Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བློ་བཟང་སེང་གེས་༧གོང་ས་མཆོག་དང་བོད་མི་མང་ལ་དགོངས་དག་ཞུ་དགོས་ཡོད།

Posted on 2017-03-192017-03-19 By ཁ་བརྡ་ 13 Comments on བློ་བཟང་སེང་གེས་༧གོང་ས་མཆོག་དང་བོད་མི་མང་ལ་དགོངས་དག་ཞུ་དགོས་ཡོད།

ཉག་རོང་དོན་གྲུབ།

 
ཕྱི་ལོ་༢༠༡༧ལོའི་གསུམ་བཅུའི་དུས་དྲན་གྱི་གལ་ཆེའི་དུས་ཚིག་ཐོག སྲིད་སྐྱོང་བློ་བཟང་སེང་གེས་བརྗེད་དཀའ་བའི་གསུམ་བཅུའི་ལོ་རྒྱུས་སོགས་སྒྲོགས་སྦྱང་ཚད་ལྡན་མེད་ཁར། གང་ཟག་སྒེར་བའི་གནད་དོན་སོགས་འབྲེལ་མེད་ཀྱི་གླེང་གཞིའི་རྙོག་ཟིང་བསླངས་པ་དང་། བུད་མེད་སྒེར་ལངས་ཀྱི་དུས་དྲན་ཉིན་དེར་བུད་མེད་ཀྱི་ཉིན་མོ་ཞེས་མིང་བཏགས་ནས་གལ་ཆེའི་སྐད་འབོད་སོགས་ཉམས་དམུས་སུ་བཏང་བ་དང་། སྤྱི་འཐུས་གྲོས་ཚོགས་ནང་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་བགྲོ་གླེང་སྐབས་སུ། སྐྱེས་བུ་སྒེར་གྱི་ཚེ་སྲོག་ལ་གནོད་སྐྱོན་ཐེབས་བྱད་ཀྱི་བརྟག་ཞིབ་མེད་པའི་ཧམ་གཏམ་བཤད་པ་དང་། སྲིད་སྐྱོང་དང་སྤྱི་འཐུས་ཁ་ཤས་ཤིག་གིས་སྒེར་འཁོན་སྙིང་བཅིང་བྱས་ནས་སྤྱི་དོན་རྩ་ལྟར་དོར་ཏེ། གདུང་སེམས་མཉམ་བསྐྱེད་སྐབས་ཀྱི་བརྗོད་ཚིག་གཙོ་བོ་༧སྐྱབས་མགོན་རིན་པོ་ཆེའི་མཚན་ཐེངས་༡༦༩ ཙམ་བརྗོད་པ་དང་ཀླུ་མཁར་བྱམས་ཞེས་ཐེངས་༥༢ཙམ་དང་། མཚན་སྨད་ཐེངས་༤༡དང་ལོ་༡༡༣ ཞེས་ཐེངས་༣༥དང་། མང་གཙོ་ཐེངས་༣༥དང་རྩོམ་ཡིག་ཐེངས་༣༠དང་བཀའ་དྲིན་ཐེངས་༢༩དང་ངོ་རྒོལ་ཐེངས་༢༥དང་ཟུར་ཟ་ཐེངས་༢༣དང་རང་བཙན་ཐེངས་༢༠དང་སྨྲ་བརྗོད་རང་དབང་ཐེངས་༡༩དང་བློ་ཕམ་ཐེངས་༡༨དང་སེམས་འཚབ་དང་བློ་འཚབ་ཐེངས་༡༤དང་དགག་པ་ཐེངས་༡༡དང་དད་པ་ཐེངས་༠༨དང་སྐྱོན་བརྗོད་ཐེངས་༠༨དང་དོ་ཕོག་ཐེངས་༠༦དང་རྒྱལ་ཚོང་བ་ཐེངས་༠༤དང་ཕོག་ཐུག་ཐེངས་༠༢བཅས།༼གྲངས་ཐོ་བང་ཆེན་ནས་དྲངས༽ གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་ཆེད་འཛུགས་གནང་བའི་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག་ནས་ཚོགས་ཆུང་གི་ལས་བསྡོམས་དང་། གྲུབ་དོན་སྙན་ཐོ། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཁག་ཅིག་བཅས་སྙན་སྒྲོན་ཞུས་རྗེས།
སྲིད་སྐྱོང་གིས་འཛིན་སྐྱོང་བཀའ་ཤག་དང་འོས་བསྡུ་ལས་ཁང་གཉིས་གོ་བསྡུར་གྱིས་འཛམ་གླིང་སྤྱི་ཡོངས་ཀྱི་འགྲོ་སྟངས་ལྟར། འོས་བསྡུ་ཐེངས་གཅིག་གིས་འགྲིག་པའི་ཁྲིམས་འཆར་ཕུལ་ནས། ཚོགས་ཆུང་གི་འཆར་ཟིན་ནང་འོས་ཐེངས་གཉིས་བླུགས་རྒྱུ་བཟོས་ཡོད་པ་དེར་དགག་པ་བརྒྱབ་སོང་བ་དང་། འཆར་ཟིན་ཚོགས་ཆུང་གི་ཚོགས་དྲུང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་ཚོགས་ཆུང་ནང་མང་མོས་ཀྱི་ཐོག་ནས་དགོངས་འཆར་དེ་འཁུར་ཡོང་བ་ཡིན་སྐོར་གསལ་བཤད་གནང་རྗེས། སྲིད་སྐྱོང་ནས་བསྐྱར་དུ་དགོངས་ཚུལ་གསུང་བའི་གོ་སྐབས་མེད་པར་བརྟེན། ང་ཚོས་གྲོས་ཚོགས་ནང་ཆ་ཤས་ལེན་གྱི་མིན་ཞེས་གསུངས་ཏེ་འཆར་ཟིན་ཚོགས་ཆུང་གི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་སོགས་བཀའ་བློན་ཚང་མ་ཁྲིད་ཏེ་གྲོས་ཚོགས་ནས་ཕྱིར་ལ་ཐོན་སོང་བ་སོགས་ལ་རྒྱུ་མཚན་ཡོད་མེད་དང་། གྲོས་ཚོགས་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་མེད་དང་། བྱམས་དང་སྙིང་རྗེ་ཅན་གྱི་བོད་མིའི་ཡ་རབ་སྤྱོད་བཟང་དང་འགལ་མིན་སོགས་བཤད་འདོད་མེད།

འོ་ན་ངས་ཅི་ཞིག་བཤད་འདོད་ཡོད་ཟེར་ན། བློ་བཟང་སེང་གེས་དབུ་ཁྲིད་ནས་ཁོ་རང་སྐྱེས་བུ་སྒེར་གྱི་འདོད་བློ་མ་ཁེངས་པའི་གནད་དོན་ལ་གཞི་བཅོལ་ཏེ། འགྲོ་བཞིན་པའི་གྲོས་ཚོགས་ཀྱི་ཚོགས་འདུ་ནས་ཕྱི་ལ་ཐོན་འགྲོ་སྐབས། བོད་མི་མང་གི་འཐུས་མི་ལྷན་འཛོམས་ལས་གྲུབ་པའི་སྤྱི་འཐུས་ཐུན་མོང་གི་ཚོགས་གཙོ་དང་། ཚོགས་གཙོའི་རྒྱབ་ཀྱི་བཞུགས་ཁྲི་རིན་པོ་ཆེ་དང་༧གོང་ས་ཏཱ་ལའི་བླ་མའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། སློབ་དཔོན་རིན་པོ་ཆེ་དང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་འདྲ་རིན་པོ་ཆེ་སོགས་ལ། བཀའ་སྤྱི་གཉིས་ཀྱི་སྐྱེ་བོ་སུ་ཞིག་ཡིན་རུང་གུས་ཞབས་ཐོན་ཕྱག་ཞུ་བཞིན་ཕེབས་ཀྱི་ཡོད་པའི་འགྲོ་སྟངས་སྤྱི་མཚུངས་ལྟར། བཀའ་བློན་ཀརྨ་ཡེ་ཤེས་སོགས་བཀའ་བློན་ཁ་ཤས་ཀྱིས་གུས་ཞབས་ཐོན་ཕྱག་འཚལ་ནས་ཕེབས་ཡོད་ནའང་། སྲིད་སྐྱོང་བློ་བཟང་སེང་གེས་གུས་ཞབས་རྩ་བ་ནས་མ་ཞུས་པའི་ཐོག་ནས་ཤར་ཐོན་གནང་སོང་བ་ཡིན་ན། དེ་ནི་ནམ་རྒྱུན་བློ་སེང་སོགས་ཀྱིས་བྱེའུའི་ཁ་ནང་གི་འབུ་རོ་བཞིན་ཐ་ན་གྲོས་ཚོགས་ནང་ནས་ཀྱང་༧སྐྱབས་མགོན་རིན་པོ་ཆེ་ཞེས་མཚན་ཐེངས་༡༦༩༧ བརྗོད་པའི་༧གོང་ས་ཏཱ་ལའི་བླ་མ་ལ་གུས་ཞབས་མ་ཞུས་པ་དང་། བོད་ཀྱི་ཡབ་མེས་བཙད་པོ་རྣམས་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་གུས་ཞབས་མ་ཞུས་པ་དང་། ཕྱི་ནང་གཉིས་སུ་གྱེས་པའི་བོད་མི་རིགས་ལ་གུས་ཞབས་མ་ཞུས་པ་དང་། བོད་མི་མང་གི་ཚབ་མཚོན་སྤྱི་འཐུས་གྲོས་ཚོགས་ལ་གུས་ཞབས་མ་ཞུས་པ་དང་། བོད་མི་མང་འཐུས་མི་ཞེ་བཞི་ལས་གྲུབ་པའི་སྤྱི་འཐུས་ཚོགས་གཙོ་མཆོག་ལ་གུས་ཞབས་མ་ཞུས་དང་། བོད་མི་མང་གིས་ཕུལ་གནང་བའི་སྲིད་སྐྱོང་གི་མཚན་མཐོང་ལ་གུས་ཞབས་མ་ཞུས་པ་དང་། ཆེས་མཐོའི་བཅའ་ཁྲིམས་རིན་པོ་ཆེ་ལའང་གུས་ཞབས་མ་ཞུས་པ་ཞིག་མཚོན་ཐུབ་ཀྱི་ཡོད་པས། ད་ཐེངས་ངེས་པར་དུ་སྲིད་སྐྱོང་བློ་བཟང་སེང་གེས་༧གོང་ས་མཆོག་དང་བཀའ་སྤྱི་གཉིས་ཀྱི་གཙོས། བོད་ཕྱི་ནང་གི་གཞིས་བྱེས་བོད་མི་ཡོངས་རྫོགས་ལ་དགོངས་དག་ཐུགས་དྭངས་ཞུ་དགོས་ཀྱི་ཡོད།

གལ་ཏེ་དགོངས་དག་ཞུས་མ་ཐུབ་པ་ཡིན་ན། ཡ་རབ་བཟང་སྤྱོད་ཀྱི་ཐོག་ནས་སྲིད་སྐྱོང་གི་ཞབས་སྟེགས་ནས་རྩ་དགོངས་ཞུ་དགོས་ཡོད། སྲིད་སྐྱོང་གི་ཞབས་སྟེགས་དེ་བོད་མི་མང་ལ་ཕྱིར་རྩིས་འབུལ་ཞུ་དགོས་ཡོད། དེ་ནས་བཟུང་༧གོང་ས་ཏཱ་ལའི་བླ་མའི་མཚན་མཆོག་རིན་པོ་ཆེ་དེ་རྡོ་དང་དབྱུག་པ་བཞིན་སྒེར་སྤྱོད་མི་བྱེད་རོགས། སྤྱི་དོན་གླེང་ས་ནས་སྒེར་འཁོན་མི་རྩོད་རོགས་ཞེས་ཞུ་བ་ལེགས་སོ།

–ཉག་རོང་དོན་གྲུབ་ནས། ༠༣/༡༩/༢༠༡༧

བསམ་ཚུལ།

Post navigation

Previous Post: སྲིད་སྐྱོང་ཐོན་གཞས།
Next Post: ༢༠༡༦ ལོའི་ཟིང་ཆ། འོས་བསྡུའི་སྒྲིག་གཞིས་མ་འགྲིག་པ་མ་རེད།

Comments (13) on “བློ་བཟང་སེང་གེས་༧གོང་ས་མཆོག་དང་བོད་མི་མང་ལ་དགོངས་དག་ཞུ་དགོས་ཡོད།”

  1. ཁུ་བྱུག says:
    2017-03-19 at 11:16 pm

    xxxxཉག་རོང་དོན་གྲུབ་ཀྱི་སྐད་ཆར་བོད་མིའི་ཁྲོད་བདག་པོ་རྒྱག་མཁན་མེད། ཁ་བརྡས་བདག་པོ་མ་བརྒྱབ་ན་ཡག་གི་རེད།

  2. gyaltsen says:
    2017-03-20 at 12:16 am

    གོང་གི་རྩོམ་ཡིག་དེ་ཨི་རིར་གནས་སྡོད་རང་བཙན་ཁ་ལ་འཁྱེར་ནས་དེ་སྔོན་གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ཉག་རོང་དོན་གྲུབ་ཟེར་བའི་མིང་ཅན་དེ་དངོས་ཡིན་ཚེ། ཁྱོད་རང་གི་རྩོམ་ཡིག་དེ་ལ་མི་རྣམས་གད་མོ་རྐུབ་ནས་ཤོར་ཡག་རེད། ཁྱོད་རང་གི་བྱ་བྱེད་ངན་པ་འཛམ་གླིང་ཡོངས་ལ་ཁྱབ་ཟིན་པས་དཀྲུག་ཤིང་སློང་འདོད་པའི་ཀུན་སློང་དེར་སུ་ཞིག་མགོ་འཁོར་སྲིད། ཧ་ཧ་ཧ་ཧ་

  3. ཁ་བ་རི་བ་ says:
    2017-03-20 at 1:20 am

    མི་དེ་ཚོའི་རིགས་ལ་གཟབ་གཟབ་གནང་།

  4. ནུབ་ཕྱོགས་གངས་ཕྲུག says:
    2017-03-20 at 1:38 am

    ཉག་རོང་དོན་གྲུབ་འདྲ་བོ་ལབ་འདུག སྲིད་སྐྱོང་འགྲོ་མི་དགོས་སར་འགྲོ་སོང་།

  5. ཁ་བ་རི་བ་ says:
    2017-03-20 at 6:12 am

    ཉག་རོང་དོན་འགྲུབ་ཀྱིས་བོད་གཞིས་བྱེས་གཉིས་ལ་སྙིང་ཐག་པ་ནས་དགོངས་དག་ཞུ་དགོས་།

  6. རང་བཙན་བུ། says:
    2017-03-20 at 6:49 am

    སྲིད་སྐྱོང་དང་ཚོགས་གཙོ་མཚན་མཉམ་ཡིན་པས་ཐོན་ཕྱག་དགོས་མ་རེད། དེ་ཚོ་ཉག་དོན་ཁྱོད་ཀྱིས་ཤེས་ལེ་མ་རེད།

  7. ཀརྡོ་རབ་འབྱམས་པ་ says:
    2017-03-20 at 7:56 am

    བཀའ་ཤག་གིས་འགན་འཁུར་བའི་ཐོག་ནས་གྲོས་ཚོཊ་ལས་ཕྱིར་ཐོན་པ་ཡིན།
    http://tibettimes.net/%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%A4%E0%BD%82%E0%BC%8B%E0%BD%82%E0%BE%B2%E0%BD%BC%E0%BD%A6%E0%BC%8B%E0%BD%9A%E0%BD%BC%E0%BD%8A%E0%BC%8B%E0%BD%93%E0%BD%A6%E0%BC%8B%E0%BD%90%E0%BD%BC%E0%BD%93/

  8. གངས་མྱི། says:
    2017-03-20 at 9:08 am

    ལུགས་གཉིས་ཀྱི་གོ་རྟོགས་ཀླད་ཀོར་ལས་མེད་པའི་ཐ་ན་སྲིད་སྐྱོང་ལ་གོ་གནས་དང་ཐོབ་ཐང་ག་རེ་ཡོད་མེད་ཙམ་ཡང་ཧ་མི་གོ་བའི་དྲ་འབུ་དག་གི་སྐད་ཆའི་གད་སྙིགས་ཐམས་ཅད་ཁ་བརྡ་དྲ་ངོས་འདིར་སྤུངས་ཡོང་གིན་རྗེས་སོར་འདིའི་ཐད་དུ་སྟངས་འཛིན་མ་ཐུབ་ན། ཤེས་ཚད་མཐོ་བའི་ཀློག་པ་པོ་དག་གིས་དྲ་བ་འདིར་གྱེས་ཕྱག་ཕུལ་ངེས་རེད་དྲན་གི །

  9. ནུབ་ཕྱོགས་གངས་ཕྲུག says:
    2017-03-20 at 9:46 am

    རང་བཙན་བུ། མཐོ་ཤོས་དེ་ཁྲིམས་ཞིབ་པ་ཆེ་བ། གཉིས་པ། སྤྱི་འཐུས་ཚོགས་གཙོ། གསུམ་པ། སྲིད་སྐྱོང་བཅས་གྲལ་ལ་བཞུགས་དུས་འགྲོ་སྟངས་དེ་འདྲ་རེད། ཡིན་ནའང་བཀའ་ཤག་ལ་འཛིན་སྐྱོང་གི་དབང་ཚད་ཆ་ཚང་ཡོད་རེད། ཐོན་ཕྱག་དགོས་པ་དེ་གྲོས་ཚོགས་ལ་ཆེ་མཐོང་དང་། ༧ གོང་ས་མཆོག་གི་སྐུ་པར་ལ་ཆེ་མཐོང་། ལ་སོགས་པ་རེད། གསར་འཐོམ་པ་ཧ་མ་གོ་ན།

  10. གཡུ་ཐོག་རྒྱལ་པོ། says:
    2017-03-20 at 4:51 pm

    སྲིད་སྐྱོང་མཆོག་གིས། xxདྲ་འབུ་ཉག་རོང་དོན་གྲུབ་ལ། ཅིའི་ཕྱིར་དགོངས་དག་ཞུ་དགོས་རེད་དམ། ཁྱོད་རང་བོད་པ་མིན་པ།

  11. སྤེན་ཚེ says:
    2017-03-21 at 1:18 am

    ཉག་རོང་ལགས་གྲོལ་ཚོགས་ནང་ཆེད་དུ་རྙོག་དྲ་དང་བརྡབ་གསིག་གཏོང་མཁན་བསྟན་པ་ཡར་འཕེལ་ཟེར་མཁན་དང་སྨོན་མཐར་་་འཇུ་དཀོན་མཆོག་གཙོས་པས་ད་བར་གང་བྱས་པ་གསན་གཟིགས་བྱུང་མེད་པ་རེད་ཡང་ན་ཁོང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་དམ་་་་་དངོས་གནས་དྲང་གནས་༸གོང་ས་མཆོག་དང་བོད་རྒྱ་ཆེའི་མི་མང་རྣམས་ལ་དགོངས་དག་ཞུ་དགོས་མཁན་ང་ཚོའི་སྤྱི་ཚོགས་ནང་ལུག་ལྤགས་མགྱོན་པའི་སྤྱང་ཀི་དེ་ཚོ་རེད།།།

  12. གཡུ་ཐོག་རྒྱལ་པོ། says:
    2017-03-21 at 11:03 am

    ཉག་རོང་དོན་གྲུབ་ཟེར་བxxxདེ་ཚོས། གྲོས་ཚོགས་ནང་གི་སྨད་ཆད་གོང་ཕུད་དུ་གྱུར་བའི་xxབསྟན་པ་ཡར་འཕེལ་ལ་སོགས་པ་འགའ་དང་ཁྱི་སྤྱང་ལག་སྦྲེལ་གྱིས། གྲོས་ཚོགས་ནང་མེ་སྤར་སྟེ། བོད་པའི་སྤྱི་ཚོགས་བསྲེགས་རྒྱུའི་ལས་ཀ་བྱེད་ཀྱི་འདུག་ཀ མ་གཞི་ནས། བོད་ཀྱི་ལོ་རྒྱུས་ཐོག་ནས་མི་དེ་ཚོའི་གྲས་ག་དུས་ཡིན་རུང་སྙོག་ཁྲའི་སྒམ་ཆུང་རང་རེད།

  13. བྲན་གཡོག says:
    2017-03-23 at 4:52 am

    སྲིད་སྐྱོང་བློ་སེང་ཉམས་སྟོན་རྒྱུར་དགའ་ལ་གཞོན་པའི་སྣང་བ་འཁུར་རྒྱུར་ཧ་ཅང་དགའ། ལོ་འདི་དག་གི་རིང་ལ་༸གོང་ས་མཆོག་ཡང་ཐུགས་ཕམ་བཟོས་པ་ལས་བྱས་རྗེས་ཤིག་སྟོན་རྒྱུ་མེད། བསྟན་པ་ཡར་འཕེལ་ཟེར་བ་དེས་ནམ་རྒྱུན་གྲོས་ཚོགས་ནང་དཀྲུག་གིན་ཡོད། དེ་ནི་ཕལ་ཆེར་ཁོ་རང་གི་འགན་འཁུར་ཡིན་ན་ཐང། ཁོ་ཕྱོགས་རིས་དང་འཐེན་འཁྱེར་གྱིས་ཁེངས་ནས་བསྡད་ཡོད་པ་ཞིག་ལས་སྤྱི་ལ་ཕན་པའི་སྐད་ཆ་བཤད་མཁན་ཞིག་ནམ་ཡང་མིན་པ་ངས་བཤད་དགོས་པ་ཞིག་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme