Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་དང་། ཁོང་གིས་ཚན་རིག་གི་འཇིག་རྟེན་ཁམས་ལ་ཕུལ་བའི་ལེགས་སྐྱེས།

Posted on 2017-04-262017-04-26 By ཕུན་ཚོགས་ཚེ་རིང་ 23 Comments on ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་དང་། ཁོང་གིས་ཚན་རིག་གི་འཇིག་རྟེན་ཁམས་ལ་ཕུལ་བའི་ལེགས་སྐྱེས།

Riga_IMG_3737

འདུས་བྱུང་ཕུན་ཚོགས་ཚེ་རིང་།

 

ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་ཀྱི་སྐོར་ཐུང་ངུ་གནད་བསྡུས་ཤིག་གླེང་ན།   ཁོང་ནི་སྨན་པ་དང་མཁས་པ་གྲགས་ཅན་རྟའུ་བློ་བཟང་དཔལ་ལྡན་མཆོག་དང་། ཆོས་ཉིད་ལྷ་མོ་མཆོག་གཉིས་ཀྱི་རིགས་ཀྱི་བུ་རུ་འཁྲུངས་ཤིང་། ཁོང་ལ་གཅེན་མོ་གཅིག་དང་གཅུང་མོ་གཅིག་བཅས་གཅེན་གཅུང་གཉིས་ཡོད་པ་ལས།  གཉིས་ཀ་འབུམ་རམས་པའམ་ཌོག་ཊར་གྱི་ཕྱག་འཁྱེར་ཡོད་པའི་ཕྱི་ལུགས་སྨན་པ་ཡིན།

རི་དགའ་ལགས་ནི་རྗར་མན་རྒྱལ་ཁབ་ཀྱི་རྒྱལ་ས་རྙིང་པ་བྷོན་གྱི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་། ཆ་འདུལ་སྐྱེ་དངོས་རིག་པའི་སྡེ་ཚན་ནང་ཚན་རིག་པའི་ཕྱག་ལས་གནང་བཞིན་ཡོད།  ཁོང་གིས་ཕྱག་ལས་གནང་བའི་བརྒྱུད་རིམ་ནང་དང་། ལྷག་པར་དུ་ཉེ་བའི་ཆར་སྐྱེས་ལྡན་ཕུང་ཕྲའི་ནང་གི་ཆ་ཤས་ཁག་ལ་ཞིབ་འཇུག་མཐིལ་ཕྱིན་པ་གནང་སྟེ། ཞིབ་འཇུག་གི་གྲུབ་དོན་ཧ་ཅང་ཆེན་པོ་ཐོབ་ཡོད་པར་བརྟེན། ད་ལྟའི་ཆར་ཚན་རིག་སྡེ་ཚན་ཁག་གིས་ཁོང་གི་གྲུབ་འབྲས་དེར་གདེང་འཇོག་ཚད་མཐོན་པོ་དང་། གཏིང་ཟབ་མོ་གནང་དང་གནང་མུས་སུ་མཆིས།

ནམ་ཞག་རྒྱུན་དུ་འཛམ་གླིང་གི་ཚན་རིག་པ་འབུམ་ཕྲག་མང་པོས། ཉིན་མཚན་དུས་དྲུག་ཏུ་དཀའ་ངལ་ལ་གདོང་ལེན་དང་གཏིང་ཟབ་ཅིང་ཕྱོགས་ཡོངས་སུ་ཚང་བའི་ཉམས་ཞིབ་དང་ཚོད་ལྟའི་ལམ་ནས་སྐུ་ལས་བསྐྱོན་ཏེ། ད་ཕན་གནད་དོན་མ་ཤེས་པ་རྣམས་ཤེས་པ་དང་། བྱེད་ལས་མ་རྟོགས་པ་རྣམས་རྟོག་པར་བྱ་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་ཡིན་པ་ནི་ང་ཚོ་ཀུན་གྱིས་མཁྱེན་གསལ་ལྟར་ཡིན།

ཚན་རིག་པ་ཚོས་གསར་རྙེད་དང་གསར་རྟོགས་བྱས་ཡོད་པའི་གྲུབ་དོན་རྣམས་ཚན་རིག་གི་ཆེད་རྩོམ་དུས་དེབ་གྲངས་ཀའི་དབང་དུ་བྱས་ན་( ༢༨༨ ) ཡོད་པའི་ནང་ནས་དུས་དེབ་སྐད་གྲགས་ཆེ་ཤོས་ཨང་དང་པོ་cell དང་། གཉིས་པ་nature,། གསུམ་པ་ science། བཅས་ནང་འདོན་ཐབས་བྱེད་བཞིན་ཡོད།

སྐད་གྲགས་ཧ་ཅང་ཆེ་བའི་ཚན་རིག་ཆེད་རྩོམ་གྱི་དུས་དེབ་དེ་ཚོའི་ནང་གང་ཟག་རང་ཉིད་ཀྱི་དཔྱད་རྩོམ་རྣམས་འདེམས་སྒྲུག་འོངས་བ་ནི་ལས་སླ་པོ་རྩ་བ་ནས་མིན། རྒྱུ་མཚན་ནི་ཞིབ་འཇུག་གི་ཆེད་རྩོམ་རྣམས་བདམས་ཐོན་མ་ཟིན་གོང་དུ་ཆེད་མཁས་མི་སྣ་ལས་གྲུབ་པའི་འདེམས་སྒྲུག་ལྷན་ཚོགས་ཞིག་བརྒྱུད་དགོས་པ་དང་། ལྷན་ཚོགས་དེ་ནི་ཚན་རིག་ལ་མཁས་པའི་སློབ་དཔོན་བཞིའམ་ལྔ་ལས་གྲུབ་པ་ཞིག་ཡིན་ཞིང་། ཁོང་རྣམ་པའི་ཐག་གཅོད་དང་། ལམ་སྟོན་འོག་ཆེད་རྩོམ་རྣམསའགོད་མིན་་གཏན་འཁེལ་བཟོ་དགོས་པ་ཡིན།

གལ་ཏེ་གྲགས་ཅན་དུས་དེབ་འདི་གསུམ་པོ་གང་རུང་ཞིག་ཏུ། རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་རྣམས་ཐོན་པ་བྱུང་ན།  རང་ཉིད་ལ་ཚན་རིག་པའི་སྡེ་ཚན་ནས་གདེང་འཇོག་ཚད་མཐོན་པོ་ཐོབ་པ་ཙམ་མ་ཟད། ཡིག་ཆ་འདི་བཞིན་མ་འོངས་པར་ཞིབ་འཇུག་པ་དང་ཚན་པ་གཞན་གྱིས་གཞི་འཛིན་ས་དང་། ལུང་འདྲེན་སའི་ཡིག་ཆ་ཡང་ཆགས་ཀྱི་ཡོད་པའི་ལུགས་སྲོལ་ཞིག་ཡོད།

དེས་ན་ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་ཁོང་གིས་ཞིབ་འཇུག་གནང་བའི་གྲུབ་འབྲས་ཁག་ཞག་པོ་གཉིས་ཀྱི་སྔོན་དུ་ཚན་རིག་གི་ཆེད་རྩོམ་དུས་དེབ་སྙན་གྲགས་ཆེ་ཤོས་སེལ་ ( Cell ) ཞེས་པའི་ནང་ཐོན་ཡོད། གནས་ཚུལ་འདི་ནི་བོད་རིགས་ཤིག་གིས་ཚན་རིག་གི་འཇིག་རྟེན་ཁམས་ལ་སྔར་མེད་ཀྱི་ལེགས་སྐྱེས་གསར་པ་ཚད་མཐོ་པོ་ཕུལ་བ་ནི་ཧ་ལམ་ཐེངས་དང་པོ་ཆགས་ཡོད་པ་དང་།    སྙན་གྲགས་ཆེ་བའི་དུས་དེབ་འདིའི་ནང་འདོན་མཁན་གྱི་བོད་རིགས་ཐོག་མ་དེའང་ཆགས་ངེས་པར་སེམས།

30DEEEA8-6988-4624-9F9C-507C0A928EAA copy

ཁོང་གིས་ཞིབ་འཇུག་བྱས་པའི་དཔྱད་འབྲས་སྐོར་ལ་སྙིང་བསྡུས་ཤིག་ཞུ་ན། ཕུང་ཕྲའི་་ནང་གི་སྤྲི་དཀར་རྒྱུ་ Chip ཞེས་པ་ཞིག་གིས་ molecular chaperones ཞེས་པའི་རྫས་བརྒྱུད་སྐྱེ་ལྡན་ཐམས་ཅད་ཀྱི་Insulin དང་འབྲེལ་བ་ཡོད་པ་དང་།     དེའི་བརྒྱུད་རིམ་ཁྲོད་སྐྱེ་ལྡན་རྣམས་ཀྱི་ཚེ་ཚད་རིང་ཐུང་ལ་ཐེ་བྱུས་ཡོད་པ་དང་། ལུས་རྒས་མི་འགྲོ་བའི་གཉེན་པོའི་ནུས་པ་ཡོད་པ་ཡང་རྙེད་སོན་བྱུང་ཡོད།     གནས་ཚུལ་འདི་ནི་དེ་སྔོན་སུས་ཀྱང་ཤེས་རྟོགས་རྩ་བ་ནས་མེད་པ་ཞིག་ཡིན་ལ།  མ་འོངས་པར་ཚེ་ཚད་རིང་ཐུང་གང་འདྲ་ཞིག་གི་ཐོག་ལ་ཤེས་རྟོགས་བྱུང་བའི་གནད་དོན་དེས་ཤུགས་རྐྱེན་ཇི་ཙམ་ཞིག་ཐེབས་མིན་ཡང་ད་ལྟའི་ཆ་ལ་ཚོད་དཔག་དཀའ་བ་ཞིག་ཡིན་པར་བསམ། གང་ཡིན་རུང་ངས་རང་བྱུང་ཚན་རིག་གི་འབུམ་རམས་པའམ་ཌོག་ཊར་རྟའུ་རི་དགའ་ལགས་ལ་ཁོང་གིས་ལོ་མང་རིང་འབད་འབུངས་གནང་ནས་ཞིབ་འཇུག་གི་གྲུབ་འབྲས་དེ་བཞིན་ཚད་མཐོ་བའི་དུས་དེབ་འདིའི་ནང་འདེམས་སྒྲུག་བྱུང་བ་དེར། བརྒྱུད་ལམ་འདི་ལ་བརྟེན་ནས་ནས་བཀྲིས་བདེ་ལེགས་ཞུ་རྒྱུ་དང་། ཁོང་གི་མ་འོངས་ཀྱི་ཚན་རིག་གི་ལམ་བུའི་ཐོག་ད་དུང་ཡང་འབྲས་བུ་གཡུར་དུ་ཟ་བ་ཐུབ་པའི་སྨོན་འདུན་ཞུ་བ་དང་། ཡིད་སྨོན་རབ་ཏུ་སྐྱེས་ཤིང་བྲིས།།

གསར་འགྱུར།

Post navigation

Previous Post: ཧྥ་རན་སིའི་སྲིད་འཛིན་གྱི་འོས་བསྡུ་ནི་ཡོ་རོབ་ཀྱི་ལས་དབང་ལ་འབྲེལ་ཡོད། 
Next Post: མཐོ་སྒང་དོལ་པོ།

Comments (23) on “ན་གཞོན་ཚན་རིག་པ་རྟའུ་རི་དགའ་ལགས་དང་། ཁོང་གིས་ཚན་རིག་གི་འཇིག་རྟེན་ཁམས་ལ་ཕུལ་བའི་ལེགས་སྐྱེས།”

  1. གནམ says:
    2017-04-26 at 7:50 pm

    ལམ་མ་ནོར་བ། ལས་ལམ་དུ་སོང་བའི་སྐྱེས་བུ་འདི་ཚོ་ལ། ཞྭ་ཕུད་ནས་ཞོ་ཞིག་ཞུས་ན། ད་། ཕྱིར་རང་གི་མི་རིགས་འདི་ལ་ཁ་འཁོར་ནས། ཁྱོད་དང་ཁྱོད་ལས་ལྷག་པ་འདྲ་མང་པོ་གསོ་ཞིང་གསོས་བའི་རེ་བ་ཡོད་དོ།
    ང་ཚོ་ལ་མ་འདང་བའི་ཆ་འདི་ཙམ་ཡིན་པས། འདིའི་ཕྱོགས་ལ་ཤུགས་ཞིག་རྒྱག་དགོས་བ་ནི། ད་ལྟའི་དུས་ལ་མེད་དུ་མི་རུང་ངོ་།
    བྱ་བར་ལམ་འགྲོ་ཡོང་པར་ཤོག། ཁྱོ་གནམ་གྱིས་སྲུང་ཡོད་དོ།

  2. སྤོབས་པ་མཐའ་ཡས། says:
    2017-04-26 at 9:06 pm

    སྐྱེ་ཕོ་ལྷར་མཆོད་རྒྱུ་ཞིག་འདི་ན་ཡོད་འདུག

  3. སྲོང་བཙན། says:
    2017-04-27 at 2:45 am

    ཏྲེ་ཧོར་ཁམས་པའི་བུར་སྐྱེས་པའི་རྟའུ་རིན་དགའ་ལ་ཁ་དྲོ་བཀྲ་ཤིས་ཟེར་ལེ་ཡིན།

  4. དྲི་མེད་ལྷག་བསམ། says:
    2017-04-27 at 8:06 am

    ཁོ་ལྟ་བུའི་མཁས་དབང་ལ་བསྟོད་བསྔགས་དང་རྒྱབ་སྐྱོར་བྱེད་འོས། བོད་མི་རིགས་ཀྱི་གཟི་བརྗིད་རེད། ཚེ་རིང་ལོ་བརྒྱ། བསམ་པའི་དོན་འགྲུབ། ཁོའི་མིང་དབྱིན་ཡིག་ཏུ་ཅི་ཟེར། ཚན་རིག་དུས་དེབ་གང་གི་སྟེང་དུ་མིང་འཁོད་པ་བཅས་གསུངས་རོགས་ཞུ། སྤྱིར་ཤེས་ཡོན་གཅིག་པོས་ཆོག་པར་འདོད་པ་ནི་ཤེས་ཡོན་མེད་པའི་སྤྱི་ཚོགས་ཀྱི་ལྟ་བ་ཡིན། ཤེས་ཡོན། ལྷག་བསམ། དཔལ་འབྱོར། བརྩོན་འགྲུས། འབྲེལ་ལམ། སྙིང་སྟོབས། དྲང་བདེན་བདུན་པོ་ལྡན་ན་གྲགས་པ་དང་མཐུན་པའི་ཕུལ་བྱུང་གི་མི་སྣར་འགྱུར་བ་ཡིན།
    ༡༽ཐམས་ཅད་འཛོམས་པ་པཎ་ཆེན་བཅུ་བ་ལྟ་བུ།
    ༢༽དཔལ་འབྱོར་མེད་པ་ལས་གཞན་ཚང་པ་ཚེ་ཏན་ཞབས་དྲུང་ལྟ་བུ།
    ༣༽གཞན་རྣམས་ཡོད་ལ་དཔལ་འབྱོར་དང་འབྲེལ་ལམ་མེད་པ་དགེ་འདུན་ཆོས་འཕེལ་ལྟ་བུ།
    ༤༽ཤེས་ཡོན། ལྷག་བསམ། སྙིང་སྟོབས། བརྩོན་འགྲུས་བཞི་ལྡན་ལ་གཞན་མེད་པ་དོན་འགྲུབ་རྒྱལ་ལྟ་བུ།
    ༥༽ལྷག་བསམ་དག་སྙིང་སྟོབས་ཙམ་ལས་གཞན་མེད་པ་བོད་མི་ཕལ་ཆེ་བའོ།
    ༦༽དཔལ་འབྱོར་བརྩོན་འགྲུས་སོགས་ཆ་ཤས་རེ་ལྡན་པ་ཚོང་པ་ཕྱུག་པོ་ལྟ་བུའོ། །
    ༧༽ལྷག་བསམ་དང་དྲང་བདེན་ཕྲན་བུ་ལས་གང་གང་ཡང་མི་ལྡན་པ་ཕྲན་ལྟ་བུ་རེ་གཉིས་ཀྱང་ཡོད་མཆིའོ། །

  5. འཚུབ་མ་རྒོད་པོ། says:
    2017-04-27 at 8:07 am

    དེང་སང་འདི་ལ་གྲུབ་ཐོབ་ཟེར། འདི་ལ་གྲུབ་རྟགས་ཟེར། འདི་ལ་མཐུ་རྩལ་ཟེར། ཁོང་ལ་བརྟན་བཞུགས་ཤིག་འབུལ་བར་འདོད་དེ་ཅི་ལྟར་འབུལ་དགོས་ཡང་མི་ཤེས། གང་ལྟར་ཚེ་རིང་ལོ་བརྒྱ་ཟེར་རྒྱུ་ཡིན།

  6. དྲི་མེད་ལྷག་བསམ། says:
    2017-04-27 at 11:28 am

    English version:
    http://www.youtube.com/watch?v=uLTm0x…
    བོད་གཞུང་གིས་མི་སྣས་འདི་ལ་ལན་བརྒྱར་ལྟ་དགོས་འདུག །

  7. ལྷ་སའི་བུ་ says:
    2017-04-27 at 1:19 pm

    སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་ཤེས་ཡོན་ཅན་གྱི་བོད་རིགས་གང་མང་ཐོན་ན་གཞིས་བྱེས་བོད་མི་རྒན་གཞོན་ཚང་མ་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་ལ་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཀྱང་རེད། ལྷག་པར་
    ཏུ་བོད་པའི་སྤྱི་ཚོགས་ནང་རང་གི་ཤེས་ཡོན་བེད་སྤྱོད་བཏང་སྟེ་སྤྱི་དོན་ཐོག་འགན་འཁུར་ཆ་ཤས་བཞེས་མཁན་བྱུང་རིགས་ལ་༧གོང་ས་མཆོག་གིས་དབུས་པའི་བོད་རིགས་རྒན་གཞོན་མང་ཆེ་བས་དགའ་བསུ་རྒྱབ་སྐྱོར་ཡོད་པ་ནི་ཤོད་མི་དགོས་པ་ཞིག་ཡིན་ན་དེ་རྩིས་དགོངས་འཇགས་ཡོང་བ་ཞུ།

  8. ཉི་རྒྱན། says:
    2017-04-27 at 2:11 pm

    ཡི་རུང་ཞུ།

  9. ཀརྡོ་རབ་འབྱམས་པ་ says:
    2017-04-27 at 2:28 pm

    ཆོས་ཚན་རིག་ཆགས་སྲིད་པ་རེད། ཚན་རིག་ཆོས་ནམ་ཡང་ཆགས་མི་སྲིད་དོ།།

  10. ཀརྡོ་རབ་འབྱམས་པ་ says:
    2017-04-27 at 2:33 pm

    དམ་པའི་ཆོས་ནི། ཕན་པ་འབའ་ཞིག་དང་། ཚན་རིག་ནི་ཕན་པ་ལས་གནོད་ཆེ་བའང་འོངས་མི་སྲིད་པ་མིན།

  11. ཀརྡོ་རབ་འབྱམས་པ་ says:
    2017-04-27 at 2:36 pm

    མཆན་བུ་འདི་གཉིས་ནི། ཚན་རིག་བཤད་པའི་སྐབས་སུ། གྲུབ་ཐོབ་དང་། གྲུབ་རྟགསཚིག་བེད་སྤྱད་པ་ལ་མ་འདོད་ནས་བཀོད་པ་ཡིན།

  12. གླང་དར་མའི་བུ་ཚ། says:
    2017-04-27 at 6:16 pm

    ࿐ཕ་བཟང་བུ་ཕ་རྒྱུད་བུའི་འཛིན་ཟེར་བར་བདེན་པ་རེད།
    བོད་པ་ཚང་ལ་ཡང་བསྐྱར་ཤེས་ཡོན་ཅན་ཞེས་ཐོན་པ་དགའ་སྤོབས་སྙིང་ཁུང་རུས་པའི་གཏིང་ནས་ཞུ།

    ཕ་བཟང་བུ་ལ་ཤེས་ཡོན་ཡོད།།
    ཕ་རྒྱུད་རིགས་ལ་མགོ་རྣ་ཡོད།།
    ཆེན་པོའི་རྒྱལ་ཁམས་བརྒྱུད་ཀྱང་རུང་།།
    མེས་པོའི་དྲིན་ལན་ལོན་ངེས་སོ།།

  13. རྒྱ་གར་རྨ་བྱ། says:
    2017-04-27 at 11:43 pm

    བཀྲིས་བདེ་ལེགས་ཞུ།

  14. འཚུབ་མ་རྒོད་པོ། says:
    2017-04-27 at 11:54 pm

    ཀརྡོ། གོ་བ་ལེན་མ་ཤེས་ན་མི་འདོད་པ་ཤིན་ཏུ་མང་། དཔེར་ན་ གཟུགས་མེད་དོ། ཞེས་པ་ལྟ་བུ། ཧ་ཧ་ཧ

  15. དགེ་འདུན་རྒྱ་མཚོ། says:
    2017-04-28 at 6:13 am

    བོད་པའི་མིའི་གྲལ་དུ་ཚུད་པ་ལ་ཕ་མ་བོད་པ་ཡིན་པའི་ཁྲག་རྒྱུན་གཙང་མ་ཡིན་མིན་ལ་ལྟ་དགོས་པ་དང་།
    ཕྱི་སྡོད་ལག་འཁྱེར་དེ་སྐྱབས་བཅོལ་བ་ཡིན་ན། ཡང་ན་རྒྱལ་ཁབ་གཞན་གྱི་མི་སེར་གཞན་ཡིན། 
    ཁོ་མ་འོངས་པར་བོད་ལ་ལོག་འདོད་ཡོད་མེད་དང་། བོད་དོན་ཆེད་ལས་ཀ་ཅི་ཞིག་བསྒྲུབ་འདོད་ཡོད་མེད་ལ་ཡང་བལྟ་དགོས། ཁོས་ཕྱག་ལས་ཅི་ཞིག་གནང་བ་དེས་མ་འོངས་པར་བོད་མི་རིགས་དང་བོད་མི་རིགས་ཀྱི་རྩ་དོན་ལ་ཕན་ཐོག་ཡོད་མེད་བཅས་རེད། ཆ་རྐྱེན་འདི་དག་ཚང་ན་ཡོད་པ་ཡིན་པ་ལས་ཁ་གདེངས་ཚད་བོད་པ་ཡིན་པའི་ངེས་པ་མེད་དོ། 
    དོན་དངོས་སུ་བོད་པ་ཟེར་བ་ཅི་ཞིག་རེད། ཆེ་ཆུང་དང་མང་ཉུང་ལ་མ་ལྟོས་པར་བོད་པའི་མཚན་ཉིད་ཚང་བ་ལ་ཚང་དགོས་པའི་ཆ་རྐྱེན་གང་དག་ཡོད་དམ། 

  16. འབྲོང་བུ་སོག་ཚ། says:
    2017-04-30 at 9:26 am

    བུ་ལྷ་སྭོ།

  17. ཚེ་རིང་རྒྱལ་མཚན་ says:
    2017-04-30 at 11:52 am

    ༧ རྟའུ་རི་དགའ་ལགས་སུ་སྙིང་དབུས་ནས་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་ ཁྱེད་ཀྱི་བྱས་བྱེད་ལ་ཕྲན་རང་ཉིད་བོད་རིགས་གཅིག་ཡིན་པའི་ཆ་ནས་སྤོ་པ་ཡོད་
    བོད་རིགས་ན་གཞོན་མང་པོ་གཅིག་ལ་མིག་དཔེ་ཡོང་བ་དང་སེམས་ཤུགས
    འཕེལ་བའི་རེ་བ་ཡོད

  18. ཀེ་ན་ཊ་ནས་འཇིག་མེད་ says:
    2017-04-30 at 12:06 pm

    མཁས་དབང་རི་དགའ་ལགས་སུ་བསྐྲིས་བདེ་ལེགས་གྲང་མེད་ཞུ་

  19. Abharu Jigwang says:
    2017-04-30 at 1:41 pm

    ༄༅། རྟའུ་བློ་བཟང་དཔལ་ལྡན་གྱི་བུ་རིག་དགའ་ལགས་སུ་བཀྲིས་བདེ་ལེགས་ཡོད།
    ཁྱེད་ཀྱི་ཕ་དེ་ཡང་རིག་པ་ཡོད་མཁན་དང། རྒྱལ་ཞེན་ཡོད་མཁན་ཞིག་རེད།
    ཁོང་གི་བོད་གཞས་ཁག་མང་པོ་གསར་རྩོམ་གནང་བར་བོད་ཕྱི་ནང་སྤྱི་ཚོགས་ནང་གཟེངས་སུ་
    ཐོན་པ་བྱུང་ཡོད། དེ་མ་ཚད་ཕ་དང་བུ་བོུ་གཉིས་ཀ་རང་གི་སྐད་ཡིག་རིག་གཞུང་ལ་ཧ་ལས་པའི་
    དོ་སྣང་གཅེས་འཛིན་གནང་བར་ཐུགས་རྗེ་ཆེ་།
    ཕུན་ཚོགས་ཚེ་རིང་ལགས་། རྟའུ་བློ་བཟང་དཔལ་ལྡན་གྱི་ཁ་པར་ཨང་གྲངས་་ཁྱེད་ལ་ཡོད་ངེས་བས་
    འདི་ནང་འབྲི་རོགས་། ངས་ཁོང་ལ་མཚམས་འདྲི་ཞིག་ཞུ་འདོད། ཡང་ན་གློག་འཕྲིན་ཁ་བྱང་བྱུང་ཡང་འགྲིགས། ང་བསྡད་ས་མི་ཡུལ་གཞན་ཞིག་དུ་ཡོད།

  20. སྤོབས་པ་མཐའ་ཡས། says:
    2017-04-30 at 9:55 pm

    ཀ་རྡོ་བདེན། སྤྱིར་ན་ང་ཚོ་དོན་དང་མི་འབྱོར་བའི་འུད་བསྟོད་ཆེན་པོ་བྱ་བར་ཧ་ཅང་དགའ། ང་རང་ཚོའི་སྤྱི་ཚོགས་འདིའི་ཁ་སྟབས་སྐྱོ་བའི་བའི་ཚད་དེ་ལ་མ་དཔག་པའི་སྐད་ཆ་ཆེན་པོ་བཤད་རྒྱུར་དགའ་བ་རེད། དཔེར་ན། འཛམ་གླིང་ཞི་བདེའི་དེད་དཔོན་ཟེར་བ་ལྟ་བུ་དང་། ད་སྐབས་འདིར་ཡང་མིའི་རིགས་ལ་ལེགས་སྐྱེས་ཕུལ་ཚུལ་སོགས་འུད་བསྟོད་ཅུང་ཆེ་དྲགས་འགྲོ་གི་འདུག སྤྱིར་ན། ཞིབ་འཇུག་སློབ་མའི་ཤེས་ཚད་ཐོབ་མཁན་ཚང་མས་རང་རང་གི་ས་ནས་ཞིབ་འཇུག་རེ་རེ་བྱེད་གི་ཡོད་རེད། དེ་ཡང་གཞན་གྱིས་ཞིབ་འཇུག་གྲུབ་དོན་བསྐྱར་བརྗོད་བྱེད་མི་ཆོག་པ་རེད། ཡར་བསྡུ་མར་བསྡུ། ཕར་བརྐུ་ཚུར་བརྐུ་བྱས་ནས་རང་གི་གྲུབ་དོན་ཡིན་མདོག་བྱས་ནས་སྤེལ་བཞག་ན་ཞིབ་འཇུག་པའི་མིང་གནས་ཐོབ་འགྲོ་གི་རེད། དེ་ཡག་པོ་མ་རེད་གཏན་ནས་ཞུ་གི་མེད། ངོ་མ་ཡ་རབ་ཚང་ལ་མ་རབ་མེད། མ་རབ་ཚང་ལ་ཡ་རབ་མེད། ཟེར་བ་བཞིན་དུ་ཕ་ཤུལ་བུ་ཡིས་ཟིན་མཁན་ཞིག་སྐྱེས་ཡོད་པ་གོ་བས་དགའ་ཚོར་དཔག་མེད་བྱུང་། འུད་བསྟོད་མ་ཆེ། བྱས་རྗེས་ཞོག ལྷག་པར་ཡང་ཉམས་ང་ཞིང་ཉག་ཕྲ་བའི་བོད་ཀྱི་སྤྱི་ཚོགས་འདི་ལ་ཕན་དང་བདེ་བའི་བྱས་རྗེས་རེ་ཞོགས་དང་།

  21. བསོད་ནམས་དཔལ་ལྡན། says:
    2017-04-30 at 10:26 pm

    ཚན་རིག་པ་རྟའུ་རི་དགའ་ལགས་ཀྱི་དཔྱད་རྩོམ་དེ་བཞིན་ཚན་རིག་པའི་གྲགས་ཅན་དུས་དེབ་ཨང་དང་པོ་cell ནང་འདེམས་ཐོན་བྱུང་བར་བོད་རིགས་ཡོངས་ཀྱི་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། དེ་སྔ་ནད་གཞི་རྣམས་རྟགས་དང་མཚན་མར་བརྟེན་ནས་སྨན་བཅོས་བྱས་དང་བྱ་བཞིན་ཡོད་ནའང། ཁོང་གི་ལོ་མང་རིང་སྙིང་རུས་འབད་རྩོལ་ཆེན་པོས་ཞིབ་འཇུག་གི་གྲུབ་འབྲས་འདི་བརྒྱུད་ནད་གཞི་རྣམས་རྩ་བའི་འབྱུང་ཁུངས་ཤེས་པའི་ཐོག་ནས་ནད་གཞི་རྣམས་སེང་དྲག་གཏོང་ཐུབ་པའི་བྱས་རྗེས་ལ་རྗེས་སུ་ཡི་རངས་ཡོད། ད་དུང་དེ་ལྟའི་རྩོམ་རིགས་མང་འདོན་ཐབས་ཡོང་བར་འབད་རྩོལ་གནང་རོགས། ཕྱི་ལུགས་སྨན་པ་ཀུན་གླིང་བསོད་ནམས་དཔལ་ལྡན་གྱིས།

  22. འཇམ་དབྱངས་ཤཱསྟྲི། says:
    2017-04-30 at 10:35 pm

    ཕ་བཟང་གི་བུ་རི་དགའ་ལགས་ལ་འཚམས་འདྲི་ཡོད། ད་དུང་འགྲོ་བ་མི་རིགས་སྤྱི་ལ་ཕན་པའི་བྱ་བ་ལ་མུ་མཐུད་དེ་འབད་རྩོལ་སྔར་ལྷག་གནང་རོགས། ཕ་བཟང་གི་བུ། བོད་པ་ཚང་གི་སྤོབས་པ་རེད།

  23. རྒོད། says:
    2017-05-01 at 3:53 am

    སྤོབས་པ་གཡག་ཞར། ད་སྐྱག་ཁ་བཙུམ། ཁྱོད་རང་ལ་བྱས་རྗེས་ཅི་ཡོད། ཐ་ན་རང་ཉིད་སུ་ཡིན་ཡང་ཤེས་ཀྱི་མེད་བ། ཞི་བདེ་དེད་དཔོན་ལ་ཡང་ཅིག་ཅིག་མུག་མུག་བཤད་བསྡད་ཀྱི་ཡོད་པེ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme