Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

༧སྐྱབས་དམ་པའི་གཟི་བྱིན།

Posted on 2017-06-172017-06-17 By ཁ་བརྡ་ 2 Comments on ༧སྐྱབས་དམ་པའི་གཟི་བྱིན།

images—–རེབ་སྨད་ལྷའུ།

 
སྒང་བ་བོད་ཀྱི་ཕ་གཞིས་དེ། སེར་མིན་སྐྱ་མིན་གྱི་དབང་དྲག་ཅན་ཚོས་ཡུན་རིང་ལོངས་སུ་སྤྱད་མཐར། ཁྱིམ་མཚེས་གཅན་གཟན་གཏུམ་པོས་གླགས་རྙེད་དེ་ཁྱུར་མིད་བྱར་ཉེ་བ་ན། ཡུལ་མི་དང་ཕ་གཞིས་དགྲ་ལག་ཏུ་གཏད་པའི་ནག་ཉེས་ལ་གཡོལ་ཆེད་དུ། ཁོ་ཚོས་འགན་འཁྲི་ཡོད་ཚད་སྐུ་ན་མ་སོན་པ་ཁྱེད་ཀྱི་དབུ་ལ་གཡོགས།

རྒྱལ་ཕམ་དང་འཆི་གསོན་གྱི་འགག་འཕྲང་དོག་མོ་ནས། ཁྱེད་ཀྱིས་སྐུ་སྲོག་གཏའ་མར་བཞག་སྟེ། རང་ནུས་ཡོད་རྒུས་འཁོར་འབངས་སྐྱོབ་ཐབས་མཛད། འོན་ཀྱང་ཕྱི་ནང་གི་འགལ་རྐྱེན་མང་ཞིང་། དགྲ་ནག་གི་གཡོ་སྒྱུ་དང་གདུག་རྩུབ་ཀྱི་དཔུང་ཁ་ཤིན་ཏུ་རྒོད་པས། དཔུང་མེད་དཔའ་བོ་ཁེར་རྒྱུག་གིས་ཕ་གཞིས་སྐྱོབ་ཐབས་བྲལ་བ་དང་། ཐུགས་འགན་ལྗིད་ཏིག་ཏིག་གིས་མནན་ཏེ་གཞན་ཡུལ་འགྲིམས། དེ་ནི་ཕ་གཞིས་སྐྱོབ་པའི་མཐའ་མཇུག་གི་གདམ་ག་ལོས་ཡིན་ཨང་།

རེ་ཞིག་གི་ཚེ། སྲོལ་ངན་མཁྲེགས་འཛིན་གྱི་གསེག་མས་ཁྱེད་ཀྱི་ཞབས་ཟུང་ལ་ན་ཟུག་ཡང་ཡང་བསླངས་ནའང་། ཁྱེད་ཀྱིས་རྐྱེན་ངན་བྱང་ཆུབ་ལམ་ཁྱེར་གྱི་བརྟུལ་ཞུགས་མཛད་དེ། གྲོགས་མེད་ཁེར་རྐྱང་དུ་ལུས་པའི་མི་རིགས་ཤིག་འཛམ་གླིང་ལ་གྲགས་པར་བྱས་པ་དང་། ད་ཆར་ཁྱེད་ཀྱི་མཁྱེན་བརྩེའི་འོད་སྣང་འཇིག་རྟེན་ཡོངས་ལ་རིས་མེད་དུ་ཁྱབ། དེ་ལྟ་མོད་ཀྱང་། ཕྱག་འཚལ་ཞོར་དུ་ཁྱེད་ཀྱི་ན་བཟའ་འོག་ལ་ལག་སྙོབ་བྱེད་པའི་བོད་མི་ལྟས་ངན་རིགས་ནི་སྐྱོབ་ཐབས་མ་མཆིས།

ཁྱེད་ཀྱིས་སྒང་བ་བོད་ཀྱི་ཆེད་དུ། གནང་དགོས་ཚད་གནངས་ཟིན་པ་དང་། དྲིན་གྱིས་བསྐྱངས་པ་མང་མེད་ན་ཉུང་མེད།
༧སྐྱབས་དམ་པ་ལགས། ཁྱེད་ཀྱི་སྐུ་ཚེ་ཡུན་རིང་བརྟན་པར་སྨོན།

ལྷུག་རྩོམ།

Post navigation

Previous Post: ༼དྲན་ངོས་ཀྱི་སྤུན་མཆེད་ཅིག་ལ་ཟློ་བ།༽
Next Post: སྤྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༦ གི་ཉིན་ཐོ།

Comments (2) on “༧སྐྱབས་དམ་པའི་གཟི་བྱིན།”

  1. ཨ་འབར་འཇིགས་དབང། says:
    2017-06-17 at 11:46 pm

    ༄༅། རེབ་སྨད་ལྷའུ་ལགས་ཀྱི་རྩོམ་དེ་ཡག་ཙམ་བྲིས་འདུག་སྙམ་ཡང་་་ཡག་པོ་མགོ་ཚོས་མ་སོང།
    གཅིག་བྱས་ན་ངས་ཤེས་ཚད་དང་་ཁྱེད་ཀྱི་ཤེས་ཚད་གཉིས་འདྲ་ཚད་་མི་འདུག།
    ཁྱེད་ཀྱི་ཤེས་ཚད་དེ་ང་ཡི་ཤེས་ཚད་ཀྱི་གོང་ན་འཕགས་པ་ཞིག་འདུག་
    གང་ལྟར་༧རྒྱལ་བ་དོན་གྱི་བདག་པོ་ལ་ཁྱེད་ནས་བསྟོད་པ་དེ་ལ་ང་ཤིན་ཏུ་དགའ་བྱུང།
    ཐུགས་རྗེ་ཆེ་ཞུ།།

  2. ཨ་འབར་འཇིགས་དབང། says:
    2017-06-18 at 1:01 am

    ༄༅། ལྷ་མིའི་རྣམ་འདྲེན་བསྟན་འཛིན་རྒྱ་མཚོ་མ།ཅོག།
    ས་བཅུའི་མངའ་བདག་བྱང་སེམས་འཕགས་པའི་སྲས།།
    འཚེ་མེད་ཞི་བའི་ཡོན་ཏན་ལེགས་ལྡན་པའི།།
    འཛམ་གླིང་ཞི་བདེའི་དེད་དཔོན་མཚན་སྙན་གསོལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme