Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད་དུས་སྒྱུ་མའི་སྐྱེད་ཚལ། 


Posted on 2017-04-28 By ཁ་བརྡ 1 Comment on དཔྱིད་དུས་སྒྱུ་མའི་སྐྱེད་ཚལ། 


འབའ་སྲས།

 

དཔྱིད་ཀྱི་མེ་ཏོག་གང་བུ་ཡིས།།
དྲུག་རྐང་ཅན་ལ་ངལ་སྦྱིན་པའི།།
སྡུག་བསྔལ་སྤྲིན་པས་མ་ཐེགས་པས།།
མིག་ཆུའི་སྦྲང་ཆར་ས་རུ་བྱོ།།

སྒྲུབ་ལ་འབྱོལ་བའི་རྣམ་འབྱོར་བ།།
ཏིང་འཛིན་བསྟེན་པའི་དྲང་སྲོང་ཡང་།།
དཔྱིད་ཀྱི་སྒྱུ་མའི་འཕྲུལ་མཐོང་ནས།།
སོར་བཅུའི་འདབ་མ་འདམ་དུ་ཐོར།།

གཏི་མུག་དགའ་མས་དམ་པོར་འཁྱུད།།
ཀ་ཁའི་ངག་ལ་རྨ་ཆགས་པ།།
རིག་པའི་ཁྱེ་འུ་རྨས་མ་ཚོས།།
སྐྱེད་མའི་མཛེས་ལྗོངས་མུན་པར་མཐོང་།།

རི་བོང་འཛིན་པའི་ཟླ་བ་དང་།།
གསེར་འོད་འཕྱོ་བའི་ཉི་མ་ཡི།།
དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ཁ།།
དཔྱིད་ཀྱི་ཚལ་ལ་ཆེ་ཆེར་འབྱེད།།

འཛིན་མའི་དཔལ་ལ་མཛེས་སྡུག་གྱི །
ཕུན་ཚོགས་ཤེལ་གྱི་མེ་ལོང་དུ།།
སྙིམ་པའི་མཐིལ་གྱི་རི་མོ་བཞིན།།
དཔྱིད་དུས་སྒྱུ་མའི་སྐྱེད་ཚལ་འཕྲུལ།།

ཀུན་བཟོད་དགའ་མའི་ལང་ཚོ་ལ།།
མདོངས་མཐའི་སྒྲོ་ཡི་འཕྱོར་སྒེག་གྱིས།།
མགྲིན་སྔོན་མགྲིན་པ་བདུད་རྩི་ཡིས།།
སྔོ་བར་བསྒྱུར་ལྟར་མིག་ལ་སྒྱུ།།

སྦྲང་ཆར་བསིལ་མའི་དངོས་གྲུབ་ཀྱིས།།
མེ་ཏོག་འདབ་མའི་ལང་ཚོ་བསྐྱེད།།
ཀ་ལ་པིང་ཀར་ཅོ་འདྲི་བའི།།
སྦྲང་ཆུང་གླུ་ཡི་པི་ཝང་སྙན།།

སྒྲིམ་པའི་རྣ་ཞགས་རིང་བ་ཡི།།
ལག་ལྡན་སྔོ་བསངས་མ་ཡི་ཁྱུ།།
ཙན་དན་དྲི་བཟང་བརྗེད་གྱུར་ཏེ།།
དཔྱིད་དུས་ཚལ་གྱི་རྨི་ལམ་སྟུག །

དགའ་མ་ལྷ་ལམ་ཆུ་འཛིན་རྩེར།།
འདོད་ལྡན་འོད་ལྔ་ལམ་མེར་བཀྲ།།
ཐིག་ལེ་སྦྲང་ཆར་ཟེགས་པ་ཡིས།།
དཔྱིད་དུས་མེ་ཏོག་འཛུམ་མེར་དགོད།།

དཔྱིད་དུས་སྒྱུ་མའི་འཇོ་སྒེག་གིས།།
སྤྲིན་དཀར་མཁའ་རུ་རྩེན་པའི་མིག །
ལོང་བས་མེ་ལོང་ལྟ་བ་བཞིན།།
རང་གཟུགས་མ་མཐོང་ངུ་བར་བྱེད།།

སྐྱེད་ཚལ་མེ་ཕུང་སྙིང་གི་སྦུབས།།
འབར་བའི་མཆེད་ཤུགས་རལ་གྲི་ཡིས།།
མགྲིན་བཅུ་མགོ་བོ་བཅད་པའི་ཁྲག །
དཔྱིད་ཀྱི་ཚལ་དུ་དམར་བར་འཁྱིལ།།

དཔྱིད་དུས་སྒྱུ་མའི་སྐྱེད་ཚལ་དུ།།
སྙིང་ཁྲག་ཧཱོུཾ་ཡིག་འཁྱུག་རྩལ་གྱིས།།
དམར་ཞིང་རྣག་གིས་གང་བ་ཡི།།
དཔྱིད་དུས་སྒྱུ་མའི་སྐྱེད་ཚལ་བསྐྲུན།།

༢༠༡༧/༠༤/༢༨

སྙན་ངག

Post navigation

Previous Post: མུ་ར་ལྷ་རྗེ་མཁས་གྲུབ་བསྐྱར་ཏུ་འཛིན་བཟུང་བྱས་པ།
Next Post: ཚེ་སྒྲུབ་སྐྱིད་བཙོན་གྲོལ་ཐོབ་པ། 

Comment (1) on “དཔྱིད་དུས་སྒྱུ་མའི་སྐྱེད་ཚལ། 
”

  1. ཕ་བཟང་བུ། says:
    2017-05-08 at 1:17 am

    སྙན་གི་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme