Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྩེ་གདུང་གི་རྨ་ཁ།

Posted on 2017-05-07 By ཁ་བརྡ No Comments on བརྩེ་གདུང་གི་རྨ་ཁ།

ཞི་བདེའི་ལང་ཚོ།

 

འགྱུར་མེད་ཀྱི་བརྩེ་སེམས། དྲན་གདུང་གི་མིག་ཆུ། ལྷད་མེད་ཀྱི་ལྷག་བསམ། དྲང་བདེན་གྱི་སྙིང་གཏམ། ཡིད་འཕྲོག་གི་ཟླ་མོ། ཡུལ་དུས་གང་དུ་སོང་ཡང་ནམ་ཡང་བརྗེད་ཐབས་མེད་པའི་བདག་གི་སྙིང་ནས་སྙིང་དུ་སྡུག་པའི་ཟླ་མོ་ལགས། བཅོ་ལྔའི་དུང་ཟླ་བཞིན་དུ་དཀར་ཞིང་མཛེས་པའི་ཁྱེད་ཀྱི་བཞིན་བཟང་དེ་ཉིད། གང་དུ་སོང་ཡང་ངའི་ཡིད་སེམས་ཀྱི་མེ་ལོང་ནང་དུ་ལྷང་ངེར་འཆར་བཞིན་ཁྱེད་ཉིད་དྲན་གདུང་གིས་ངའི་སེམས་ཁམས་ཡོངས་སུ་བཟི་སྟེ་མཆིས་ཉལ་པ་ནས་མཆིས་ཉལ་པ་ཞིག་ཏུ་འགྱུར་ནས། སེམས་རྣལ་མེད་ཀྱི་སྨྱོན་པ་ཞེས་ངའི་སྙིང་དམར་གྱི་དབུས་སུ། ཀུན་གྱིས་འཕྱ་སྨོད་ཀྱི་མཚོན་ཆ་ཇི་ཙམ་དུ་བསྣུན་ན་ཡང་། ངས་ཁྱེད་ལ་བཅངས་བའི་འགྱུར་མེད་ཀྱི་བརྩེ་དུང་ནི། ནམ་ཡང་མཚམས་འཇོག་མི་སྲིད་ལ། མ་ཟད་ངས་ཁྱེད་ལ་བཅངས་བའི་ལྷད་མེད་ལྷག་བསམ་གྱི་ནམ་མཁའ་ཡང་ཇི་སྲིད་སའི་གོ་ལ་དེ་ཉིད་མ་འཇིག་པའི་བར། ནམ་ཡང་གཡོ་བ་མེད་པར་ཕ་ལམ་བཞིན་དུ་བརྟན་པོ་ནས་བརྟན་པོར་གནས་བཞིན་ཡོད། དེ་ནི་ངས་ཁྱེད་ལ་བཅངས་བའི་བརྩེ་དུང་གི་དམ་བཅའ་ཐོག་མ་དེ་ཡིན།

སྙིང་སྡུག་མ་ལགས། ཁྱེད་ཀྱིས་ཤེས་སམ་ཅི། ང་གཉིས་མི་འདོད་བཞིན་དུ་ལས་དབང་གི་རླུང་གིས་ལོ་ངོ་གཅིག་གི་རིང་། འཕྲད་པའི་རང་དབང་དང་བྲལ་རྗེས། བཟོད་དུ་མེད་པའི་ཚ་ངར་གྱི་མེ་ལྕེ་ལྷམ་ལྷམ་དུ་འབར་ཞིང་། གྲང་བའི་རླུང་ཡང་ཚ་བའི་རང་བཞིན་དུ་གྱུར་བའི་རྒྱ་གར་འཕགས་ཡུལ་གྱི་རྒྱལ་ས་ལྡི་ལི་རུ། འགྱུར་མེད་ཀྱི་བརྩེ་དུང་གིས། སླར་ཡང་ང་གཉིས་འཕྲད་པའི་ཉིན་མོ་དེར། ཁྱེད་མཐོང་མ་ཐག་ཏུ་ངའི་སེམས་ནང་དུ་དགའ་བའི་སྤྲིན་པས་ཁེངས་ཏེ། སྐྱིད་པའི་ཆར་པ་སིམ་སིམ་བབས་བཞིན། དེ་མ་ཐག་ཏུ་ཁྱེདཉིད་དྲན་དུང་གི་ལོ་ཏོག་མ་ལུས་ཡོངས་སུ་སྨིན་པ་ནི། ས་གོ་ལ་དེའི་ནང་།ངའི་སེམས་ནད་ཀྱི་སྨན་ཁྱེད་ཁོ་ན་ལས་མེད་པར་མཚོན་གྱིན་ཡོད་པ་ནི་སྨྲོས་ཅི་དགོས། མ་ཟད་ཉིན་དེར་ཁྱེད་ཀྱི་ལག་པས་ངའི་ཕྲག་པ་ནས་བཟུང་སྟེ་གཉིད་བདེ་རོལ་བའི་སྐབས། སྐོམ་པ་ཆུ་དང་འཕྲད་པ་བཞིན་ངའི་སེམས་ནང་ལྷོད་བདེ་ཡིས་ཡོངས་སུ་ཁེངས་ཏེ། རྟག་ཏུ་ཁྱེད་དང་ལྷན་དུ་དེ་ལྟར་སྡོད་རྒྱུ་བྱུང་ན་ཅི་མ་རུང་སྙམ་པའི་སེམས་ཚོར་གྱི་མེ་ལྕེ་ལྷམ་ལྷམ་འབར་བྱུང་། འོན་ཀྱང་དུས་་་ཀྱིས་་་རྐྱེན་པས་ཡུད་ཙམ་གྱི་རྗེས་སུ་སླར་ཡང་མི་འདོད་བཞིན་དུ་ཁྱེད་དང་འབྲལ་དགོས་བྱུང་ཞིང་། མ་ཟད་སྐབས་དེར་ཁྱེད་ཀྱི་མི་སྙན་པའི་ཚིག་གི་སྤུ་གྲི་ཡིས། ངའི་སྙིང་དམར་མ་ལུས་ཡོངས་སུ་དུམ་བུར་གཤགས་ཏེ་ངའི་སེམས་ནང་སྐྱོ་བའི་ཁྲག་དམར་གྱི་རྒྱ་མཚོ་འཁྱིལ་ཞིང་། འདྲེན་འབྱེད་གཉིས་ནས་བརྩེ་དུང་གི་མིག་ཆུ་ཤར་ཤར་དུ་ལྷུང་བས། ཡངས་ཤིང་ཆེ་བའི་ས་གོ་ལ་དེའི་ནང་། ཁྱེད་ནི་ངའི་ཡོད་ཚད་ནས་ཡོད་ཚད་ཡིན་པའི་ནམ་ཡང་བསུབ་ཏུ་མེད་པའི་དཔག་རྟགས་རྐང་རྗེས་ཤིག་ཡིན།

ད་དུང་ཉིན་དེ་ནི་ང་ལ་མཚོན་ན་ནམ་ཡང་བརྗེད་ཐབས་མེད་པའི་དགའ་སྐྱོ་ཡི་རྨ་ཁ་ཞིག་ཡིན་ལ། རྨ་ཁ་དེ་ཡང་སྐྱོ་སྣང་གི་རྣག་ཁྲག་ཁེངས་པའི་བརྩེ་གདུང་གི་རྨ་ཁ་ཞིག་སྟེ། ཉིན་དེ་ནས་བཟུང་ཁྱེད། ང་དང་ལེ་བར་འབུམ་གྱི་ཐག་རིང་དུ་སྐྱོད་ལ་ཉེ་བས་ངའི་ཡིད་སེམས་ཀྱི་རྨ་ཁ་དེ་ཉིད། འགྱུར་མེད་བརྩེ་གདུང་གི་ཁྲག་དང་བཅོས་མིན་སྐྱོ་སྣང་གི་རྣག་གིས་ཡོངས་སུ་ཚོས་ཤིང་། མ་ཟད་སྐབས་འགར་ངའི་ཡིད་སེམས་ཀྱི་རྨ་ཁ་རུ། རིང་ཞིང་རྣོ་ངར་ཆེ་བའི་ཁྱེད་ཉིད་དྲན་གདུང་གི་ཚེར་མ་ཟུག་སྟེ་སྙིང་ཁམས་ཡོངས་སུ་བརྩེ་གདུང་གི་ཁྲག་གི་རྒྱ་མཚོ་འཁྱིལ། དེ་ཉིན་ནས་བཟུང་ཉིན་མཚན་དུས་དྲུག་ཏུ་ངའི་སེམས་ཁམས་ཀྱི་མཁའ་དབྱིངས་སུ་བརྩེ་གདུང་གི་སྤྲིན་པས་ཁེངས། ལྷག་བསམ་གྱི་གློག་དམར་འཁྱུག དྲང་བདེན་གྱི་འབྲུག་སྐད་ལྡིར། དྲན་གདུང་གི་དྲག་ཆར་བབས། ཡིད་ཆེས་ཀྱི་ལོ་ཏོག་རྒྱས། ད་དུང་དུས་དེ་དང་དེ་ནས་བཟུང་ངའི་ཡོད་ཚད་ནས་ཡོད་ཚད་ཀྱི་འདབ་ཆགས་དེ་ཉིད་ཁྱེད་ཀྱི་བརྩེ་དུང་གི་མཁའ་དབྱིངས་སུ་དབང་མེད་དུ་འཕུར་ཏེ་ངའི་ཡིད་སེམས་མ་ལུས་སྐད་ཅིག་ནས་སྐད་ཅིག་ཉིད་དུ་ཁྱེད་ལ་ཡོངས་སུ་དབང་སོང་ལ། མ་ཟད་ངས་ཀྱང་ཁྱེད་ལ་བཅངས་བའི་ལྷད་མེད་ཀྱི་བརྩེ་གདུང་དང་བཅོས་མིན་གྱི་ཡིད་ཆེས་ནི། ཇི་ལྟར་ནམ་མཁའི་དབྱིངས་སུ་མེ་ཤོར་ན་ཡང་། ནམ་ཡང་དོར་ཐབས་མེད་པར་ངའི་སྙིང་དམར་གྱི་དབུས་སུ་ཕ་ལམ་བཞིན་དུ་སྲ་པོར་གནས་ཡོད་ལ། འོན་ཀྱང་ང་གང་དུ་སོང་ཡང་། གང་ཞིག་བྱས་ཀྱང་ངའི་སེམས་ནང་དུ་ཁྱེད་ལ་སེམས་ཁྲལ་དང་དོགས་པ་ཡི་ཚེར་མ་དེ་ཉིད། ཉི་མ་ནུབ་ཀྱང་ཉི་འོད་མ་ཡར་བ་བཞིན་དུ་ཁེངས་བཞིན་ཡོད་པ་ནི། ངས་ཁྱེད་ལ་བཅངས་བའི་བརྩེ་གདུང་ལ་ནམ་ཡང་མཐའ་མེད་པར་མཚོན་གྱི་ཡོད་པ་ནི་སྨྲོས་ཅི་དགོས་ཨང་།

ལྷུག་རྩོམ།

Post navigation

Previous Post: མཁན་པོ་ཀརྨ་ཚེ་བརྟན་གྱི་མཛད་རྣམ་མདོར་བསྡུས།
Next Post: དབྱིན་ཇི་དང་ཡོ་རོབ་གཉིས་ཀྱི་གྲོས་མོལ་དཀའ་ངལ་གྱི་ནང་དུ་ལྷུང་འདུག 

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme