Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་གླིང་ནས་ལྷགས་པའི་འཇབ་རྒོལ་ཡ་མེད་ཅིག

Posted on 2017-03-192017-03-19 By ཁ་བརྡ No Comments on ནུབ་གླིང་ནས་ལྷགས་པའི་འཇབ་རྒོལ་ཡ་མེད་ཅིག

རྩེཿམུན་སེལ།

 

ཨེ་ཙི། ནུབ་གླིང་བའི་ཚིམ་མེད་ཀྱི་འཁྲིག་སྤྱོད་དང་། འཛེམ་པ་དོགས་བྲལ་གྱི་ཉེས་གསེབ་ནས་སྐྱེས་ཤིང་། སྐྱེ་འགྲོའི་ཚེ་སྲོག་དུམ་བུར་གཅོད་པ་ལ་ཐབས་ཀྱིས་འཇབ་ཅིང་། རྔམ་པས་མཆོང་བའི་དགྲ་བོ་ངོ་མ་ཞིག

ཨེ་ཙི། རྣམ་པ་ཉམ་ཐག་པས་སྤོབས་སེམས་འཕར་རུང་། གནའ་རབས་ཀྱི་བོད་བརྡ་ལ་མ་གྲཊ་པས་དོ་སྣང་མི་འབྱུང་བ་བདེན་ཡང་། ངེས་པ་བྲལ་བའི་ཁ་ཁུག་དུ་མ་ནས་ཁུ་སིམ་མེར་རྒོལ་ལ། གཏོར་བརླགས་ཀྱི་མཇུག་འབྲས་དེ་དང་དེས། འཛམ་གླིང་ལྷ་རྗེ་ཡོངས་རྫོགས་ཐབས་ཟད་དུ་བཏང་བ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཚེ། འཇིགས་དངངས་མི་སྐྱེ་བའི་སེམས་ལྡན་སུ་ཞིག་མཆིས།

ཁྱབ་བྱུང་། འཇབ་རྒོལ་བ་དེའི་གཡོ་འཕྲུལ་གྱིས་སྐྱེ་འགྲོའི་ཚེ་སྲོག་དྲོན་མོ་ཁད་ཀྱིས་རྒུམ་གྱིན་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་ཁྱབ་སོང་། མཆེད་བྱུང་།
འཇབ་རྒོལ་བ་དེ། ནགས་ལ་མེ་ལྕེ་ཇི་བཞིན། འོད་ལ་གྲིབ་ནག་ཇི་བཞིན། རི་བོ་ཧཱི་མ་ལ་ཡི་འདབས་ལྗོངས་དང་། གངས་རི་དཀར་པོའི་གསེང་ལམ་བརྒྱུད་ནས་ཀྱང་མཆེད་བྱུང་།

གལ་ཏེ། ང་ཚོ་འདི་ལྟར་ཡེངས་པའི་ངང་ནས་བསྡད་ཚེ། གལ་ཏེ། ང་ཚོས་འདི་ལྟར་ཅི་མི་སྙམ་པར་བཞག་ཚེ། རྒྱང་རིང་ནས་ལྷགས་པའི་དགྲ་བོ་འདིས། གྲངས་ཉུང་བའི་མི་རིགས་དེ་མིང་གི་ལྷག་མར་གཏོང་ངེས་ལ། ཕུགས་འདུན་ཡོད་ཚད་ནུས་མེད་དུ་གཏོར་བར་ངེས། དགྲ་བོ་འདི་དུང་བའི་གཉེན་ལ་སྒྱུར་བའི་རིགས་སྔགས་འདྲ་མེད་པར་ངེས་ཀྱང་། ནད་ངན་འདི་ཡེ་ནས་རྩལ་སྤྲུག་ལ་གཏོང་བྱེད་ཀྱི་སྨན་རྫས་འདྲ་མེད་མོད། ང་ཚོས། ལྷག་བསམ་ཡུ་བར་བསླངས་ཏེ། ཡོད་པ་ནས་མང་བར་མི་འགྱུར་བ་དང་། ཉུང་བ་ནས་མེད་པར་བསྒྱུར་བའི་ཆེད་དུ་དཔུང་ཤུགས་མཉམ་སྦྲེལ་བྱ་དགོས།
གང་ལྟར་བགྲོས་ཀྱང་། ཅི་ཙམ་བསྒྲིམས་རུང་།

ང་ཚོས་དགྲ་བོ་འདི་མུ་མཐུད་ནས་རྒྱུ་བར་མི་ནུས་པར་བྱ་བ་ལ། ཆེས་ལེགས་ཤོས་སུ་གྲུབ་པའི་ཐབས་ཇུས་ཤིག་ཡོད་པ་ནི། དགྲ་བོ་འདིའི་ལམ་བཞི་ཡི་ཕྱོགས་དང་། རྐྱེན་ལྔ་ཡི་འབྱུང་ཚུལ་རྣམས་གསལ་བོར་ངོས་ཟིན་པའི་སྒོ་ནས། མི་འགོ་བའི་ཐབས་བཅུ་བོའི་མན་ངག་རྣམས་བོད་མི་རེ་རེར་འཆི་མེད་ཚེ་ལ་དབང་བའི་དངོས་གྲུབ་སྩོལ་བར་ངེས་པའི་ལེགས་སྐྱེས་བཟང་བོ་ཞིག་གི་ཚབ་ཏུ་ཉེ་བ་ཉེ་བའི་ངང་ནས་སྤེལ་རྒྱུ་དེ་རེད་ཨང་།

ཕྱི་ལོ་༢༠༡༧་ཕྱི་ཟླ༣ཚེས་༢༠ཉིན་ལྕགས་པོ་རིའི་སློབ་གླིང་དུ་བྲིས།

ལྷུག་རྩོམ།

Post navigation

Previous Post: རྒྱལ་གཅེས་དཔའ་བོས་རྒྱ་གཞུང་ལ་ངོ་རྒོལ། བློ་བཟང་སེང་གེས་གྲོས་ཚོགས་ལ་ངོ་རྒོལ།
Next Post: སྲིད་སྐྱོང་ཐོན་གཞས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme