Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ལ་གཉེན་འཕྲད་དུ་བསྐྱོད་ན་་་་་་།

Posted on 2017-06-102017-06-10 By ཁ་བརྡ་ 2 Comments on བོད་ལ་གཉེན་འཕྲད་དུ་བསྐྱོད་ན་་་་་་།

བསྟན་འཛིན།

 
ཁྱེད་རང་རྒྱ་མིའི་གཞུང་ཚབ་ཁང་གིས་སྤྲད་པའི་སྤ་སེ་འཁྱེར་ནས་བོད་ལ་གཉེན་འཕྲད་དུ་འགྲོ་མཁན་ཡིན་པ་དང་། དེ་ཡང་ཁྱོད་ཀྱི་སྤ་སེ་དེ་བལ་ཡུལ་རྒྱལ་སའི་རྒྱ་མིའི་གཞུང་ཚབ་ནས་རག་པ་ཡིན་ན། ངེས་པར་དུ་ས་ཐོག་ནས་འགྲོ་དགོས་པ་ལས། གནམ་གྲུར་བསྡད་ནས་འགྲོ་མི་ཐུབ། དེ་སྔ་འགྲམ་འགག་སྒོ་ཡིན་ན་ཏོག་ཙམ་གུ་ཡངས་ཡིན་མོད། ད་ལྟ་འགྲམ་འགག་སྒོ་བཀག་ཟིན་པས། ཁྱེད་རང་ངེས་པར་དུ་སྐྱིད་གྲོང་གི་ར་སོག་ཟམ་པ་བརྒྱུད་ནས་འགྲོ་དགོས་ལ། དེ་ནི་ཧ་ཅང་དམ་པོ་ཡིན།

རྒྱ་མིའི་གཞུང་ཚབ་ཁང་གིས་སྤྲད་པའི་སྤ་སེ་དེ་རྒྱ་མི་ལ་རྙོག་དྲ་མེད་ཀྱང་། རྒྱ་གར་ནས་རག་པའི་སྤ་སེ་དེ་རྒྱ་གར་ཉེན་རྟོག་པར་སྟོན་མི་ཆོག་པ་ནང་བཞིན། བལ་ཡུལ་ནས་རག་པའི་སྤ་སེ་དེ་ཡང་བལ་པོའི་དམག་གིས་མཐོང་ན་རྙོག་དྲ་ལྷགས་རྐྱང་རེད།

དེ་སྔའི་འགྲམ་གྱི་གནས་སྟངས་དང་མི་འདྲ་བར། ར་སོག་ཟམ་པ་བརྒྱུད་ནས་ཕར་འགྲོ་མཁན་གྱི་བལ་པོའི་མི་རྣམས་ནི། ར་སོག་རྫོང་གི་མི་ཡིན་དགོས་པ་དང་། དེ་ཡང་ཚོང་པ་དང་དེའི་ལས་རོགས་ཤ་སྟག་ཡིན་པ་ལས་སྤྱིར་བཏང་གི་མི་ཕར་ཕྱོགས་ལ་འགྲོ་རུ་འཇུག་གི་མེད་པ་རེད།

དེས་ན། ཁྱེད་རང་བལ་པོའི་མི་ལ་བརྫུས་ནས་འགྲོ་བའི་ཐབས་ཤེས་མེད། ཐབས་ཤེས་གཅིག་རང་གཅིག་ཡོད་པ་ནི་དངུལ་བརྫངས་ནས་འགྲོ་རྒྱུ་དེ་རེད། ཐབས་ལམ་འདི་མ་བརྒྱུད་པར་ཐད་ཀར་ས་མཚམས་བར་དུ་ཕྱིན་ནས་ཨུ་ཚུགས་བྱེད་མཁན་མང་པོ་འཇུས་ནས་ཕྱིར་སློག་བྱས་ཡོད་པ་རེད།

ང་ཚོ་བོད་ལ་འགྲོ་སྐབས། མི་རེས་བལ་སྒོར་ཉིས་ཁྲི་ལྔ་སྟོང་རེ་སྤྲད་ནས་ཕྱིན་པ་ཡིན། ཟམ་པ་བརྒལ་རྗེས། དམག་མིས་འདྲི་རྩད་རོབ་ཙམ་བྱས་ཤིང་། དེ་ནས་སྐྱིད་གྲོང་གྲོང་བརྡལ་གྱི་ཉེན་རྟོག་མི་སྣར་ཁ་པར་བཏང་། ཉེན་རྟོག་པ་སླེབས་རག་བར་དུ་ཆུ་ཚོད་འགའ་ཤས་འགོར། སྐྱིད་གྲོང་གྲོང་བརྡལ་གྱི་ཉེན་རྟོག་ཁང་དུ་སླར་ཡང་འདྲི་རྩད་བྱས། ད་གིན་ཟམ་ཁར་གང་ལབ་པ་དེ་རང་འཇགས་ལབ་ཐུབ་ན་རྙོག་དྲ་མེད།

ལྷ་ས་རུ་འབྱོར་རྗེས། <<ཕྱི་སྡོད་བོད་རིགས་སྤུན་ཟླ་རྒྱལ་ནང་དུ་ཚུར་ལོག་ཐོ་འགོད་ཨུ་ཡོན་ལྷན་ཁང་།>> ཟེར་བའི་ལས་ཁུངས་ལ་ཕྱིན་ནས། ལག་དེབ་དམར་པོ་ཞིག་ལེན་དགོས། ལག་དེབ་དེ་མེད་ན། རྒྱ་མིའི་གཞུང་ཚབ་ཁང་གིས་སྤྲད་པའི་སྤ་སེ་དེས་གནམ་གྲུ་དང་མེ་འཁོར་གྱི་སྤ་སེ་ཉོ་མི་ཐུབ་པས་ཁྱེད་ལ་དཀའ་ངལ་འཕྲད་ངེས་རེད། ལས་ཁུངས་དེ་སྔོན་ཆད་ལྕགས་པོ་རིའི་རྒྱབ་ལོགས་བདེ་སྐྱིད་ལམ་ཟེར་བའི་ས་ཆ་རུ་ཡོད་མོད། ད་ལྟ་གནས་སྤོ་བྱས་ནས་སེ་ར་ལྷོ་ལམ་ན་ཡོད།

བར་སྐོར་གཡས་གཡོན་ནས་ཁྲོམ་གཟིགས་སྒང་འབབ་ཚུགས་སུ་སྤྱི་སྤྱོད་རླངས་འཁོར་ཨང་༢༨ པར་བསྡད་ནས་འབབ་ཚུགས་བརྒྱད་འདས་པའི་དགུ་པ་དེ་ལ་གསེར་ཟམ་མགྲོན་ཁང་་(ཅིན་ཆོའོ་ཧྥན་ཏེན།) འབབ་ཚུགས་ཟེར་ཞིང་། དེར་སྤྱི་ཚོགས་རིང་ལུགས་སློབ་གླིང་ཞེས་སྒོ་བྱང་སྦྱར་བའི་ཁང་བརྩེགས་ཤིག་ཡོད། དེའི་སྒོ་ཆེན་ནང་དུ་མ་འཛུལ་བར་གཡས་ཕྱོགས་ཀྱི་གློ་སྒོའི་ནང་འཛུལ་ནས་ཐོག་བརྩེགས་བཞི་བར་ཕྱིན་ན། དེ་ནི་ཕྱིར་སྡོད་བོད་རིགས་སྤུན་ཟླར་སྣེ་ལེན་བྱེད་ས་ཡིན། ཐོག་མར་ལྷ་སར་འབྱོར་རྗེས་ལས་ཁུངས་དེར་ཕྱིན་ནས་ལག་དེབ་དམར་པོ་དེ་ལེན་དགོས་པ་དང་། ལག་དེབ་དེ་(ཞིང་ཆེན་གཞན་གྱི་མི་ཡིན་ན།) རང་རང་སོ་སོའི་ཕ་ཡུལ་གྱི་གོང་གསལ་ལས་ཁུངས་ལ་ཐོ་འགོད་བྱ་དགོས། ཕྱིར་ལྷ་སར་འབྱོར་ཚེ་ཡང་གོང་གསལ་ལས་ཁུངས་ལ་བསྐྱར་དུ་ཐོ་འགོད་བྱ་དགོས་ཤིང་། སྤྱིར་བཏང་ལྷ་སར་ཉིན་གསུམ་ལས་བསྡད་མི་ཆོག་ཟེར་ཡང་། རྒྱུ་མཚན་ཡོད་ན་ཉིན་གསུམ་བསྐྱར་ལེན་བྱ་འོས། ལྷ་ས་གྲོང་ཁྱེར་དང་ཉེ་འཁོར་སེར་འབྲས་དགའ་གསུམ་སོགས་སུ་འགྲོ་སྡོད་བྱེད་པར་ལག་དེབ་དེས་ཕན་མི་ཐོགས་པ་མེད། འོན་ཀྱང་། བསམ་ཡས་སོགས་སུ་འགྲོ་བར་ལག་དེབ་དེས་གོ་མི་ཆོད།

ལྷ་སར་ཉེ་འབྲེལ་དང་ངོ་ཤེས་སོགས་ཡོད་ན་དེའི་ཁྱིམ་དུ་བསྡད་ཆོག་ཅིང་། དེ་ལ་དོ་བདག་དེས་ལས་ཁུངས་གསུམ་ཙམ་ལ་སོང་ནས་མིང་རྟགས་བཀོད་ནས་འགན་ལེན་སོགས་བྱེད་དགོས་པས་དཀའ་རྙོག་ཆེ། ཕྱིར་སྡོད་བོད་རིགས་བསྡད་ཆོག་པའི་མགྲོན་ཁང་ལྷ་ས་གླིང་ན་བཞི་ལྔ་ཞིག་ལས་མེད་པར་བཤད་ཅིང་། སྦྲ་ནག་ཞོལ་མགྲོན་ཁང་ནི་གོང་ཁེ་ཤོས་དེ་ཡིན་ཏེ། ཁང་མིག་དཀྱུས་མ་མི་གཅིག་ཅན་ལ་སྒོར་༨༠ དང་མི་གཉིས་ཅན་ལ་༡༥༠ རེད། གསང་སྤྱོད་ཁྲུས་ཁང་ཅན་(མི་གཉིས་ཅན།) ལ་སྒོར་༢༢༠ རེད། འདི་ནི་སྤྱི་ཟླ་བཅུ་པའི་ནང་གི་གོང་ཚད་ཡིན་པས་དབྱར་དུས་སུ་འདི་ལས་ལྡབ་གཅིག་གིས་ཆེ་བ་ཡོད་ངེས།

ལྷ་ས་དང་ཁ་འབྲལ་སྐབས། ལག་དེབ་དེ་གོང་གསལ་ལས་ཁུངས་ལ་ཕྱིར་སྤྲོད་བྱེད་དགོས་ཤིང་། དེ་སྤྲད་རྗེས་ས་མཚམས་བར་དུ་སྐྱོད་ཆོག་པའི་ངོ་སྦྱོར་ཡི་གེ་ཞིག་སྤྲད་པར་འགྱུར། ཡི་གེ་དེ་མེད་པར་ལག་དེབ་སྔོ་རིལ་གཅིག་པོ་འཁྱེར་ནས་འོངས་ན། ལམ་དུ་ཞིབ་བཤེར་བས་ཁྱེད་ལ་དཀའ་ངལ་བཟོ་སྲིད། དེ་གཉིས་ལྷན་དུ་ཡོད་ན་དཀའ་རྙོག་མེད། ར་སོག་ཟམ་ཁའི་ཞིབ་བཤེར་ས་ཚིགས་སུ་ངོ་སྦྱོར་ཡི་གེ་དེ་ཞིབ་བཤེར་བས་ཉར་ཚགས་བྱེད། དེ་ནས་ཁྱེད་རང་ཟམ་པ་བརྒལ་ནས་ཤོག་དང་། བལ་བོའི་ཉེན་རྟོག་པ་སྐོར་ཞིག་གིས་ཁྱེད་ལ་སྒུག་བསྡད་ཡོད། ཁྱོད་ཀྱིས་ནེ་པ་ལི་དང་ཧིན་རྡིའི་སྐད་གང་རུང་ཤེས་ན། ཁོ་ཚོས་ཁྱེད་རང་ཕྱིར་སློག་བྱེད་པའམ། བཙོན་འཇུག་བྱེད་པ་སོགས་མི་བྱེད་མོད། ཁྱོད་ཀྱིས་བལ་སྒོར་སྟོང་ལོར་འགའ་ངེས་པར་དུ་གྲ་སྒྲིག་བྱེད་དགོས།

ངོ་སྤྲོད།

Post navigation

Previous Post: ཁྲིམས་མེད་ལུགས་མེད་ཀྱི་སྲིད་འཛིན་ལས་འཁུར།
Next Post: བོད་པའི་སློབ་ཕྲུག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་༡༢པའི་རྒྱུགས་འབྲས།

Comments (2) on “བོད་ལ་གཉེན་འཕྲད་དུ་བསྐྱོད་ན་་་་་་།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-06-10 at 7:46 pm

    བྱ་རྒས་ན་ཤིང་དང་མི་རྒས་ན་ཕ་ཡུལ་དྲན་ཟེར་བ་ལྟར་མི་ལོ་བཅུ་ཕྲག་
    དྲུག་མ་ཟིན་ཙམ་མི་ཡུལ་དུ་འཚོ་གནས་ལ་ཕྱི་མིག་བལྟ་སྐབས་ཕ་
    ཡུལ་ལ་ཁ་ཕྱོགས་རྒྱུ་དེ་ཕྱི་མ་དྲག་ན་འང་སྔ་གང་ནས་ཡོད་ཕ་ཡུལ་
    ལ་འགྲོ་སའི་ལམ་བརྒྱུས་ལམ་སྟོན་གནང་བ་ཐུགས་རྗེ་ཆེ་བཀྲིན་ཆེ་།

  2. བཀྲ་ཡེ་ཚང་། says:
    2017-06-12 at 6:39 pm

    གནས་ཚུལ་འདི་ས་མཚམས་བརྒྱུད་ནས་རེད་དམ་་་་་མཁའ་ལམ་བརྒྱུད་ན་དེ་འདྲ་དགོས་ན་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme