Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྲ་རིགས་ཡོངས་ལ་བརྡ་འཕྲིན་དང་བོད་ཡིག་གི་ཞལ་འདེབས་ཞུ།

Posted on 2017-04-092017-04-09 By ཁ་བརྡ་ No Comments on དབྲ་རིགས་ཡོངས་ལ་བརྡ་འཕྲིན་དང་བོད་ཡིག་གི་ཞལ་འདེབས་ཞུ།

དབྲ་རྩོམ་སྤྱི་མགྲིན་ནས།

 
ཨོཾ་བདེན་པ་རིན་པོ་ཆེ་རྒྱལ་བར་གྱུར་ཅིག། དེ་ཡང་དེང་རབས་སྒྱུ་རྩལ་རིག་འཕྲུལ་ལ་བེད་སྤྱོད་ལེགས་པར་གཏོང་བའི་གངས་ཅན་བོད་པའི་ཕུ་ནུ་སྤུན་ཟླ་ཡོངས་ལ་ཞུ་འབྲས། ཕུག་རྒྱང་རིང་མོའི་མདུན་ལམ་ལ་བསམ་ཞིབ་བྱས་ནས་དབྲ་ཆེན་གྱི་རུས་མཛོད་བདེན་པ་རིན་པོ་ཆེ་ཞེས་སྒྲིག་བཞིན་ཡོད། སྤྱིར་ན་ཆོས་ཕྱོགས་ནས་བཤད་ན་རིགས་རུས་ལོངས་སྤྱོད་མི་གཙོ་ཞེས་པ་འདུལ་ལུང་སོགས་ལས་ཡོངས་གྲགས་ཡིན་ན་ཡང་འཇིག་རྟེན་པའི་ལོ་རྒྱུས་རང་བཞིན་ལྡན་པར་གཞིར་བཞག་ནས་བཤད་ན་ཕ་མེས་དང་རྒྱུད་པའི་རིགས་རུས་རྩ་ཆེན་ཡིན་པ་དང་། ཕ་མེས་བཟང་པོས་བཞག་པ་བཟང་པོ་རྣམས་བུ་ཚ་ངན་པས་ལོག་སྤྱོད་དུ་མི་གཏོང་བའི་ཆེད་དང་གངས་ཅན་དབྲ་རིགས་སུ་གཏོགས་པའི་མི་གྲངས་དང་རུས་མཛོད་ལ་ཞིབ་འཇུག་བྱེད་བཞིན་ཡོད།
 

གཅིག ཆོས་ལུགས་པ།

ཆོས་ལུགས་ལ་རིས་མེད་ཀྱི་རྩོམ་བརྡའི་ནང་དུ་དབྲ་ཡེ་ཤུ་བ་འགའ་དང་ཁ་ཆེའི་སྒོར་ཞུགས་པའི་དེང་དུས་ཀྱི་བོད་དབྲ་རིགས་དང་། བོན་པོ་དབྲ་སྲས་འཇའ་ལུས་པ་སོགས་སྔོན་བྱོན་དང་དེང་དུས་ཀྱི་དབྲ་རིགས་དང་། སྔ་འགྱུར་བའི་མཁན་སྤྲུལ་རྣམ་པ་དང་། བཀའ་བརྒྱུད་པའི་མར་དྭགས་དང་། ཀཾ་ཚང་གི་ཀརྨ་པ་བཅུ་བཞི་པ་ཐེག་མཆོག་རྡོ་རྗེ་སོགས་དང་། འབྲི་གུང་དབྲ་སྲས་དམ་པ་དང་། འབའ་རོམ་པ་དང་། ཇོ་ནང་སྦྲ་སྲས་ཀྱི་གདུང་རབས་འཛིན་པ་དང་། ས་སྐྱ་གོང་མའི་རྒྱུད་རིམ་ཁག་འགའ་དང་། བཀའ་གདམས་གསར་རྙིང་གི་སྐྱེས་ཆེན་འགའ་སོགས་བཀོད་ཟིན། ད་དུང་མུ་འཐུད་ནས་ཚང་མས་རོགས་དན་གནང་རོགས་མཁྱེན་ནོ།
 

གཉིས། བསེ་ཁྱུང་སྦྲའི་སྐོར་ལ།

བསེ་ཁྱུང་སྦྲའི་སྐོར་ལ། མཐུ་ཆེ་དམ་ཚིག་མ་ཉམས་པ། ། སེ་ཁྱུང་སྦྲ་ཡི་བུ་རྒྱུད་ཡིན། ཞེས་པའི་བོད་མི་ཁྲི་དོ་ཆེན་པོའི་བུ་གཉིས་པ་ལ་དབྲ་མོ་རབ་བཀྲ་ཞེས་པའི་ས་ཆ་དེ་ཐོབ་ནས་དེའི་མངའ་ཁོངས་སུ་ཆགས་པའི་མི་རྒྱུད་ལ་སེ་ཁྱུང་སྦྲ་ཡི་རུས་རྒྱུད་ཅེས་བོད་མདོ་དབུས་ཁམས་སུ་ཁྱབ་ནས་ཁྱད་པར་དབྲ་སྲས་གླིང་མགོན་པོ་རྒྱན་མཚན་སོགས་སྟག་ཤར་དཔའ་བོ་གདུང་རྒྱུད་དྲ་ཉམས། གྲུ་མ་ཞིག་པ་མདོ་ཁམས་སྡེ་དགེའི་ཕྱོགས་སུ་ཡོད་པ་དང་། ཨ་མདོ་དང་། དབུས་གཙང་ན་ཡོད་པ་དང་། རུས་མཛོད་ལས། ཡུལ་འདི་ཞང་ཞུང་གི་ཡུལ་ཏེ། མངའ་རིས་དང་ལ་དྭགས། གཙང་སྟོད་བཅས་ལ་ཟེར། དེ་ལ་དབྱེ་བ་སེ་དང་དབྲ་ཡི་ཆེ་དྲུག་དེ། །སྟོད་ན་ཞང་ཞུང་ཁྱུང་པོ་གཉིས། །བར་ན་མར་པ་སྤུ་རང་གཉིས། །སྨད་ན་རེ་ཁེ་ཉག་ལེ་གཉིས། །ཆེ་དྲུག་མཚན་གྱི་བཙུན་དྲུག་དེ། །ཀྲི་ལ་རྨེ་ཤ་དང་རྨེ་ཚན་གཉིས། །བྲག་ཏུ་ལ་གྲུ་གུ་དང་རྡོར་ཉེ་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན།ཞེས་གསལ་བ་ལྟར། མཆེད་བཙུན་སྤེལ་མ་བཅུ་གཉིས་གྱི་ཡུལ་ནི། ཞང་ཞུང་དང༌། ཁྱུང་པོ། མར་པ། སྤུ་རངས། རེ་ཁེ། ཉག་ལེ། རྨེ་ཤ། རྨེ་ཚན། གྲུ་གུ རྡོར་ཉེ། ཁོ་པོ། ཁོ་དབྲ་བཅས་ཡིན་ཞིང༌། ཞང་ཞུང་དང་ཁྱུང་པོ། མར་པ་དང་སྤུ་རངས་རྣམས་ནི་དེང་སང་ཡང་མིང་དེ་གར་འབོད་པའི་བོད་ཡུལ་ནུབ་ཕྱོགས་ཀྱི་ས་ཁུལ་འདི་དག་དང་འབྲུག་དང་འབྲས་ལྗོངས། ལ་དྭགས་སོགས་བོད་ཁམས་སྟོད་སྨད་བར་གསུམ་ན་ཡོད་པ་ཚང་མ་ས་ཡ་གཅིག་ལྷག་ཡོད་པར་བཤད་འདུག་ཀྱང་དངོས་ཡོད་དུ་ད་ལྟ་བོད་མི་བཞི་སྟོང་ལྔ་བརྒྱ་ཉེར་ལྔ་ལས་བསྡུ་ཐུབ་མ་སོང་བས་དེ་ལུགས་ཀྱིས་གངས་ཅན་སྤུན་ཟླ་དབྲ་རིགས་སུ་གཏོགས་པ་ཡོངས་ཀྱིས་འགན་ཁུར་ཟབ་མོས་རེ་གནང་ནས་རུས་མཛོད་བདེན་པ་རིན་པོ་ཆེ་ལ་བོད་ཡིག་གི་འབྲེལ་འཇོག་ཡོད་པར་མཁྱེན་ནོ།
 

གསུམ་པར་ལུགས་གཉིས་མཐུན་པ།

རྗེས་སོར་ལོ་རྒྱུས་བསྒྲིགས་ཟིན་དུས་ང་དང་ཁོ་མི་འདུག་གི་རྩོད་གླེང་མེད་ཕྱིར་དུ་བརྡ་འཕྲིན་འདི་དང་གསལ་བསྒྲག་འདི་དག་བོད་ཡུལ་སྟོད་སྨད་བར་གསུམ་གྱི་དབྲ་ཡིག་ཡོངས་ལ་འབོད་སྐུལ་ཞུས་ན། ས་གནས་ཁག་ཏུ་ཞིབ་དཔྱད་བྱས་ན་ངེས་རྙེད་ཐུབ་པའི་རེ་འདོད་བྱས་ཡོད། དེ་བཞིན་དུ་གངས་ཅན་བོད་མིའི་མི་གྲངས་ས་ཡ་དྲུག་བདུན་གྱི་རྩ་བ་བོད་མིའུ་གདོང་དྲུག་གིས་སོ་སོས་དེ་བཞིན་མཛད་ན་ཕ་མེས་གཅིག་པའི་ལས་ཀ་དཀར་འཇམ་ཡུག་གཅིག་ཏུ་གནས་པར་གོར་མ་ཆགས་སོ།།

དབྲ་ཆེན་རུས་མཛོད་རྩོམ་རིག་ཚོགས་པ་སྤྱི་མགྲིན་ནས་ཕྱི་ལོ་༢༠༡༧་ཟླ་༤་པའི་ཚེས་༥་ལའོ།། །།

སྣ་ཚོགས།

Post navigation

Previous Post: སྤྲིངས་ལན་རྡོ་རྗེའི་མདུད་པ།
Next Post: ཤེས་རིག་གཅིག་པོས་རང་ཁ་རང་གསོ་བྱེད་ཐུབ་བམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme