Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་དང་སྤྲུལ་སྐུ་གསང་སྔགས་རིན་པོ་ཆེ།

Posted on 2017-06-132017-06-14 By ཡེ་ཤེས་ 5 Comments on སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་དང་སྤྲུལ་སྐུ་གསང་སྔགས་རིན་པོ་ཆེ།

TB1མདང་རྨི་ལམ་ནང་སྤྲུལ་སྐུ་གསང་སྔགས་རིན་པོ་ཆེས་ཨོ་རྒྱན་སྨན་བླ་དང་ཨོ་རྒྱན་ནོར་ལྷ། ཨོ་རྒྱན་རྡོ་རྗེའི་གུར་བཅས་ཀྱི་ཕྱག་དཔེ་གསུམ་གནང་བ་རྨིས། ཞོགས་པར་གནམ་གྲུ་ཆུ་ཚོད་གཅིག་དང་སྐར་མ་བཅོ་ལྔར་འཕུར་རྗེས་མོན་ཁྲ་ན་Montana ཞིང་ཆེན་གྱི་མི་ཟོ་ལ་Missoula ཞེས་པའི་འབྲོག་སར་ཆགས་པའི་གྲོང་བརྡལ་ཆུང་ཆུང་དེའི་གནམ་ཐང་དུ་བབས་བྱུང་། གནམ་ཐང་ནང་ལོགས་སུ་བུད་མེད་ལོ་གཞོན་ཞིག་དང་མོའི་བུ་མོ་ཆུང་ཆུང་གཉིས་ཀྱིས་བསུས་ཏེ་མོའི་རླངས་འཁོར་གྱིས་ཆུ་ཚོད་ཕྱེད་ཀའི་ལམ་ཐག་བརྒྱུད་ནས་སངས་རྒྱས་སྟོང་གི་སྐྱེད་ཚལ་དུ་བསྐྱལ། ལམ་བར་གྱི་མཛེས་ལྗོངས་ཡིད་དབང་འཕྲོག་པ་མཆིས།

TB16
སྐྱེད་ཚལ་དུ་འབྱོར་རྗེས་གསང་སྔགས་རིན་པོ་ཆེ་དང་ཁོང་གི་སློབ་བུ་ཚོས་ལོ་གཉིས་སྔོན་ཨིན་དུ་ཉི་ཤི་ཡ་ནས་གདན་དྲངས་པའི་གུ་རུ་གཙོ་འཁོར་གསུམ་དང་གནུབས་ཆེན་དིལ་མཁྱེན་སོགས་ཀྱི་སྐུ་བརྙན་རྡོ་ལས་གྲུབ་པ་རེ་རེར་སྤྱི་རྒྱ་སྟོང་ཕྲག་བདུན་བརྒྱད་ལ་ལོངས་པ་དེ་དག་མཚེའུ་ཆུང་ཆུང་དེའི་མཐའ་སྐོར་སོགས་སུ་གདན་འདྲེན་ཞུ་བའི་ཉི་མ་བཟང་པོ་ཞིག་དང་ཁེལ་འདུག ཁོང་རྣམ་པར་ཕྱག་རོགས་ཕྲན་བུ་ཞུས་རྗེས་ཕྱི་དྲོར་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒྲུབ་མཆོད་ལ་ཞུགས། TB3
རིན་པོ་ཆེའི་ཞལ་སློབ་ཨ་རི་བ་ཚོས་འདོན་པ་དབུ་སྐུལ་དང་མཆོད་རོལ་འབུད་རྡུང་དཀྲོལ་གསུམ། མཆོད་དཔོན་སོགས་གནང་བ་བོད་རིགས་དང་ཁྱད་མེད་དུ་འདུག་པས་རྗེས་སུ་ཡི་རང་ཞུས། ཉིན་གང་གནམ་གཤིས་ཉིན་ཏུ་ལེགས། སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་འདི་ནི་ རྗེ་བླ་མ་གསང་སྔགས་བསྟན་འཛིན་རིན་པོ་ཆེ་དང་ཁོང་གི་ཞལ་སློབ་རྣམས་ཀྱིས་མི་ལོ་བཅུ་ཕྲག་ལྷག་གི་རིང་དཀའ་བ་དུ་མ་ཁྱད་དུ་བསད་ནས་བཞེངས་གྲུབ་པ་ཞིག་ཡིན་ཞིང་། རིན་པོ་ཆེ་ཁོང་ནི་ སྤྱི་ལོ་༡༩༥༢ ལོར་མདོ་ཁམས་ཆབ་མདོར་འཁྲུངས་ཤིང་སྐུ་ན་ཕྲ་དུས་རྡོ་ལ་ཞབས་རྗེས་བཞག་པ་སོགས་གྲུབ་པའི་རྟགས་མཚན་ཡང་དུ་མ་ཞིག་བསྟན་པར་མཛད། པཎ་ཆེན་བི་མ་ལའི་རྣམ་སྤྲུལ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གིས་རྗེ་འབངས་སྙིང་གི་བུ་དགུའི་ཡ་གྱལ། དབང་ཆེན་རྟ་མཆོག་གྲུབ་པའི་སྐྱེས་མཆོག རྒྱལ་བ་མཆོག་དབྱངས་ཀྱི་སྒྱུ་འཕྲུལ་སྒོ་ཆེན་སྤྲུལ་སྐུར་ངོས་འཛིན་གནང་བ་དང་། རིག་གནས་གསར་བརྗེའི་སྐབས་རྗེ་འདི་དགུང་ལོ་ཧ་ཅང་གཞོན་ཡང་ལོ་བཅུ་ཙམ་ལ་བཙོན་ཁང་དུ་བཞུགས་དགོས་བྱུང་བ་དང་། སྐབས་དེར་སྤྲུལ་སྐུ་ཨོ་རྒྱན་ཆོས་མཆོག་ལས་སྔ་འགྱུར་བའི་དབང་ལུང་ཁྲིད་གསུམ་དུ་མ་ཞིག་ཞུས་ཏེ་བླ་མའི་གཙོ་བོར་གྱུར། བཙོན་ལས་གྲོལ་རྗེས་བོད་ནས་ལ་བརྒལ་རི་འཛེགས་ཀྱིས་འབྲུག་ཡུལ་དུ་ཕེབས་ནས་ཨོ་རྒྱན་སངས་རྒྱས་གཉིས་པའི་རྒྱལ་ཚབ་ཆེན་པོ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་མཆོག་གི་ཞབས་དྲུང་དུ་མཇལ་ཏེ་མི་ལོ་དུ་མའི་རིང་ལ་རྗེ་བླ་མ་དེ་ཉིད་རིགས་ཀྱི་ཅོད་པཎ་དུ་བཀུར་ཏེ་མི་ལོ་བཅོ་ལྔ་ཙམ་གྱི་རིང་མདོ་སྔགས་རིག་གནས་དང་བཅས་པའི་དབང་ལུང་ཁྲིད་གསུམ་དུ་མ་ཞུས། TB4

TB9
བལ་ཡུལ་ཞེ་ཆེན་དགོན་པའི་རྡོ་རྗེ་སློབ་དཔོན་ཡང་ལོ་དུ་མར་གནང་། གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་ཡེ་ཤེས་འོད་ལུས་ཤ་ཁྲག་སྒྱུ་མའི་གཟུགས་སུ་བྱོན་པ་མགོ་ལོག་ནས་ཕེབས་པའི་གཏེར་སྟོན་པད་རྒྱལ་གླིང་པ་དང་མཇལ་ཏེ་ཆོས་བདག་ཏུ་མངའ་གསོལ་དང་བཀའ་ཆོས་ཕར་ཚུར་གསན་རེས་མཛད། རྗེས་སུ་ནུབ་ཕྱོགས་སུ་མཚན་སྙན་འབར་བའི་ཨ་མདོ་མགོ་ལོག་གི་སྔགས་འཆང་ལྕགས་མདུད་སྤྲུལ་སྐུ་རིན་པོ་ཆེ་བལ་ཡུལ་དུ་ཕེབས་ནས་རྗེ་འདི་ལ་ཆོས་འབྲེལ་གསན་པས་ཐུགས་ཡིད་འཕྲོགས་ནས་ནུབ་གླིང་ཨ་རིར་གདན་འདྲེན་ཞུས། སྐྱེད་ཚལ་འདི་བཞེངས་སའི་ཁོར་ཡུག་ནི་ཕྱོགས་བཞིའི་ས་དབྱིབས་པདྨ་འདབ་བརྒྱད་དང་རྒྱབ་རི་རིན་ཆེན་སྤུངས་པ། སྔ་དགོང་ཉི་མ་འཆར་ནུབ་ཀྱི་མཛེས་པ་མངོན་པ། རི་ཀླུང་ཐམས་ཅད་གངས་དང་ནགས་ཀླུང་། གཡའ་བྲག་དང་རྩི་ལྗོན་མེ་ཏོག་སོགས་རང་བྱུང་གི་མཛེས་མ་དུ་མས་ཕྱུག་པའི་གནས་མཆོག་ཅིག་ཡིན་པ་དང་། ལོ་མང་སྔོན་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སྐུ་གོང་མ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་ཨ་མེ་རི་ཀར་ཕེབས་ཐེངས་ཤིག་ལ། ཁོང་གི་ཞལ་སློབ་ཨ་རི་བ་ཁག་ཅིག་གིས་རིན་པོ་ཆེར། ཨོ་རྒྱན་རིན་པོ་ཆེ་ནུབ་ཕྱོགས་ཨ་མེ་རི་ཀར་ཕེབས་མྱོང་མེད་བཀའ་འདྲི་ཞུས་ལན་དུ་ཨ་རིར་ཕེབས་ཡོད་ལུགས་བཀའ་བསྩལ་ཅིང་། དེ་ནས་ཞལ་སློབ་ཚོས་གལ་སྲིད་ཨོ་རྒྱན་ཆེན་པོ་ཨ་རིར་ཕེབས་ཡོད་ཚེ་ཨ་རིའི་ས་གནས་གང་ཞིག་ཏུ་ཕེབས་ཡོད་དམ་ཞེས་བཀའ་འདྲི་ཞུས་ལན་དུ། ཨ་རིའི་ས་ཁྲ་ཞིག་ལ་ཕྱག་མཛུབ་བཙུགས་ཏེ་གནས་འདིར་ཕེབས་པ་རེད་གསུངས་པའི་ས་གནས་དེ་ནི་ཨ་རིིའི་ནུབ་བྱང་གི་རྒྱུད་དུ་ཡོད་པའི་མོན་ཁྲ་ན་ཞེས་པའི་གནས་མཆོག་ངོ་མཚར་ཆེ་བ་འདི་ཉིད་ཡིན་པར་གྲགས་པ་དང་། TB10
སྤྲུལ་སྐུ་གསང་སྔགས་རིན་པོ་ཆེ་མཆོག་དགུང་ལོ་ཆུང་ཆུང་ཡིན་དུས་བོད་དུ་བཞུགས་པའི་སྐབས་སུ་ཡང་ལན་མང་གཟིམ་ལམ་དུ་གནས་འདིའི་བཀོད་པ་ཤར་ཞིང་། རྗེས་སུ་གནས་འདིར་ཕེབས་མ་ཉིད་དུ་སྔོན་ཆད་འདིར་བསླེབས་པའི་བག་ཆགས་འདུག་གསུངས་པ་དང་། ད་ལྟའི་སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་གྱི་ས་འདིའི་ཁང་བདག་ལ་རིན་པོ་ཆེ་མཆོག་ས་འདིར་མ་བསླེབས་པའི་སྔོན་ནས་ཁང་པའི་ནང་དུ་སྦྲུལ་སོགས་ཞུགས་པའི་སྣང་བ་བྱུང་ནས་གནས་གཞན་དུ་སྤོ་དགོས་བྱུང་བ་དང་། རིན་པོ་ཆེ་མཆོག་འདིར་ཕེབས་པ་དང་ས་ཆ་འཚོང་སྒྱུར་བྱེད་བཞིན་པའི་དུས་ཚོད་གཅིག་ཏུ་ཁེལ་བ་སོགས་རྟེན་འབྲེལ་དུ་མ་རང་འགྲིགས་སུ་གྱུར། སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་གྱི་དབུས་སུ་རྒྱལ་བའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོའི་སྐུ་བརྙན་མི་ཚད་གསུམ་ཙམ་དང་། སངས་རྒྱས་སྟོང་སྐུ་རེ་རེ་བཞིན་རིན་པོ་ཆེ་དང་ཁོང་གི་སྐུ་མཆེད་མཁན་རིན་པོ་ཆེ། རིན་པོ་ཆེའི་ཞལ་སློབ་བཅས་ཀྱིས་ས་གནས་འདི་རང་དུ་བཞེངས་པ་དང་། ལོ་ཤས་སྔོན་ཁོ་བོ་ཐོག་མར་གནས་འདིར་བསླེབས་དུས་སངས་རྒྱས་སྟོང་སྐུ་བཞེངས་གྲུབ་པའི་ཉི་མར་ཁེལ་བ་ཡང་རྟེན་འབྲེལ་མཆོག་ཏུ་དགེ་བ་དང་། སྐབས་དེར་རང་ཉིད་དང་དྲུང་ཡིག་མ་བུ་གཉིས་བཅས་ངེད་གསུམ་གྱིས་སངས་རྒྱས་ཀྱི་སྐུ་བརྙན་རེ་རེའི་མདུན་དུ་ཕྱག་རེ་རེ་བཙལ་ནས་མཐར་སངས་རྒྱས་སྟོང་གི་སྐུ་མདུན་དུ་ཕྱག་སྟོང་གཅིག་བཙལ་བའི་སྐལ་བཟང་ཡང་བྱུང་། སྐྱེད་ཚལ་གྱི་མཐའ་སྐོར་དུ་བཞུགས་པའི་མཆོད་རྟེན་སྟོང་རྩ་གཅིག་ནི་ཐག་རིང་ཨིན་དུ་ཉི་ཤི་ཡ་ནས་མཚོ་ཐོག་བརྒྱུད་གདན་དྲངས་པ་དང་། མཆོད་རྟེན་རེ་རེའི་ནང་དུ་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་བྱོན་ལེགས་རེ་བཞུགས། སྐྱེད་ཚལ་གྱི་ཕྱོགས་བཞིར་མདུན་ནས་གཡས་སྐོར་གྱིས་སངས་རྒྱས་ཤྰཀྱ་ཐུབ་པ་དང་། བདེ་གཤེགས་མཆོད་རྟེན་བརྒྱད་མི་ཚད་གཉིས་ལྷག་ཙམ། གནོད་སྦྱིན་ནོར་མཛོད་ཀྱི་དཀྱིལ་འཁོར། སངས་རྒྱས་བྱམས་པ། རིན་ཆེན་འབྱུང་ལྡན། མགོན་པོ་འོད་དཔག་མེད། སངས་རྒྱས་མར་མེ་མཛད། དོན་ཡོད་གྲུབ་པ། རྡོ་རྗེ་སེམས་དཔའ་བཅས་ཀྱི་སྐུ་བརྙན་དང་དབང་སྡུད་འཁོར་ལོ། ཞི་རྒྱས་དབང་དྲག་གི་དྲག་གི་དཀྱིལ་འཁོར་དང་ལས་བཞིའི་སྦྱིན་སྲེག་གི་ཐབ། ཕྱོགས་བརྒྱད་དུ་ཤེས་རབ་སྙིང་པོ་སྐད་རིགས་མི་འདྲ་བ་བརྒྱད་ཀྱི་ནང་དུ་བཞུགས་པ། TB12
སྐྱེད་ཚལ་འདི་ལ་མདོ་དང་གསང་སྔགས་ཡང་གསང་རྫོགས་པ་ཆེན་པོའི་གནས་རིམ་གསུམ་དུ་ཕྱེས་ཡོད་ཅིང་། སྐྱེད་ཚལ་གྱི་ཕྱོགས་ཀུན་ཏུ་མེ་ཏོག་སྣ་ཚོགས་ཀྱི་དྲི་ཞིམ་འཐུལ་ཞིང་། ཉི་མ་རེ་རེ་བཞིན་ཕྱོགས་གང་ས་ནས་ཕེབས་པའི་མཇལ་སྐོར་དང་ལྟ་སྐོར་བ་ཟམ་མི་ཆད་པ་མ་ཟད། ས་གནས་མི་དང་དུད་འགྲོ་ཚོས་སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་འདིའི་ཐུན་མོང་མ་ཡིན་པའི་བྱིན་རླབས་ཟབ་མོ་ཉིན་རེ་བཞིན་མྱངས་དང་མྱོང་བཞིན་པའི་དཔེ་མཚོན་གཅིག་ནི། སྐྱེད་ཚལ་འདིའི་གཡོན་ཕྱོགས་སུ་ཡོད་པའི་ཡུལ་མི་ཞིག་གི་རྟ་དང་ཁྱི་གཉིས་ཀ་རེ་རེ་བཞིན་ལོ་རྒས་ཀྱིས་འཆི་ཁར། བདག་པོས་ཕྱོགས་གཞན་དུ་འཁྲིད་རྩིས་བྱས་ཀྱང་ཨུ་ཚུགས་མཐར་སྐྱེལ་གྱིས་སྐྱེད་ཚལ་འདི་རང་ལ་མགོ་གཏུགས་ནས་གྲོངས་སོང་བས། ཡུལ་མི་དེ་ནང་པ་མིན་ཡང་སངས་རྒྱས་ཀྱི་བྱིན་རླབས་ལ་ངོ་མཚར་བར་གྱུར་པ་ལྟ་བུའོ།། སྐྱེད་ཚལ་འདི་ནི་མོན་ཁྲ་ན་ཞིང་ཆེན་གྱི་མི་ཟོ་ལ་Missoula གནམ་ཐང་ནས་ནུབ་བྱང་གི་ཕྱོགས་སུ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སར་ཕྱག་བཏབ་ཡོད་ཅིང་། མི་ཟོ་ལ་གནམ་ཐང་རང་དུ་སྐྱེད་ཚལ་འདིའི་ངོ་སྤྲོད་ལམ་སྟོན་སྐོར་གྱི་ཤེལ་སྒྲོམ་བཤམས་ཡོད་པས་དེར་གཟིགས་དགོས། དྲ་ལམ་ནས་འཚོལ་ན་Garden of One Thoudsand Buddha ཞེས་བྲིས་ན་ལམ་སེང་སངས་རྒྱས་སྟོང་གི་སྐྱེད་ཚལ་འདི་རང་ཤར་ཡོང་བ་དང་། སྐྱེད་ཚལ་འདིའི་ཞལ་བྱང་ནི། Ewam Sang-ngag Ling / Po Box 330 / 34574 White Coyote Road/ Arlee, MT 59821 ཞེས་པ་འདི་ཡིན་ཞིང་། དེར་རིན་པོ་ཆེའི་ཆོས་ཚོགས་ཨེ་ཝཾ་སངས་རྒྱས་སྐྱེད་ཚལ་ewambuddhagarden.org ཞེས་པའི་དྲ་ཚིགས་ཀྱང་རྙེད་ཐུབ། Tb14
ཨ་རིའི་ནུབ་བྱང་གི་རྒྱུད་ཝ་ཞིང་ཁྲོན་དང་ཨོ་རི་སྒན། ཁ་ལི་ཧྥོ་ནི་ཡ་སོགས་ནས་རླངས་འཁོར་བཏང་ནས་གནས་འདིར་མཇལ་སྐོར་དུ་ཕྱིན་ཡང་ཆོག་པ་དང་། ནེའུ་མེག་སི་ཀོ་དང་ཨ་སྒྲ་ཧོ་སོགས་ནས་ཀྱང་རླངས་འཁོར་བཏང་ནས་ཕྱིན་ན་ཐག་དེ་ཙམ་མི་རིང་། ཨ་རིའི་ཤར་ཕྱོགས་ཉིག་ཡོར་དང་སྒྲེ་སེ་སོགས་ནས་གནམ་གྲུར་བསྡད་ན་མ་གཏོགས་རླངས་འཁོར་གྱིས་རྙོབ་དཀའ། བོད་རིགས་གྲོགས་པོ་ཚང་མས་རྗེ་བླ་མ་གསང་སྔགས་བསྟན་འཛིན་རིན་པོ་ཆེ་མཆོག་དང་ཁོང་གི་ཞལ་སློབ་རྣམ་པའི་ཐུགས་བསྐྱེད་དཀར་པོའི་འབྲས་བུ་སངས་རྒྱས་སྟོང་གི་སྐྱེད་ཚལ་འདི་ལ་མཇལ་སྐོར་དང་མི་གཞན་ལ་ངོ་སྤྲོད། དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་སོགས་གནང་ཐུབ་ན་རྒྱ་ཆེ་ས་ནས་སངས་རྒྱས་ཀྱི་བསྟན་པ་དང་བོད་བརྒྱུད་ནང་བསྟན་ལ་ཕན་རླབས་ཆེ་ཞིང་། ཆུང་ས་ནས་མི་སྒེར་རེ་རེའི་ཚེ་འདི་ཕྱི་གཉིས་ཀྱི་ལེགས་ཚོགས་གོང་འཕེལ་ཚོགས་གསོག་སྒྲིབ་སྦྱོང་སོགས་ལ་ཡང་དམིགས་ཡུལ་འགྲན་ཟླ་བྲལ་བ་ཞིག་མཆིས་ལགས།
TB17
ཚེས་དྲུག་ཞོགས་པ་ནས་དགོང་མོ་བར་དུ་ཉི་མའི་མཐའ་འཁོར་དུ་འཇའ་ཚོན་ཤར། ཨིན་དུ་ཉི་ཤི་ཡ་ནས་གདན་དྲངས་པའི་ཆོས་རྒྱལ་ཁྲི་སྲོང་དང་མཁན་པོ་ཞི་འཚོ། གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་ཨོ་རྒྱན་རྩ་གསུམ་གླིང་པ། དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ་དང་སྤྲུལ་སྐུ་ཨོ་རྒྱན་ཆོས་མཆོག་བཅས་ཀྱི་སྐུ་བརྙན་རེ་རེ་བཞིན་གཏན་ཁེལ་བའི་ས་གནས་སུ་གདན་དྲངས། ཉིན་གང་གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་མཆོད་ལ་ཞུགས། སྐབས་སྐབས་སུ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་མཆེད་མཁན་པོ། འབྲུག་པའི་མཁན་པོ་རྣམ་གཉིས་བཅས་ཚོགས་མགོན་དུ་ཕེབས། ཆོས་ཚོགས་པ་བུད་མེད་ལོ་གཞོན་འགས་མཁའ་འགྲོའི་ཆས་སྤྲས་ཏེ་དཀྱིལ་འཁོར་གྱི་མཐའ་སྐོར་དུ་རྡོ་རྗེའི་གར་འཆམ་གནང་བའི་ལྟད་མོ་ངོ་མཚར་བ་ཡང་མཇལ། ང་ཚོ་བོད་རིགས་ཚོས་ནུབ་ཕྱོགས་སུ་རང་ཁ་རང་གསོ་ཙམ་ལས་རང་གི་ཆོས་དང་རིག་གཞུང་བརྒྱུད་འཛིན་ཐད་འབད་བརྩོན་མ་གནང་ན་ཆོས་དང་རིག་གཞུང་གི་བདག་པོ་ཡིན་པའི་ང་རྒྱལ་ཙམ་ཞིག་མ་གཏོགས་བདག་པོ་ངོ་མ་དེ་ནུབ་ཕྱོགས་ཀྱི་དབུ་སྐྲ་སེར་པོ་ཅན་འདི་ཚོ་ཆགས་བཞིན་པའི་གནས་སྟངས་ལ་ཡང་བསམ་བློ་གཏོང་དགོས་བྱུང་། དགོང་མོར་ཚེས་བཅོ་ལྔའི་ཟླ་འོད་ཀྱི་ཀློང་དུ་སྐྱེད་ཚལ་གྱི་བྱང་ངོས་མཎཌལ་སྤུངས་འདྲའི་རི་དེའུ་ཆུང་ཆུང་ཐོལ་བརྒལ་ཉམས་བཞེས་ཀྱི་ཆེད་དུ་དམིགས་པའི་སྒྲུབ་ཁང་བརྩིག་འཆར་ཡོད་པ་དེའི་རྩེར་མ་ཅིག་ལབ་ཀྱི་སྒྲོན་མ་ནས་བརྒྱུད་པའི་ཟབ་མོ་གཅོད་ཀྱི་ཉམས་ལེན་བྱས། Tb15
ཚེས་བདུན་ཕྱི་དྲོར་གུས་པས་གསོལ་བ་བཏབ་པ་བཞིན་རྗེ་བླ་མ་གསང་སྔགས་རིན་པོ་ཆེས་ཨོ་རྒྱན་རྩ་གསུམ་གླིང་པའི་གཏེར་ཆོས་ཨོ་རྒྱན་སྨན་བླ་དང་ཨོ་རྒྱན་ནོར་ལྷ། ཨོ་རྒྱན་རྡོ་རྗེའི་གུར་གསུམ་གྱི་བཀའ་དབང་དགྱེས་བཞིན་བསྩལ་པའི་བཀའ་དྲིན་བསམ་ལས་འདས། རིན་པོ་ཆེ་འདི་བ་ལུང་རྟོགས་ཀྱི་ཡོན་ཏན་དུ་མའི་མཛོད་དུ་གྱུར་ཀྱང་རྟག་པར་དམན་ས་འཛིན་པའི་སྐྱེས་བུ་དམ་པ་ཞིག་ཡིན། ཨོ་རྒྱན་རྩ་གསུམ་གླིང་པ་ནས་བརྒྱུད་པའི་གནམ་ལྕགས་ཀྱི་ཆོས་སྐོར་དུ་མ་འཕྲུལ་པར་དུ་བཞེངས་པ་དང་། འབྲུག་དང་བལ་ཡུལ། རྒྱ་གར། ཨ་རི་དང་ཐེ་ཝན་སོགས་སུ་ཆོས་ཀྱི་བསྟི་གནས་དགོན་པ་གསར་བཞེངས། དབང་ལུང་ཁྲིད་གསུམ་གནང་བ་སོགས་བསྟན་པ་སྤྱི་སྒེར་གྱི་མཛད་འཕྲིན་རླབས་ཆེན་པོ་དུ་མ་ཞིག་བསྐྱངས་དང་སྐྱོང་བཞིན་མཆིས། ཁོང་གི་བརྩམས་ཆོས་ལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་པད་རྒྱལ་གླིང་པའི་རྣམ་ཐར་དང་རྗེ་ཉིད་ཀྱི་རྣམ་ཐར་འབྲི་བཞིན་པ། གཞན་པའི་བརྩམས་ཆོས་ཐོར་བུ་མང་དུ་མཆིས་ཤིང་། རྗེ་འདིའི་གཟིམ་ཁང་གི་རྩིགས་ངོས་སུ་ཁོང་གི་རྩ་བའི་བླ་མ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་བཅས་པའི་བསྟོད་པའི་སྙན་ངག་ཀུན་བཟང་འཁོར་ལོ་སྙན་པའི་ཚད་དུ་ཕྱིན་པ་ཞིག་ཀྱང་ཐེངས་འདིར་ཞོགས་པ་རེ་རེ་བཞིན་ཁོང་དང་ལྷན་དུ་ཞོགས་ཟས་ལ་རོལ་བའི་སྐབས་སུ་མཇལ་བྱུང་།
TB13
ཚེས་བརྒྱད་ཉིན་སྔར་བཞིན་གསང་བ་ཡེ་ཤེས་མཁའ་འགྲོའི་སྒྲུབ་མཆོད་ལ་བཅར་ཞིང་ཕྱི་དྲོའི་ཚོགས་འཁོར་གྱི་རྗེས་སུ་རྗེ་བླ་མ་དང་ཁོང་གི་ཞལ་སློབ་ཚོར་གྱེས་ཕྱག་ཞུས་ཏེ་གནམ་ཐང་དུ་བསྐྱོད། ཉིན་འདིར་ཆར་བ་ཕྲན་བུ་བབས་ཤིང་གློག་འོད་འཁྱུག་པ་སོགས་ཀྱི་རྐྱེན་གྱིས་གནམ་གྲུ་ཆུ་ཚོད་གཅིག་ཙམ་ཕྱིར་འགྱངས་བྱས། གནམ་ཐང་དུ་རྗེ་བླ་མ་གསང་སྔགས་རིན་པོ་ཆེའི་སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་གྱི་ངོ་སྤྲོད་དང་སྟོན་པའི་སྐུ་བརྙན་མཐོང་ན་མི་མཐུན་པ་མེད་པ་ཞིག གཞན་རིན་པོ་ཆེ་ཁོང་གིས་གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་སྐུ་པར་ཞིག་བཅས་མཇལ། འདི་ནི་ཨ་རིའི་གནམ་ཐང་ཞིག་ནས་སྟོན་པའི་སྐུ་བརྙན་དང་བོད་ཀྱི་བླ་མའི་སྐུ་པར་མཇལ་བ་དང་པོ་དེ་ཡིན། དགོང་མོར་གནམ་ཐང་ནས་གླ་འཁོར་ལ་བསྡད་དེ་རང་གི་ཆོས་ཚོགས་སུ་འབྱོར་དུས་མཚན་གྱི་ཆུ་ཚོད་བཅུ་གཅིག་ཟིན་འདུག

—-ཅེས་པ་འདི་ཡང་རྒྱལ་ཁམས་ཉུལ་བའི་དྲ་རི་དྲ་ཨོ་རྒྱན་འབངས་སམ་མཁའ་འགྲོའི་སྙིང་ཚིལ་གྱིས་བྲིས།

ངོ་སྤྲོད།

Post navigation

Previous Post: ྋསྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས་མདོ་སྨད་དབྱར་སྐྱིད་ཐོག་བསྩལ་པའི་གསུང་བཤད།
Next Post: ངས་མཐོང་བའི་ཨ་ལགས་འཇིགས་མེད་རིན་པོ་ཆེ།

Comments (5) on “སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་དང་སྤྲུལ་སྐུ་གསང་སྔགས་རིན་པོ་ཆེ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-06-13 at 7:51 pm

    ཕྱི་གླིང་ཡུལ་དུ་ནང་བསྟན་དགུང་ལ་ཤར་།
    སངས་རྒྱས་སྟོང་སྐུའི་སྐྱེད་ཚལ་བདེ་སྐྱིད་སྦྱིན་།
    ལས་ཅན་བུ་སློབ་མཐར་ལམ་འགོད་པའི་གླིང་།
    ནང་བསྟན་ནུབ་གླིང་ཡུལ་དུ་མེ་ལྟར་སྤར་།

  2. དགའ་སྐུ་ says:
    2017-06-14 at 3:24 am

    ངོ་སྤྲོད་གསལ་བཤད་གནང་བར་དགའ་བསུ་ཞུ།

  3. འཚུབ་མ་རྒོད་པོ། says:
    2017-06-14 at 6:51 am

    ཕྱོགས་ཞེན་བྲལ་བ་ཆོས་ཀྱི་བྱེད་སྒོར་ཞུགས་དུས་ཕྱོགས་ཞེན་གྱི་བསམ་བློ་ཤུགས་དྲགས་འཁོར་བ་འདི་རྟེན་འབྲེལ་འགྲིག་པའི་ནང་ནས་མ་འགྲིག་པ་ཆེན་པོ་ཞིག་གོ

  4. གཡག་རྒོད། says:
    2017-06-14 at 2:56 pm

    ལྷ་སྐུ་འདྲ་བཞེངས་ཏེ་བསྡད་ན་ནང་བསྟན་པའི་ཆོས་དེ་རྨོངས་དད་ཀྱི་ཕྱོགས་སུ་འགྲོ་བཞིན་ཡོད་དམ་གང་ཞིག་ལ་ཁ་ཕྱོགས་ཀྱི་ཡོད་ཅི་ཆ།

  5. རྫ་ཚེ་རིང་བཀྲ་ཤིས། says:
    2017-06-20 at 7:06 am

    ཆ་ཚང་བཀླགས་པ་ཡིན། ངོ་སོ་བསྟོད། གུས་པ་དང་ཡི་རང་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme