Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༦)

Posted on 2017-05-11 By ཁ་བརྡ No Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༦)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

དྲུག ཀ་ལི་སྦུག

ཀ་ལི་སྦུག་ནི་འབྲས་ལྗོངས་ནས་རི་གཤམ་དུ་ཆུ་ཚོད་གཉིས་ཙམ་བབས་རྗེས་སླར་ཡང་གྱེན་དུ་ཕྱོགས་ཏེ་རླངས་འཁོར་ནང་ཆུ་ཚོད་ཕྱེད་ཙམ་ནས་སླེབས་ཀྱི་འདུག།གྲོང་ཁྱེར་དེ་ནི་ཅུང་མཐོ་བའི་རི་ཞིག་གི་ཁ་ཞེང་ཡངས་ས་ཞིག་ཏུ་ཡོད་ཅིང་། ཟུར་གཅིག་ནས་བལྟས་ན་རི་མཐོན་པོ་ཞིག་གི་རྩེར་ཡོད་པ་འདྲ་ནའང་། ཕྱོགས་གཞན་ནས་བལྟས་ན་རི་མཐོ་བའི་སྣང་བ་མི་སྟེར་བར་མ་ཟད། ལུང་ཁུག་གི་ཆུ་བཞུར་ས་ལའང་ཐག་མི་རིང་བས་རི་ཐེམ་ཅུང་བདེ་ས་ཞིག་ན་ཆགས་འདུག རླངས་འཁོར་མང་བ་དང་། ལམ་གྱི་ཞེང་ཚད་ཆུང་བས་གཟའ་འཁོར་གཅིག་ནང་གི་ཚོང་འདུས་ཆེ་ཆུང་གཉིས་ཀྱི་སྐབས་ལམ་དུ་རླངས་འཁོར་ཐར་དཀའ་ཚོད་དུ་ཡོད་པས་ཅུང་དོགས་པའི་སྣང་བ་སྟེར། ཀ་སྦུག་ཏུ་ཡོད་པའི་དགོན་པ་དགེ་ལྡན་ཐར་བ་ཆོས་གླིང་ན་བཞུགས་པའི་སེར་བྱེས་དགེ་བཤེས་བློ་བཟང་ཡོན་ཏན་དང་སེར་བྱེས་དགེ་བཤེས་བསྟན་འཛིན་མཆོག་གྲུབ་གཉིས་དང་མཉམ་དུ་ཀ་ལི་སྦུག་གི་ཁོར་ཡུག་དང་ཚོང་ཁྲོམ་ལ་གཡེངས། ཚོང་ར་ན་རྒྱ་སྲས་ཟ་འོག་རིགས་དང་། འབུ་རས། ཐེར་མ་སོགས་རྒྱུ་སྤུས་ལེགས་པ་མང་པོ་འདུག།བོད་ཀྱི་བཀའ་བློན་ཞྭ་སྒབ་པའི་གློག་བརྙན་སྟོན་ས་རེད་ཟེར་བའི་ཁང་གོག་ཧ་ཅང་ཆེ་བ་ཞིག་དང་། དེ་ནས་བར་ཐག་ཅུང་རིང་ས་ཞིག་ན་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཕྱག་ལས་གནང་མྱོང་སའི་ལས་ཁུངས་ཏེ། བྷ་བུ་མཐར་ཕྱིན་གྱི་གསར་འགྱུར་མེ་ལོང་གི་པར་ཁང་རེད་ཟེར་བའི་རྩ་ལྡུམ་གྱིས་གང་ཞིང་ལྕགས་ཚེར་གྱི་རྭ་བ་ཅན། དབྱིན་ཡིག་གི་སྒོ་བྱང་རྩ་ལྡུམ་གྱིས་མནན་པ་ཞིག་འདུག་ལ། སྔོན་མ་དེ་གར་ལྕགས་ཤོག་གི་ཁང་པ་དང་། ཅ་དངོས་རྙིང་པ་ཁ་ཤས་ཡོད་ཚུལ་འདུག་ཀྱང་ཟླ་ཤས་གོང་གཏོར་ཚར་འདུག དེའི་འཁྲིས་སུ་ཁང་པ་དཀར་པོ་སྒལ་ཟོར་ཅིག་ལ་བོད་ཡིག་གི་སྒོ་བྱང་ཅན་ཞིག་འདུག་པ་ནི་བྷ་བུ་མཐར་ཕྱིན་གྱི་ཁང་པ་རེད་ཟེར། ལོ་སྔོན་མར་བྷ་བུ་མཐར་ཕྱིན་ལ་ཞིབ་འཇུག་གི་ཆེད་དུ་མགོ་སེར་ཁ་ཤས་ཡོང་ནས་ཁོང་གི་སྡོད་ས་དང་ཅ་དངོས་ལ་ལྟ་སྐབས་ཡིད་ཕངས་པ་ཞིག་ལ། བུ་ཕྲུག་ཚོས་ཅ་དངོས་རྙིང་པ་དག་བཙོང་ཚར་ནས་ཡོད་ཚོད་མི་འདུག ༡༩༦༠ ཙམ་ལ་བཙུགས་པའི་བོད་ཀྱི་སློབ་གྲྭ་ཞིག་འདུག་པ་འདིའི་སྐོར་ལ། ༸གོང་ས་ཡིད་བཞིན་ནོར་བུའི་བཀའ་སློབ་ཅིག་གི་ནང་དུ་ཡང་འདི་ལྟར་འཁོད་འདུག།ཕྱི་ལོ་༡༩༦༠ལོ་ནས་ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་སའི་སློབ་གྲྭ་བཙུགས་པའི་ཁོངས་ནས་ཀ་སྦུག་འདི་གཅིག་རེད། དེ་ལྟར་ང་ཚོས་ཐོག་མར་དམིགས་ཡུལ་ངེས་ཅན་ཞིག་དང་རེ་བ་ཇི་ལྟར་བརྒྱབ་པ་བཞིན་ད་ལྟ་བར་དུ་གྲུབ་འབྲས་སུ་སློབ་སྦྱོང་ཐོན་པའི་ཕྲུ་གུ་མང་པོ་ཞིག་བྱུང་ཡོད། དེ་བཞིན་སློབ་སྦྱོང་བྱེད་བཞིན་པ་ཚོས་ཀྱང་ཧུར་ཐག་ངང་སློབ་སྦྱོང་ཡག་པོ་བྱེད་རོགས་ཟེར་རྒྱུ་ཡིན་ཞེས་༢༠༡༠ལོར་གསུངས་འདུག

ཡུལ་འདིའི་མིང་འབོད་སྟངས་དང་ཐོགས་ཚུལ་བཅས་ལ་བཤད་ཚུལ་མི་འདྲ་བ་ཁ་ཤས་འདུག ཀ་ལི་སྦུག ཀ་ལིན་སྦུང་། བཀའ་བློན་སྦུག་སོགས་འདྲ་མིན་བཤད་སྲོལ་འདུག་ཀྱང་། སའི་དབྱིབས་ཀ་ལིའམ་ཀླད་ཕོར་འདྲ་བའི་ནང་དུ་ཆགས་པའི་རྒྱུ་མཚན་གྱིས་ཀ་ལི་སྦུག་ཟེར་བ་དང་། ཡང་གོ་ཚོད་ལྟར་ན། ལ་ཕྱེད་ཟེར་བའི་གནའ་བོ་ཡུལ་མིས་ཤིང་ཤུག་པའི་མིང་ལ་ཀ་ལི་ཟེར་བ་དང་། དེ་ནི་སྤོས་སྡོང་ཞེས་པའི་དོན་ཡིན་ཚུལ་འདུག་ཀྱང་གསལ་བོར་མ་ངེས། ཕྱིས་སྒྲ་འགྱུར་ནས་ཀ་ལི་སྡོང་པོ་ལ་ཀ་ལི་སྦུག་ཅེས་འབོད་སྲོལ་ཆགས་པ་ཡིན་ནམ། གང་ལྟར་ཤུག་པ་དེ་སྤོས་བཟོ་བྱེད་ཡིན་པའི་ཆ་ནས་སྤོང་སྡོང་ཟེར་སྲོལ་ཡོད་པར་མ་ཟད། ཡུལ་འདིར་ཤུག་པ་མང་བའི་ས་ཆ་ཞིག་ལ་སྤོས་སྡོང་ཟེར་བ་ད་ལྟ་ཡང་འདུག ཀ་ལི་སྦུག་ནི་རྡོ་རྗེ་གླིང་གི་ཉེ་འཁྲིས་སུ་ཡོད་ཚུལ་གོ་ཐོས་ཡོད་པས། རྒྱུས་ཡོད་ཚོར་སྐད་ཆ་དྲིས་པས་རླངས་འཁོར་ནང་སོང་ན་ཆུ་ཚོད་གཉིས་ལྷག་འགྲོ་དགོས་པ་ཤེས་པས། ལས་གྲོགས་ཕྱག་མཛོད་དང་ངེད་གཉིས་སུ་ཡིན་ཀྱང་དེ་སྔ་རྡོ་རྗེ་གླིང་ལ་འགྲོ་མྱོང་མེད་སྟབས། སྤྱི་ཚེས་༡༩ ཉིན་དགེ་བཤེས་བློ་བཟང་ཡོན་དན་དང་མཉམ་དུ་རྡོ་རྗེ་གླིང་ལ་འགྲོ་བའི་ལམ་དུ་ཆས།   (མུ་འགོད།)

ལྷུག་རྩོམ།

Post navigation

Previous Post: བུ་མོའི་མཐོ་རྒྱུགས་ལ་གསོལ་འདེབས་དད་པ་རུས་འཇུ་མ།
Next Post: སྙན་ངག་གྱེར་འདོན་དགོང་ཚོགས་གསལ་བསྒྲགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme