་དྲ་ཚིགས་འདི་འདྲ་ཞིག་གསར་བསྐྲུན་བྱས་པ་ལ་སྙིང་ཁུང་རུས་པའི་སྟེང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། འདི་འདྲའི་ཤེས་རིག་གི་གར་སྟེགས་ཤིག་གིས་གསར་སློབ་ཅི་འདྲའི་མང་པོ་ཞིག་སྐྱེད་སྲིང་བྱེད་ངེས་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐུགས་རྗེ་ཆེ།

  6. སྐྱབས་བཅོལ། says:
    2010-08-03 at 2:41 am

    དགེ་སློབ་གླེང་སྟེགས་འདི་གསར་བཟོ་གནང་བ་བཀའ་དྲིན་ཆེ།

    འོན་ཀྱང་སློབ་ཕྲུག་ཚང་མས་དྲ་རྒྱ་འདི་ཇི་ལྟར་བྱས་ཏེ་བེད་སྤྱོད་གཏོང་གིན་ཡོད་དམ།
    སློབ་གྲྭའི་ངོས་ནས་ཁོང་ཚོར་དྲ་རྒྱའི་མཐུན་རྐྱེན་དེ་ཉིན་རེར་ཆུ་ཚོད་ག་ཚོད་གནང་གི་ཡོད་དམ།
    དེ་ལ་སློབ་མ་ཚོས་དོ་སྣང་ཇི་འདྲ་བྱེད་ཀྱི་འདུག་གམ།
    སློབ་མ་ཚོར་དཔེ་དེབ་ཀློག་པ་ལས་ལྷག་པའི་ཕན་ཐོགས་དམིགས་བསལ་ག་རེ་འདུག་གམ།
    དགེ་རྒན་ཚོར་སློབ་གྲྭའི་ངོས་ནས་དྲ་རྒྱའི་མཐུན་རྐྱེན་འདྲ་གནང་གི་ཡོད་དམ།
    དགེ་རྒན་ཚོས་རྩོམ་རིགས་སྣ་མང་སྤེལ་རྒྱུར་མཐུན་རྐྱེན་ཆགས་ཀྱི་འདུག་གམ།
    ཡང་ན་དགེ་རྒན་རྣམ་པས་རྩོམ་ཡིག་གི་ཁྲལ་འདྲ་པོ་སྐུལ་ན་མ་གཏོགས་གནང་གི་མི་འདུག་གམ།

    དངོས་ནས་འདིས་ཐུགས་ཕན་གསོས་ཀྱི་ཡོད་ན། སློབ་གྲྭ་གཞན་དང་གཞན་ལ་ཡང་བོད་ཡིག་དྲ་ངོས་འདི་འདྲ་བ་ངེས་པར་དུ་དགོས་ལ། སློབ་གྲྭ་ཁག་གི་འཛིན་སྐྱོང་ནས་ཀྱང་དྲ་རྒྱའི་ཐོག་དམིགས་བསལ་ཐུགས་སྣང་དང་མཐུན་རྐྱེན་སྦྱོར་དགོས་པ་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme