Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་དྲ་ཉུལ་བའི་སྤྱོད་ལམ་དང་ད་དུང་ཙི་ནའི་རྒྱུག་ཁྱི།

Posted on 2017-03-29 By ཁ་བརྡ 3 Comments on བོད་མི་དྲ་ཉུལ་བའི་སྤྱོད་ལམ་དང་ད་དུང་ཙི་ནའི་རྒྱུག་ཁྱི།

ཏྲེ་ཧོར་ཐུབ་བསྟན།

 

བརྡ་འཕྲིན་ཅན་གྱི་དུས་རབས་འདིར་སྤྱི་ཚོགས་དང་རིག་གནས་ཀྱི་ཁྱབ་ཁོངས་གང་དུའང་དྲ་བས་མ་ཁྱབ་པ་ཞིག་མེད་ལ། དྲ་བ་ནི་ཉིན་རེ་བཞིན་ང་ཚོའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཏུ་གྱུར་ཏེ་མི་རིགས་དང་རྒྱལ་ཁབ། ས་ཁུལ་དང་གླིང་ཕྲན་གྱི་མཐའ་མཚམས་མེད་པར་གོ་ལ་ཧྲིལ་པོ་གཅིག་ཏུ་སྦྲེལ་ནས་ཡོད་པ་དང་དུས་མཚུངས། སྔར་ཡོད་སྲོལ་རྒྱུན་གྱི་སྤྱོད་ལམ་དང་དེའི་རིན་ཐང་ལྟ་བར་དོ་ཕོག་ཆེན་པོ་ཐེབས་ཏེ་མི་སྒེར་དང་ཁྱིམ་ཚང་། ཐ་ན་མི་རིགས་དང་རྒྱལ་ཁབ་བཅས་ཕྱོགས་ཡོངས་ལ་གདོང་ལེན་གྱི་དཀའ་ངལ་གསར་པ་ཞིག་འཕྲད་བཞིན་པ་མ་ཟད། བྱ་སྤྱོད་དེའི་རིགས་ལ་དྲ་འབུ་ཞེས་འགྲོ་བ་མིའི་རིགས་རང་དབང་དང་ཞི་བདེ། ཁྲིམས་མཐུན་དང་མང་གཙོའི་དཔལ་ཡོན་གྱི་ཕྱོགས་སུ་བསྐྱོད་པའི་ལམ་བུར་བར་དུ་གཅོད་པའི་ནད་འབུ་ལྟ་བུ་ཞིག་ལ་ངོས་བཟུང་སྟེ། དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་ནས་གློག་ཀླད་དང་དྲ་བའི་སྤྱོད་ལམ་གྱི་རྣམ་གཞག་བཤད་པའི་དཔེ་དེབ་བརྩམས་འགོ་ཚུགས་པ་དང་། དེའི་ཐད་ཀྱི་ཤེས་བྱ་དང་ལྟ་ཚུལ་སྣ་ཚོགས་དྲིལ་བསྒྲགས་བྱེད་བཞིན་ཡོད། དྲ་བའི་འཇིག་རྟེན་ལ་གོམ་པ་སྤོས་མ་ཐག་པའི་བོད་པའི་སྤྱི་ཚོགས་ནང་དུའང་སྲོལ་རྒྱུན་གྱི་ཡ་རབས་བཟང་སྤྱོད་དང་འགལ་བའི་དྲ་བའི་སྤྱོད་ལམ་བསྟེན་མཁན་ཤིན་ཏུ་མང་པོ་ཡོད་སྟབས། གནད་དོན་དེ་དང་འབྲེལ་ནས་རང་ཉིད་ཀྱི་བསམ་ཚུལ་མདོར་ཙམ་འོག་ནས་འཆད་པར་བྱ།

དྲ་བའི་གད་སྙིགས་སམ་དྲ་འབུ་ཞེས་པ་ནི་མིའི་སེམས་ཁམས་ཀྱི་བདེ་ཐང་ལ་གནོད་པའི་གནས་ཚུལ་ལམ་འགན་ཁུར་མེད་པའི་དཀྲོག་གཏམ་རིགས་ཁྱབ་སྤེལ་བྱེད་པའི་ནང་དོན་དང་སྤེལ་མཁན་གཉིས་ཀ་དང་།སྤྱོད་ལམ་ཚུལ་བཞིན་མི་བསྟེན་པའི་དྲ་ཞུགས་པའམ་དྲ་དམངས། གཞན་ཡང་དྲ་ལམ་ནས་གཞན་གྱི་གསང་ཨང་རྐུ་ཐབས་བྱེད་མཁན་སོགས་ལ་གོ  ཕྱི་མ་ནི་ཤེས་ཚད་གང་འཚམ་ཡོད་པའི་ཆེད་ལས་མི་སྣས་མ་གཏོགས་སྤྱིར་བཏང་གི་དྲ་ཞུགས་པ་དཀྱུས་མས་སྒྲུབ་ཐུབ་པའི་ལས་ཀ་ཞིག་མིན་ཕྱིར། བོད་པའི་དྲ་ཞུགས་པའི་ནང་ད་དུང་དྲ་བའི་རྐུ་ཁྱེར་དང་འབྲེལ་བའི་གནད་དོན་རིགས་འབྱུང་གི་མེད་ཀྱང་། དྲ་འབུ་གཞན་གཉིས་དང་འབྲེལ་བའི་གནད་དོན་ནི་ཆབ་སྲིད་དང་ཆོས་ལུགས། རིག་གནས་དང་སྤྱི་ཚོགས་སོགས་གང་སར་ནད་ཡམས་ལྟར་ཁྱབ་སྟེ་སྔར་གྱི་སྲོལ་རྒྱུན་བཟང་པོའི་བསམ་སྤྱོད་གཉིས་ཀྱི་གོམས་གཤིས་ལ་ཕོག་ཐུག་ཆེན་པོ་གཏོང་མུས་ཡིན། དེའང་ཞིབ་ཏུ་བཤད་ན། དེང་སང་སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཁག་གང་སར་སྤེལ་བའི་ངག་འཁྱལ་དང་ཚིག་རྩུབ། དབྱེན་སྦྱོར་དང་རྫུན་བཟོ། བསམ་ནག་དང་གཡོ་སྒྱུ། བསླུ་བྲིད་དང་མགོ་སྐོར། བཟི་གཏམ་དང་དཀྲོག་གཏམ་སོགས་མདོར་ན་མིའི་རིགས་ལ་ལྷན་སྐྱེས་སུ་མངའ་བའི་ཆེས་ཡིད་དུ་མི་འོང་པ་དང་ཉོན་མོངས་པའི་བསམ་བློ་མ་རུང་པའི་གདོང་རིས་ཅིག་ཅར་དུ་ཕྱིར་མངོན་ཏེ།རིག་པའི་དཔལ་ཡོན་མ་དར་བའི་གླེན་རྨོངས་ཀྱི་སྤྱི་ཚོགས་ཤིག་དང་། དྲང་བདེན་གྱི་རིན་ཐང་ལ་ཡིད་ཆེས་མེད་པའི་རུལ་སུངས་ཀྱི་སྤྱི་ཚོགས་ཤིག་གི་སྣང་བརྙན་བསྐྲུན་ཡོང་གི་ཡོད་སྟབས། དྲ་ལམ་གྱི་བྱ་སྤྱོད་འདིའི་རིགས་ནི་དྲ་བའི་གད་སྙིགས་ལས་ཀྱང་གད་སྙིགས་ཁོངས་སུ་གཏོགས་ཤིང་། ཡ་རབས་བཟང་སྤྱོད་དེ་ཐུན་མིན་ཁྱད་ནོར་དུ་བརྩི་བའི་མི་རིགས་ཤིག་ལ་ནད་ཡམས་འདིའི་དྲི་ཙམ་ཡང་བྲོ་མི་རུང་བ་ཙམ་མ་ཟད།སྤྱིར་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་བསམ་སྤྱོད་ཀྱི་རིན་ཐང་དང་ཡང་འགལ་བ་དང་། ཡང་སྒོས་དམ་པའི་ཆོས་ལ་ཐོས་བསམ་གནང་བའི་ནང་པ་རྣལ་མ་ཞིག་ཡིན་ན་ནི་དྲ་བའི་གད་སྙིགས་དང་འབྲེལ་ཐོགས་ཀུན་ལ་ལེ་དབར་ཁྲི་སྟོང་གི་དབར་ཐག་འཇོག་དགོས་ངེས་རེད་སྙམ།

བོད་པ་རྣམས་ནི་དེང་རབས་བརྡ་འཕྲིན་གྱི་མདུན་ནས་ད་དུང་ནར་མ་སོན་པའི་བྱིས་པ་ཞིག་དང་འདྲ་བར་རང་རྐྱ་འཕེར་བའི་བཀོལ་སྤྱོད་ཀྱི་ནུས་པ་དང་། རིན་ཐང་གི་ལྟ་བའི་ནུས་པ། གསར་གཏོད་ཀྱི་བྱེད་ལས་ནུས་པ། ཚོང་འབྲེལ་གྱི་ཡོ་ཆས་ནུས་པ་སོགས་ཕྱོགས་ཡོངས་ནས་བེད་སྤྱོད་ཚུལ་ལྡན་ལུགས་མཐུན་ཞིག་གཏོང་ཐུབ་ཀྱི་མེད་ཁར། གཞི་རྩའི་འབྲེལ་ཟམ་གྱི་བྱེད་ལས་ཙམ་གྱིས་བརྡ་འཕྲིན་ཅན་གྱི་ཚབ་མཚོན་ག་ལ་ཐུབ།ཐ་ན་མང་པོ་ཞིག་གིས་བེད་སྤྱོད་ལོག་པར་བཏང་སྟེ་ལྡོག་ཕྱོགས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེངས་བཞིན་པ་གོང་སྨྲས་བཞིན།  ངོ་དེབ་དང་པོད་ཕྲན་སོགས་ཀྱི་ནང་ནས་འཐུས་སྒོ་མ་ཚང་བའི་ཡིག་ཕྲེང་ཁ་ཤས་ཀློག་པ་དང་ཚིག་དུམ་རེ་ཟུང་འབྲི་བ། དེ་བཞིན་སྐད་འཕྲིན་སོགས་ཀྱི་ནང་དུ་བག་མེད་ཀྱི་ཁ་བརྡ་བཤད་དེ་དུས་གདའ་བས་མཚོན། བརྒྱུད་ལམ་དེ་ལྟ་བུའི་ཐོག་ནས་རིན་ཐང་ཅན་གྱི་ཤེས་བྱ་ཞིག་དང་གཏིང་ཟབ་པའི་བསམ་བློ་ཞིག་ཧ་ལམ་རྙེད་མི་སྲིད་པ་མ་ཟད། དེ་ལས་ལྡོག་སྟེ་སྤྱོད་ལམ་དང་ཤེས་ཡོན་གཉིས་ཀ་མི་ལྡན་པའི་མི་རབས་ཤིག་སྐྱེད་སྲིང་བྱེད་ཡོང་གི་ཡོད་ཅིང་། དྲ་འབུའི་ནད་ཡམས་འགོས་ཉེན་པའམ་ཡང་ན་རང་ཉིད་དྲ་བའི་གད་སྙིགས་ཀྱི་ནང་དུ་མི་ཚུད་པའི་ཆེད། དུས་དང་རྣམ་པ་ཀུན་དུ་བསམ་སྤྱོད་བག་ཡོད་པ་བསྟེན་ཏེ་སྤྱི་ཚོགས་ལ་གནོད་པ་དང་མི་རིགས་ལ་གནོད་པ། མཐུན་སྒྲིལ་ལ་གནོད་པ། ད་དུང་མི་སྒེར་ལ་གནོད་པ་བཅས་འགན་ཁུར་མེད་པའི་གཏམ་བརྗོད་དང་ཡི་གེ བརྙན་པར་སོགས་དྲ་ལམ་དུ་གང་བྱུང་མི་སྤེལ་རྒྱུ་ནི་དེང་རབས་དྲ་བའི་སྤྱོད་ལམ་ཚུལ་བཞིན་བསྟེན་པའི་གཞི་རྩའི་ཆ་རྐྱེན་རེད།  གཞན་ཡང་ཆེད་དུ་དཀྲུག་ཤིང་གི་ལས་གཉེར་བའི་ཁྱིའི་རིགས་སུ་གཏོགས་པ་རྣམས་ནི་སྡེ་ཚན་གཞན་ཞིག་ཡིན་ཕྱིར་འདིར་ཆེད་དུ་གླེང་རིན་མེད་ཀྱང་། ཉེ་ཆར་སྤྱི་ཚོགས་བརྒྱུད་ལམ་ཁག་ནས་མཐོང་བའི་གནས་ཚུལ་རེ་ཟུང་དང་འབྲེལ་ནས་ཏོག་ཙམ་བརྗོད་ན།

ཀླུ་མཁར་བྱམས་ཀྱིས་དྲ་ལམ་དུ་བརྗོད་བྱའི་ནང་དོན་དང་དེ་ཙམ་འབྲེལ་བ་མེད་པ་ཞིག་ལ་འུར་ཟིང་སློང་བའི་འགོ་བརྗོད་ཅིག་བྲིས་ཏེ་དད་པ་ཅན་མང་པོར་ཕོག་ཐུག་བཏང་ཡོད་ཚོད་ལ། རྩོམ་པ་པོ་ཞིག་ལ་རང་ཉིད་ཀྱི་རྩོམ་ཡིག་ནང་ཟུར་ཟ་དང་དགག་སྒྲུབ་ཀྱི་རྣམ་འགྱུར་བསྟན་པའི་རང་དབང་ཡོད་དུ་ཆུག་ཀྱང་། གནས་ཚུལ་འདིའི་རིགས་དང་འགྲོགས་ནས་མི་མངོན་པའི་ཚུལ་གྱིས་ཡོང་བའི་ཉེན་ཁ་གཞན་ཞིག་ནི། སྤྱི་ཚོགས་འབྲེལ་མཐུད་བརྒྱུད་ལམ་ཁག་བེད་སྤྱོད་དེ་སྤྱི་ཚོགས་ཁ་བྲལ་དང་ཆིག་སྒྲིལ་རྩ་གཏོར་གྱི་དམིགས་ཡུལ་བཟུང་བའི་གཏམ་བརྗོད་ཅི་རིགས་ཤིག་ཆེད་དུ་གཉེར་ཏེ་སྤེལ་བཞིན་པ་འདི་དག་གི་རྒྱབ་ཏུ། དོལ་ཚོགས་མེད་ན་རྒྱ་གཞུང་ལོས་ཡོད་སྙམ་པའི་བྱ་སྤྱོད་ནི་མང་ནས་མང་དུ་འགྲོ་བཞིན་འདུག  ཉེ་སྔོན་ཞིག་ལ་དོལ་ཚོགས་ལ་ངོ་ལོག་པའི་བླ་མ་ཚེ་བཀྲ་ཟེར་བས་བཅར་འདྲི་ཞིག་གི་སྐབས་སུ་དོལ་ཚོགས་གྱི་མི་སྣ་ག་གེ་མོ་ཞིག་ལ་ཀྲུའུ་ཝེན་ཆོན་གྱིས། རྡ་རམ་ས་ལར་ནས་བོད་རང་བཙན་ཚོགས་པའི་ནང་ཞུགས་ཏེ་དཀྲུག་ཤིང་རྒྱག་དགོས་པའི་བསམ་འཆར་བཏོན་མྱོང་བའི་སྐད་ཆ་ཞིག་བཤད་སོང་། སྤྱིར་རྒྱ་ནག་གཞུང་གིས་རྡ་རམ་ས་ལའི་སྒྲིག་འཛུགས་ཡོངས་རྫོགས་བོད་རང་བཙན་ཤོག་ཁག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། བཀྲ་ཚེས་བརྗོད་པ་དེ་གཞོན་ནུ་ཚོགས་པ་སོགས་གཅིག་པུ་ལ་གོ་བ་ཡིན་མིན་མི་ཤེས་ཀྱང་། དོལ་ཚོགས་ཀྱི་མིང་ཐོག་ནས་རྒྱ་གཞུང་དང་འབྲེལ་འདྲེས་དངོས་སུ་བྱུང་མྱོང་བའི་ཁོང་གི་སྐད་ཆ་དེ་ལས་ཤེས་ཐུབ་པ་ཞིག་ནི། ང་ཚོའི་སྤྱི་ཚོགས་ནང་རྒྱ་གཞུང་དང་དོལ་ཚོགས་ཀྱིས་འདྲེ་ལག་བརྐྱངས་ཏེ་ཆིག་སྒྲིལ་གོང་བུའི་ནུས་པ་ཉམས་དམས་སུ་གཏོང་ཐབས་དང་། སྤྱི་པའི་སྒྲིག་འཛུགས་ཁ་འཐོར་དུ་གཏོང་རྒྱུའི་སྦྱོར་བ་དངོས་སུ་རྩོམ་བཞིན་པ་གསལ་པོ་ཡིན་པར་བརྟེན། གནད་དོན་མེད་ས་ནས་སློང་བ་དང་ཆུང་ས་ནས་ཆེན་པོར་བཟོ་བའི་དྲ་ཐོག་གི་ནང་རུལ་པ་དག་གི་རྗེས་སུ་གཡམ་རྒྱུག་བྱེད་པའི་མཇུག་འབྲས་ནི་ཀུན་གྱིས་ཤེས་གསལ་རེད།

མཇུག་ཏུ་བཤད་རྒྱུ་ཞིག་ལ། གོང་དུ་གླེང་མ་ཐག་པའི་དྲ་ཞུགས་པའི་སྤྱོད་ལམ་སྐོར་ནི་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་ བསམ་ཚུལ་ཙམ་ཁོམ་སྐབས་དང་བསྟུན་ནས་ཤར་མར་བྲིས་པ་ཞིག་ལས། གང་ཟག་སྒེར་ལ་ཆེད་དུ་དམིགས་པ་དང་ལྟ་བ་དང་ལངས་ཕྱོགས་ལ་དབྱེ་འབྱེད་བྱེད་པ། དེ་བཞིན་འཐེན་འཁྱེར་དང་ཕྱོགས་ཞེན་གྱི་དབང་དུ་སོང་བའི་ཀུན་སློང་ཕྲ་མོ་ཙམ་ཡང་མེད་ལ། དེ་འདྲ་བའི་ཆེད་དུ་བསམ་བློ་གཏོང་པའི་དུས་ཚོད་དང་འདོད་མོས། ཇུས་གཏོགས་སོགས་ཀྱང་གཏན་ནས་མེད་པས། གལ་སྲིད་མགོ་མ་ཚོས་པ་དང་དོན་མ་རྟོགས་བའི་དབང་གིས་གོ་བ་ཕྱིན་ཅི་ལོག་པའི་རིགས་འགྲེལ་ཡོད་ཚེ་དགོངས་སེལ་ཞུ་རྒྱུ་ཡིན།།

བསམ་ཚུལ།

Post navigation

Previous Post: རྣག་ཁྲག་ལ་འཐིམས་པའི་བརྩེ་དུང་།
Next Post: བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༡༧-༡༨ལོའི་སྔོན་རྩིས་དང་ལས་འཆར།

Comments (3) on “བོད་མི་དྲ་ཉུལ་བའི་སྤྱོད་ལམ་དང་ད་དུང་ཙི་ནའི་རྒྱུག་ཁྱི།”

  1. མི་ཉག་སྟོབས་ལྡན། says:
    2017-03-30 at 9:03 am

    འདི་ནའང་མི་གསོན་པོའི་སྐད་ཆ་ཞིག་འདུག །

  2. ཨ་ཞང་། says:
    2017-03-30 at 9:27 am

    རྩོམ་ཡིག་གནད་ལ་འཁེལ་བ་ཞིག་བྲིས་འདུག བརྗོད་བྱ་རྗོད་བྱེད་གང་ལ་བལྟས་ཀྱང་སྤྱི་ཚོགས་ལ་འགན་འཁུར་མཁན་གྱི་ཤེས་ཡོན་པ་ཚད་ལྡན་ཞིག་རེད་སྙམ། མ་གཞི། སྐུ་ཞབས་ཏྲེ་ཧོར་ཐུབ་བསྟན་ཟེར་བ་འདི་ལྕོགས་རི་ཐུབ་བསྟན་ནམ། བྲག་མགོ་ཐུབ་བསྟན་ཞུ་བ་དེ་མ་རེད་པས། འོ། མི་འདི་རྩོམ་པ་པོ་ཞིག་ཡིན་པར་མ་ཟད། ལོ་ཙ་བ་ཞིག་ཀྱང་ཡིན་རབས་འདུག མ་འོངས་པར་དྲ་ཐོག་ཏུ་རྩོམ་ཡིག་མང་པོ་སྤེལ་བའི་རེ་བ་ཡོད།

  3. གཡུ་ཐོག་རྒྱལ་པོ། says:
    2017-03-30 at 1:26 pm

    དྲང་བདེན་གྱི་གཏམ་དུ་མཐོང་སོང་། གང་ལྟར། དེང་སང་སྨྲ་བརྗོད་རང་དབང་སྤྱད་དེ། ཆོ་མེད་ལོང་གཏམ་མང་པོ་བཤད་ཚེ། དེའི་མཇུག་འབྲས་ནི། སྤྱི་ཚོགས་གཏོར་བཤིག་རེད། དེར་བརྟེན། རྩོམ་པོ་ཡིན་ནའང་འདྲ། ཆབ་སྲིད་པ་ཡིནའང་འདྲ། ངེས་པར་དུ་སྤྱི་ཚོགས་ལ་འགན་འཁུར་བའི་རྩོམ་འབྲི་རྒྱུ་དང་། སྐད་ཆ་ཤོད་རྒྱུ་ནི།
    ཧ་ཅང་གི་གནད་འགག་ཅན་གྱི་གནད་དོན་ཞིག་ཆགས་ཡོད། དེ་མིན་གླང་ཆེན་སྨྱོན་པ་ལྟར། ས་མཚམས་མེདཔར་དུར་རྒྱུགས་བྱས་ཚེ། ཐ་མ་རང་ཉིད་རྫབ་དོང་ནང་ཟགས་པ་མ་ཟད། བོད་པའི་སྤྱི་ཚོགས་ཡང་རྫབ་དོང་ན་དྲུད་སྲིད་པའི་ཉེན་ཁ་ཧ་ཅང་གི་ཆེན་པོ་འདུག་གོ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme