Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)

Posted on 2017-05-042017-05-04 By ཁ་བརྡ 4 Comments on ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)

སེར་བྱེས་དགེ་བཤེས་རྭ་རྒྱ་བློ་བཟང་དཔལ་ལྡན།

 

གསུམ། ཟེ་ལ་རི་རྩེའི་ཇ་ཁང་།

ཕྱག་མཛོད་བློ་བཟང་སྒྲ་དབྱངས་དང་ཞབས་བརྟན་སྒྲུབ་མཁན་དགེ་འདུན་པ་བཞི་བཅས་ཏེ་ཛུ་པུར་ལ་འབྱོར་བའི་ཕྱི་ཉིན་གྱི་ཐོ་རངས་ཆུ་ཚོད་བཞི་དང་ཕྱེད་ཙམ་ནས་ལམ་དུ་ཆས། ཕ་མཐའ་ཡས་པའི་རྒྱ་གར་གྱི་ཐང་ཆེན་པོ་དེ་ཚོ་རིམ་གྱིས་རྫོགས་ཤིང་། ལྗོན་ཤིང་སྟུག་པོར་སྐྱེས་པའི་རི་རྒྱུད་ཆེན་པོ་ཞིག་གི་སྣེ་ཟིན་མཚམས་སུ་རྒྱ་གར་པས་ཨ་རུ་ན་ཅལ་དུ་འབོད་པའི་མངའ་སྡེ་དེའི་སྒོ་ཆེན་མཐོང་བྱུང་། ཉེ་འཁྲིས་སུ་རྒྱ་གར་གྱི་དམག་མི་ཧ་ཅང་མང་པོ་འདུག་ལ།ང་ཚོ་ཉེ་བར་འབྱོར་དུས་དམག་མིས་ཁྱེད་རང་ཚོར་གང་དུ་འགྲོ་རྒྱུ་ཡིན་པ་དང་། ལས་དོན་ཅི་ཡོད། དེ་ཚོ་ཅི་ཡིན་སོགས་རེ་རེ་བཞིན་འདྲི་བཤེར་བྱས་སོང་། རྟ་དབང་དགོན་པར་མཆོད་མཇལ་ལ་འགྲོ་རྒྱུ་ཡིན་པ་དང་། ཅ་ལག་དེ་ཚོ་གོན་པ་དང་ཉེར་མཁོའི་ཡོད་བྱད་ཙམ་ལས་གཞན་ཅང་མེད་ཚུལ་བཤད་རྗེས་འགྲོ་ཆོག་པའི་བརྡ་སྤྲད་སོང་། མངའ་སྡེ་འདིའི་སྒོ་ཆེན་དཀྱིལ་དུ་གཡག་མགོའི་དབྱིབས་ཤིག་མཐོ་ཞིང་བརྗིད་ཉམས་ལྡན་པ་ཞིག་བཟོས་འདུག་པ་དང་། སྒོ་ཆེན་བརྒལ་རྗེས་ཞོགས་ཇ་རོལ་ཙམ་དང་རི་བོ་ཧི་ལ་ཡའི་རི་འདབས་ཀྱི་རླུང་བུའི་རེག་བྱ་མྱོང་ཙམ་བྱས་རྗེས་ལམ་དུ་ཆས།

རི་མཐོ་ལ་རོང་དོག་པ། བགྲོད་ལམ་ལ་གྱ་གྱུ་དང་འབར་འབུར་ཧ་ཅང་མོད་པའི་ལ་ལུང་མང་པོ་བརྒྱུད་མཐར། འབུམ་སྡེ་ལ་ཟེར་བའི་གྲོང་ཚོ་རྒྱ་ཅུང་ཙམ་ཆེ་བ་ཞིག་ལ་སླེབས། དེ་ནི་ཤིང་ནགས་ཅན་གྱི་ལུང་པ་ཕུ་ཐག་རིང་ཞིང་། ལུང་སྟོད་ཁ་ཞིང་ཅུང་ཆེ་ཙམ་ཡོད་པ་ཞིག་ལ་ཆགས་འདུག གནས་དེར་བོད་ལུགས་ཀྱི་དར་ལྕོགས་མང་ལ་དགོན་པ་དང་མཆོད་རྟེན་ཡང་མང་པོ་འདུག མུ་མཐུད་ནས་སོང་བས་ཤིང་ནགས་ཧ་ཅང་སྟུག་པའི་རི་ལུང་མང་པོ་བརྒྱུད་མཐར་རྡི་རིང་ཞེས་པའི་གྲོང་ཚོ་རྒྱ་ཆེ་ཙམ་ཡོད་པ་ཞིག་ལ་སླེབས། དེ་ནི་ཆུ་ཆེན་པོ་ཞིག་གི་ཆུ་འགྲམ་གཡས་གཡོན་དུ་ཆགས་འདུག མུ་མཐུད་ལམ་དུ་བསྐྱོད་ནས་གང་འཚམ་སོང་རྗེས་ཟེ་ལ་ཟེར་བའི་སྐད་གྲགས་ཅན་གྱི་རི་བོ་དེར་འཛེགས་དགོས་ཀྱི་འདུག རི་བོ་འདིའི་ལ་རྩེར་འགྲོ་བར་རླངས་འཁོར་གྱིས་མ་མཐའ་ཆུ་ཚོད་ལྔ་ཙམ་བསྐྱོད་དགོས་ཀྱི་འདུག་ཅིང་། ལ་རྩེར་མ་སླེབས་ཙམ་ནས་རི་བོའི་ངོས་དང་སུལ་དག་སྨུག་སྤྲིན་གྱིས་གཡོག་སྟེ་བགྲོད་ལམ་ཀྱང་མཐོང་དཀའ་བའི་ཚོད་དུ་འདུག་ལ། མཚམས་ཤིག་ལམ་འགྲམ་དང་རི་ངོས་སུ་བག་ཡངས་སུ་སྡོད་པའི་འབྲི་གཡག་ཁ་ཤས་མཐོང་བྱུང་བས། གློ་བུར་བའི་དགའ་སྣང་དང་དུངས་པ་ཞིག་དབང་མེད་དུ་སྐྱེས་ཤིང་། སེམས་ཐག་ཉེ་བའི་ཚོར་སྣང་ཞིག་གིས་སེམས་དགའ་ཡལ་ལེར་སོང་།

ལོ་ན་ཆུང་སྐབས་རྫི་བོར་སོང་སྟེ་རི་ལུང་ཉུལ་བའི་ཉམས་སྣང་དག་ཁད་ཀྱིས་དྲན་འོང་བ་ཞིག་བྱུང་། མུ་མཐུད་ནས་སོང་བས་རི་རྩེར་སླེབས་པ་དང་། དེ་རུ་སྒོ་ཆེན་རླུང་རྟ་དང་དར་ལྕོག་སྣ་ཚོགས་ཀྱིས་མཛེས་པ་ཞིག་གི་ནང་ནས་འཛུལ་བ་དང་། སྤྲིན་བར་ནས་ཉི་མ་ཅུང་ཙམ་ཤར་བ་དང་དུས་མཉམ་སོང་ལ། ང་ཚོ་ཚང་མ་བོད་ནས་འོང་བ་ཤ་སྟག་ཡིན་པས་སྤྲོ་སྣང་འགོག་མེད་དུ་འཕྱུར་ཏེ། ཀྭི་ཀྭི་བསྭོ་བསྭོའི་ལྷ་རྒྱལ་འཐེན་པ་དང་། པར་ལེན་པ་བཅས་ཚང་མ་བྲེལ་འཚུབ་ཧ་ཅང་ཆེན་པོ་བྱུང་།

རི་རྩེའི་དྭངས་ཤིང་བསིལ་བའི་རླུང་བུར་འགྲོགས་ནས་ཕྱོགས་ཡོངས་སུ་རྒྱང་ལྟ་བྱས་ན། ཁ་བས་གཡོག་པའི་ས་འཛིན་གྱིས་ཀུན་ནས་བསྐོར་བའི་ཡུལ་ཞིག་ལ་སླེབས་ཡོད་པ་ཤེས་བྱུང་། ང་རང་ཚོའི་ངག་རྒྱུན་དུ་བྱུང་བའི་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ་སླེབས་པ་མིན་ནམ་བསམ་པའི་ཀུན་རྟོག་སྐད་ཅིག་མ་ཅིག་སྐྱེས་མོད་ཀྱང་ད་ལྟའི་རང་ཅག་གི་བསམ་བློ་དང་ལྟ་ཚུལ་ནི། བསམ་བཞིན་རང་ཅག་ལ་གནོད་རྐྱེན་དུ་བཟོས་པའི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་གཡོ་ཇུས་ཀྱི་འོག་ལ་ལྷུང་སྟེ། ཡུལ་འདི་ལ་བོད་ཀྱི་མོན་ཡུལ་མི་ཟེར་བར་རྒྱ་གར་གྱི་མོན་ཡུལ་ཟེར་གྱི་འདུག་ན། ང་རང་ཁ་བའི་ལྗོངས་སུ་སླེབས་པ་ག་ལ་ཡིན།

འོན་ཀྱང་། ལོ་རྒྱུས་ཀྱི་བྱུང་བ་དང་། རིག་གནས་ཀྱི་ངང་ཚུལ། ཤ་ཁྲག་གི་འབྲེལ་རྒྱུན་གང་ལ་བསམ་ཡང་རི་རྩེ་འདི་ནི་བོད་ཡུལ་ཏེ། ལྷོ་མོན་སྐྱིད་མོ་ལྗོངས་ཀྱི་ཡུལ་གྲུ་ཡིན་པས་ང་རང་ཁ་བའི་ལྗོངས་སུ་སླེབས་པ་ཅི་ལ་མིན་ཏེ། གནས་འདི་ནི་གདོད་མ་ནས་ལྷན་དུ་སྦྲེལ་བའི་རང་ཅག་གི་སྤུན་ཟླ་མོན་པ་ཚོའི་ཕ་ཡུལ་རེད། རི་བོ་འདི་ཧ་ཅང་མཐོ་བས་སྡེ་དགེ་ཁྲོ་ལ་ཟེར་བ་སོགས་སྐད་གྲགས་ཆེ་བའི་རི་བོ་དེ་ཚོ་ཡང་ས་བབས་ཀྱི་ཆ་ནས་མཐོ་ཚད་མི་འདྲ་ནའང་། རི་བོ་རང་གི་མཐོ་ཚད་ལ་འདི་ལས་ལྷག་པ་ཞིག་ཡོད་དམ་སྙམ་སོང་། དབྱིན་ཡིག་ནང་གསལ་བ་ལྟར་ན་རི་བོ་འདིའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མི་ཊར་༤༡༧༠་ཡིན་པར་བཤད་འདུག།གང་ལྟར་བཀའ་གདམས་གླེགས་བམ་ལས། རི་མཐོན་པོ་གནམ་གྱི་ཀ་བ་ཡོད་ཅེས་དང་། མཚོ་སྔོན་པོ་གཡུ་ཡི་མེ་ལོང་ཡོད་ཅེས་གསུངས་པ་ནི་ཅི་འདྲའི་དོན་དང་ལྡན་པ་ཞིག་རེད་ཨང་སྙམ་བྱུང་།

རི་རྩེ་དེ་གར་ཆང་དང་ཇ་འཚོང་བའི་མོན་པ་ཁྱིམ་ཚང་གཅིག་འདུག ཁྱོད་ཚོ་གང་ནས་ཡོང་བ་ཡིན་ཟེར་བས། ཚོ་རྒྱ་གར་ལྷོ་ཕྱོགས་ནས་འོང་ཚུལ་དང་། བོད་པ་ཡིན་པ། དགོན་པའི་ཆེད་དུ་ཡོང་ཚུལ་སོགས་བཤད་བཞིན་ཇ་བཏུང་། མི་ཚང་བདག་མོས་ཡང་དང་བསྐྱར་དུ་ཇ་དྲངས་ཏེ་ཡ་རབས་དང་སྲོལ་བཟང་གི་ངང་ཚུལ་རྒྱན་དུ་འཆང་བ་ཞིག་འདུག་མོད། ང་ཚོ་ལྷོད་སྡོད་བྱེད་ཁོམ་ག་ལ་ཡོད་དེ་མགྱོགས་པར་མ་སོང་ན་མོན་རྟ་དབང་ཡུལ་ལ་ད་དུང་ལམ་ཐག་རིང་ཙམ་ཡོད་སྐད་ཐོས། འགྲོ་ཁར་ཇ་རིན་སྤྲད་པས་ཁྱིམ་བདག་གིས་གཏན་ནས་མི་ལེན་པར། ཇ་རིན་ཕར་བསྲིངས་ན་ཚུར་འབུད་ཡོང་བས། ལོ་ན་ཆུང་སྐབས་འཚོ་བ་རོལ་བའི་རང་གི་ཕ་ཡུལ་གྱི་རུ་སྡེ་ཁྲ་མོ་དེའི་མི་གཤིས་དང་འཚོ་བའི་ངང་ཚུལ་ཝལ་ལེར་དྲན་དགོས་པ་ཞིག་བྱུང་སྟེ། ཅུང་ཙམ་ཧད་དེ་ཡོད་སྐབས་རོགས་པ་ཚོས། ད་འགྲོ་མ་གཏོགས་ཡང་ཁ་བ་འབབ་རྒྱུ་རེད་ཅེས་བྲེལ་བྲེལ་འཚུབ་འཚུབ་ངང་རླངས་འཁོར་ཕྱོགས་ལ་འགྲོ་སྐབས་ཁ་བའི་འདབ་མ་ལྷབ་ལྷུབ་ངང་བབས་བྱུང་། ངོ་གདོང་གནམ་དུ་ཕྱོགས་ནས་ཁ་བའི་ཟེགས་མ་ཁ་ཤས་གདོང་ལ་འབབ་ཏུ་བཅུག།གཞན་ཡུལ་འགྲིམས་པའི་མི་ལོ་ཉི་ཤུའི་རིང་ལ་ཁ་བའི་མེ་ཏོག་ངོ་ལ་འཐོར་བ་ཐོག་མ་ཡིན་པས་བཤད་དཀའ་བའི་ཚོར་སྣང་སྐྱིད་པོ་ཞིག་བྱུང་ལ། མི་རིགས་འདིའི་ཁ་བྲལ་ཡ་འཐོར་གྱི་ལས་དབང་བསམ་ན་ཇི་འདྲའི་སྐྱོ་བ་ཞིག་ཀྱང་རེད་ཨང་།

ང་ལ་མཚོན་ན་གཞན་ཡུལ་འགྲིམས་ནས་མི་ལོ་ཉི་ཤུ་ལྷག་སོང་ན་ཡང་། ད་དུང་རང་ཡུལ་ལ་ལོག་པའི་རང་དབང་ཙམ་ཡང་མ་ཐོབ། ང་ད་ལྟ་འགྲོ་བཞིན་པའི་ཡུལ་ལུང་དང་མི་སྡེ་འདི་ཚོ་ཡང་། བདེན་དོན་དང་གནས་ལུགས། ལོ་རྒྱུས་དང་མི་རིགས། རིག་གནས་དང་སྐད་བརྡ་སོགས་གང་གི་ཆ་ནས་ཀྱང་བོད་ཀྱི་ཡུལ་གྲུ་དང་། བོད་ཀྱི་མི་རིགས། བོད་ཀྱི་ས་གཞི་བཅས་ཡིན་ན་ཡང་། ད་ལྟ་ནི་ས་གཞི་གཞན་ལ་ཤོར་ཞིང་། མི་རིགས་ཟུར་དུ་གྱེས། རིག་གནས་རྨང་གཞི་ཤོར་ཞིང་། སྐད་བརྡའི་ལྷུ་ལག་འཐོར་ཏེ་མོན་པ་དང་ང་ཚོའི་བར་རང་སྐད་ཀྱིས་བརྡ་མི་འཕྲོད་པར་ཧིན་རྡུའི་མིང་ཚིག་རེ་བརྒྱུད་ནས་བརྡ་སྤྲོད་ཐབས་མི་བྱེད་ཐབས་མེད་ཀྱི་གནས་སུ་ལྷུང་འདུག།

འདི་ལྟ་བུའི་ངོ་ཚ་དང་། འདི་ལྟ་བུའི་འགྱོད་གདུང་། འདི་ལྟ་བའི་ཕམ་ཁའི་འབྱུང་རྐྱེན་ལ་རི་བོའི་གཏོས་དང་མཉམ་པའི་ལོ་རྒྱུས་ཀྱི་སྐྱོ་གར་ཡོད་ན་ཡང་། ཐད་ཀའི་རྒྱུ་རྐྱེན་ནི་དུས་རབས་ཉི་ཤུ་བའི་དུས་མགོར་བྱུང་བའི་སིམ་ལའི་ཆིངས་ཡིག་དང་། མེ་ཁ་མ་ཧུང་ཞེས་པའི་རྒྱ་གར་དབྱིན་གཞུང་གིས་བཞག་པའི་ས་ཐིག་དང་འབྲེལ་ནས་བྱུང་ཡོད། མེ་ཁ་མ་ཧུང་གི་ས་ཐིག་བྱུང་བ་ནས་བཟུང་ནུབ་ལ་དྭགས་དང་ཤར་མོན་བར་གྱི་ཡུལ་གྲུ་རྒྱ་ཆེ་ལ་ཐོན་ཁུངས་ཕུན་སུམ་ཚོགས་པ། མི་རྣམས་ཞི་དུལ་དང་བག་ཡོད་ཀྱིས་འཚོ་བའི་ཡུལ་ལུང་ཕ་མཐའ་བྲལ་བ་དེ་དག་བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་བུ་རབས་ཚ་རྒྱུད་དང་ཁ་གྱེས་ཤིང་། ད་ལྟ་ནི། མོན་ཡུལ་བོད་ཡུལ་མིན་པ་དང་། ལ་དྭགས་པ་བོད་མི་མིན་པའི་བསམ་ཚུལ་དྲན་ཚུལ་རྒྱུན་འབྱམས་སུ་སོང་འདུག་མོད། སྙིང་ལ་རུས་པ་ཡོད་པའི་མི་ཞིག་ཡིན་ན། རྒྱལ་ཁབ་འཐོར་ནས་སོ་སོར་གྱེས་ཀྱང་རིགས་དང་རུས་ཀྱི་ཞེན་པ་མི་འདོར་བ་གལ་ཆེ་བར་སྙམ་མོ།།

འཕྲོས་དོན་དོར་ནས་བཤད་ན། མུ་མཐུད་རི་གཤམ་དུ་འགྲོ་བའི་ལམ་ཀྱག་ཀྱོག་མང་ལ། རྡོ་ཧྲུག་དང་། ཁ་བ་ཞུ་བའི་རླན་འདམ་སོགས་ཀྱིས་ལམ་ལ་གནོད་སྐྱོན་ཐེབས་པས་འགྲུལ་བཞུད་ལ་དཀའ་ཁག་ཆེན་པོ་འདུག།ཡར་དཀྱོག་མར་འབབ་དང་འཁོར་ལོས་བརྡབ་གསིག་གྲངས་མེད་མྱངས་ཏེ་མཚན་ཆུ་ཚོད་བདུན་དང་ཕྱེད་ཙམ་ལ་གཞི་ནས་མོན་ཡུལ་སེར་བྱེས་འཇམ་དབྱངས་ཆོས་འཁོར་དགོན་པར་སླེབས་སོང་། དེ་གའི་ཕྱག་མཛོད་གསར་རྙིང་ཚོས་འཚམས་འདྲི་དང་སྣེ་ལེན་གང་ལེགས་བྱས་ཤིང་། ཡུལ་དེའི་གནས་ཚུལ་མང་པོ་ཞིག་གསུངས་སོང་ཡང་། མཚན་མོ་ཡིན་པས་ཡུལ་གྱི་བཀོད་པ་དང་མཚར་སྡུག་མཐོང་མི་ཐུབ་ལ་ཉིན་གང་བོར་འགྲུལ་བཞུད་ཀྱིས་ངལ་བས་སྔ་ཙམ་ནས་ངལ་གསོར་ཞུགས་པ་ཡིན། (མུ་འགོད།)

ལྷུག་རྩོམ།

Post navigation

Previous Post: སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།
Next Post: སྲིད་སྐྱོང་གཟིམ་ཁུག་ཏུ་འཇུག་མི་རུང་།

Comments (4) on “ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)”

  1. རྭ་རྒྱ་གངས་རྡེའུ། says:
    2017-05-05 at 12:41 pm

    མུ་མཐུད་ཀློག་ནས་ཡོང་གིན་ཡོད། མུ་མཐུད་ཕྲིས་དང་།

  2. བཀྲ་ཤིས་བདེ་ལེགས། says:
    2017-05-05 at 6:32 pm

    ཁྲོད་ཀྱི་རང་བཞིན་བརྗོད་པའི་རྩོམ་ཡིག་འདིས་གངས་ལྗོངས་གཞི་བྱེས་གཉིས་ཀའི་ཚོར་སྣང་གསོན་པོ་རང་སེམས་ལ་ཤར་བཅུག་སོང་བས་ཐུགས་རྗེ་ཤིན་ཏུ་ཆེ་ཞུ།

  3. ལ་དྭགས་འཇམ་དཔལ།། says:
    2017-05-06 at 7:48 am

    སེར་བྱེས་དགེ་བཤེས་རྭ་རྒྱ།
    མོན་ཡུལ་ལྗོངས་ལ་ཕེབས་པས།
    མོན་པས་མགུལ་གླུ་ལེན་སྟངས།
    ལད་མོ་ཡོད་དམ་སེམས་སོ། །

  4. Aharu Jigwang says:
    2017-05-06 at 2:05 pm

    ༄༅།སེར་བྱེས་དགེ་བཤེས་ར་རྒྱ་མཆོག་ནས་མོན་ཡུལ་ཕྱོགས་སུ་ཕེབས་སྐབས་ཀྱི་དངོས་བྱུང་ལོ་རྒྱུས་བྲིས་
    གནང་ང་བ་ཧ་ཅང་སྙན་པོ་འདུག་ ཐུགས་རྗེ་ཆེ། ཁྱེད་རྣམས་ནས་རྒྱལ་བ་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་
    འཁྲུངས་ཡུལ་སྐོར་གང་ཡང་བྲིས་མི་འདུག་པ་གང་ཡིན་ནམ། ལན་གནང་རོགས།
    འདི་ནི་རྒྱལ་བའི་འཁྲུངས་རབས་ནང་ནས་གལ་ཆེ་ཞིག་ཀྱང་རེད་སྙམ། མ་ཚད་སྐུ་ཕྲེང་དྲུག་པའི་གདུང་ རྒྱུད་འདྲ་ཡང་ཡོད་སྲིུད་པ་རེད། ཉམས་ཞིབ་ཀྱང་གནང་གལ་ཆེ།
    རྒྱལ་བ་ཚངས་དབྱངས་མཚོའི་གསུང་མགུར་གཅིག་ནི།
    ༄༅། ང་དང་བྱམས་པའི་འདེབས་ས་། ལྷོ་མོན་ནང་གི་ནག་གསེབ།
    སྨྲ་མཁན་ནེ་ཙོ་མ་གཏོགས་། སུ་དང་གང་གི་མི་ཤེས།
    སྨྲ་མཁན་ནེ་རྕོའི་ཨེ་ཤེས། གསང་བ་འདོན་པ་མ་གནང།
    སེམས་ཁ་ཤོར་བའི་སྐབས་སུ། སྙིང་གཏམ་ཚང་མ་མ་ཤོད།
    ཁ་ཞིག་སྐོམ་པའི་སྐབས་ལ་། རྗིང་ཆུ་ཚང་མ་མ་འཐུང།
    སེམས་ལ་འགྱུར་བ་འགྲོ་ན། འགྱོད་པ་སྐྱེས་ཀྱང་ཕྱིས་སོང། སོགས་པ་མགུར་གླུ་མང་པོ་ཡོད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme