Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རིའི་ཁེད་ཉེར་གཅིག་མ།

Posted on 2017-03-182017-03-18 By དགེ་རབ་ 2 Comments on ཨ་རིའི་ཁེད་ཉེར་གཅིག་མ།

riddleslogo1. What is easy to get into, but hard to get out of?
ནང་དུ་འཛུལ་སླ་མོད་ཕྱིར་ཐོན་དཀའ་བ་དེ་ཅི་ཁེད།

2. What jumps higher than a building?
ཁང་པ་ལས་མཐོ་བར་མཆོངས་མཁན་དེ་ཅི་ཁེད།

3. I start with the letter e, I end with the letter e. I contain only one letter, Yet I am not the letter e! What am I?
ང་ཨིན་ཡིག་ e ནས་མགོ་ཚུགས། ང་ཨིན་ཡིག་ e ནས་མཇུག་རྫོགས། ངས་ཡི་གེ་གཅིག་ཁོ་ན་འཛིན། འོན་ཀྱང་ང་ཡི་གེ་ e མིན། ང་ཅི་རེད།

4. A clever thief was brought before a king to receive his punishment. The king, feeling merciful, asked the thief how he would like to die. The thief told him, and the king let him go. What did the thief tell the king?
རྐུན་མ་སྤྱང་པོ་ཞིག་རྒྱལ་པོའི་མདུན་དུ་ཁྲིམས་ཀྱི་ཉེས་ཆད་གཅོད་ཕྱིར་ཁྲིད་ཡོང་། རྒྱལ་པོ་སྙིང་རྗེ་ནས་རྐུན་མ་ལ་ཁྱོད་ཇི་ལྟར་འཆི་འདོད་ཅེས་དྲིས། རྐུན་མས་རྒྱལ་པོ་ལ་བཤད། རྒྱལ་པོས་ཁོང་འགྲོ་བཅུག རྐུན་མས་རྒྱལ་པོ་ལ་ཅི་ཞིག་བརྗོད་པ་རེད།

5. You will always find me in the past. I can be created in the present, But the future can never taint me. What am I?
ཁྱོད་ཀྱིས་རྟག་ཏུ་ང་ནི་འདས་པ་ཁོ་ནའི་ནང་རྙེད། ང་ད་ལྟའི་ནང་དུ་བཟོ་ཆོག ཡིན་ནའང་མ་འོངས་པས་ང་ལ་རྩ་ནས་རེག་མ་མྱོང་། ང་སུ་རེད།

6. Mr. Smith has 4 daughters. Each of his daughters has a brother. How many children does Mr. Smith have?
སྐུ་ཞབས་སི་མི་ཐི་ལ་བུ་མོ་བཞི་ཡོད། བུ་མོ་རེ་རེ་ལ་སྤུན་རེ་ཡོད། སྐུ་ཞབས་སི་མི་ཐི་ལ་བྱིས་པ་ག་ཚོད་ཡོད་རེད།

7. Poor people have it. Rich people need it. If you eat it you die. what is it?
དབུལ་པོར་དེ་ཡོད། ཕྱུག་པོར་དེ་དགོས། ཁྱེད་ཀྱིས་དེ་ཟས་ན་ཁྱེད་འཆི་བར་འགྱུར། དེ་ཅི་ཁེད།

8. What can you catch but not throw?
ཁྱེད་ཀྱིས་འཛིན་ཐུབ་མོད་གཡུགས་མི་ཐུབ་པ་དེ་ཅི་རེད།

9. Look at me. I can bring a smile to your face, a tear to your eye, or even a thought to your mind. But, I can’t be seen. What am I?
ང་ལ་གཟིགས་དང་། ངས་ཁྱེད་ཀྱི་ཞལ་རས་ལ་འཛུམ་དམུལ་འཁྱེར་ཡོང་། ཁྱེད་ཀྱི་སྤྱན་ལ་སྤྱན་ཆབ་འཁྱེར་ཡོང་། ཡང་ན་ཁྱེད་ཀྱི་ཐུགས་ལ་བསམ་གཞིགས་ཤིག་ཀྱང་འཁྱེར་ཡོང་། འོན་ཀྱང་ང་མཐོང་མི་ཐུབ། ང་ཅི་རེད།

10. Feed me and I live, yet give me a drink and I die
ང་ལ་ལྟོ་སྤྲོད་དང་། ང་འཚོ་བ་ཡིན། འོན་ཀྱང་། ང་ལ་ཆུ་སྤྲོད་དང་། ང་འཆི་བ་ཡིན། ཅི་ཁེད།

11. You can see me in water, but I never get wet. What am I?
ཁྱེད་ཀྱིས་ང་ཆུའི་ནང་མཇལ་བར་འགྱུར། འོན་ཀྱང་ང་རྩ་ནས་བརླན་མ་མྱོང་། ང་ཅི་རེད།

12. I don’t have eyes, but once I did see. Once I had thoughts, but now I’m white and empty.
ང་ལ་མིག་མེད་མོད་ཐེངས་ཤིག་ངས་མཐོང་མྱོང་། ཐེངས་ཤིག་ང་ལ་བསམ་བློའང་ཡོད་མྱོང་མོད་ད་ལྟ་ང་ནི་དཀར་པོ་དང་སྟོང་པ་ཡིན། ཅི་ཁེད།

13. What has a Heart but no other organs?
དེ་ལ་སྙིང་ཡོད་མོད་དོན་སྙིང་གཞན་པ་གཅིག་ཀྱང་མེད། ཅི་ཁེད།

14. The more you take, the more you leave behind. What am I?
ཁྱེད་ཀྱིས་ཅི་ཙམ་མང་བ་བླངས་ན་དེ་ཙམ་གྱིས་མང་བ་ཤུལ་དུ་འཇོག ང་ཅི་རེད།

15. You see a boat filled with people. You look again, but this time you don’t see a single person on the boat. Why? Hint: The boat has not sunk
ཁྱེད་ཀྱིས་གྲུ་གཟིངས་ཤིག་མིས་ཁེངས་ཡོད་པ་མཐོང་། ཁྱེད་ཀྱིས་སླར་ཡང་བལྟས། འོན་ཀྱང་། སྐབས་འདིར་ཁྱེད་ཀྱིས་གྲུ་གཟིངས་ནང་མི་ཁེར་མ་གཅིག་ཀྱང་མ་མཐོང་། ཅིའི་ཕྱིར། ༼བརྡ། གྲུ་གཟིངས་དེ་ཆུ་ལ་ཐིམ་མེད།༽

16. I am a ship that can be made to ride the greatest waves. I am not built by tool, but built by hearts and minds. What am I?
ང་ནི་རླབས་ཆེ་བའི་རྦ་རླབས་བརྒལ་ཏེ་འགྲོ་ཐུབ་པའི་གྲུ་གཟིངས་ཤིག་ཡིན། འོན་ཀྱང་ང་ནི་ལག་ཆ་སྤྱད་དེ་བཟོས་པ་ཞིག་མིན། ང་ནི་སྙིང་དང་སེམས་ཀྱིས་བཟོས་པ་ཞིག་ཡིན། ང་ཅི་རེད།

17. What is harder to catch the faster you run?
ཁྱེད་ཅི་ཙམ་གྱིས་མགྱོགས་པོར་རྒྱུགས་པ་དེ་ཙམ་གྱིས་ལེན་དཀའ་བ་དེ་ཅི་རེད།

18. What word looks the same upside down and backwards?
མགོ་རྟིང་སློག་པའང་གོ་རིམ་བཟློག་ནའང་གཅིག་ཡིན་པའི་ཚིག་དེ་གང་རེད།

19. The shorter I am, the bigger I am. What am I?
ང་ནི་ཅི་ཙམ་ཐུང་ན་དེ་ཙམ་ཆེ། ང་ཅི་རེད།

20. What flies without wings?
གཤོག་པ་མེད་པར་འཕུར་འགྲོ་བ་དེ་ཅི་ཁེད།

21. I am found in the sea and on land but I do not walk or swim. I travel by foot but I am toeless. No matter where I go, I’m never far from home. What am I?
ང་ནི་མཚོ་དང་སྐམ་ས་གཉིས་ཀ་ལ་ཡོད་མོད་ང་གོམ་པ་མི་སྤོ་ལ་རྐྱལ་ཡང་མི་རྒྱག ང་རྐང་འགྲོས་ཀྱིས་བསྐྱོད་མོད་ང་ལ་རྐང་མཛུབ་མེད། ང་གང་དུ་ཕྱིན་ཀྱང་ང་ཁྱིམ་ལས་ཐག་མི་རིང་། ང་ཅི་རེད།

མཆན། དེ་རིང་ཨ་རིའི་ཤར་ཕྱོགས་ནས་ཚུར་ཁྱིམ་དུ་ལོག་ཡོང་བའི་ལམ་ཁར། བུ་མོས་ང་ལ་ཨ་རིའི་ཁེད་བཤད་བཞིན་ཡོང་སྐབས་འདི་དག་བོད་ཡིག་ཏུ་བྲིས་ཏེ་རྩེད་མཚར་ཞིག་བྱེད་འདོད་བྱུང་ནས་གང་བདེ་བདེ་ཞིག་བསྒྱུར་ཏེ་ཕུལ་བ་ཡིན། ཉིན་ཤས་ཀྱི་རྗེས་སུ་ཁེད་ལན་རྣམས་ཀྱང་མཆན་གྱི་ཚུལ་དུ་ཕུལ་ཆོག་པ་ཞུ། དེ་བར་དུ་ཨང་རིམ་བཞིན་ཁེད་ལན་གནང་རོགས་ཞུ། དཔེར་ན། “21 ཉི་མ་རེད་”ལྟ་བུའོ།།

གསར་འགྱུར།

Post navigation

Previous Post: སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་ལྔ་བ།
Next Post: རྒྱལ་གཅེས་དཔའ་བོས་རྒྱ་གཞུང་ལ་ངོ་རྒོལ། བློ་བཟང་སེང་གེས་གྲོས་ཚོགས་ལ་ངོ་རྒོལ།

Comments (2) on “ཨ་རིའི་ཁེད་ཉེར་གཅིག་མ།”

  1. ལོ་ཡག says:
    2017-03-23 at 4:44 am

    3. eye 4. ལོ་རྒས་ནས་འཆི་འདོད།
    5. ལོ་རྒྱུས། 6. ལྔ།
    8. སྣའམ་རྣ་ཅོག
    9. ཚོར་བའམ། ཡང་ན། ཚིག་གང་རུང་རེད།
    11. རྡོ།
    10. མེ།
    18. HE or SHE
    21. རུས་སྦལ།

  2. དགེ་རབ་ says:
    2017-03-26 at 10:07 am

    1. What is easy to get into, but hard to get out of?
    ནང་དུ་འཛུལ་སླ་མོད་ཕྱིར་ཐོན་དཀའ་བ་དེ་ཅི་ཁེད།
    ལན། དཀའ་རྙོག་
    2. What jumps higher than a building?
    ཁང་པ་ལས་མཐོ་བར་མཆོངས་མཁན་དེ་ཅི་ཁེད།
    ལན། ཁང་པ་མཆོངས་མི་ཐུབ།
    3. I start with the letter e, I end with the letter e. I contain only one letter, Yet I am not the letter e! What am I?
    ང་ཨིན་ཡིག་ e ནས་མགོ་ཚུགས། ང་ཨིན་ཡིག་ e ནས་མཇུག་རྫོགས། ངས་ཡི་གེ་གཅིག་ཁོ་ན་འཛིན། འོན་ཀྱང་ང་ཡི་གེ་ e མིན། ང་ཅི་རེད།
    ལན་། ཨིན་ཡིག་གི་ཡིག་ཤུབས་ཞེས་པའི་ཚིག་ envelope
    4. A clever thief was brought before a king to receive his punishment. The king, feeling merciful, asked the thief how he would like to die. The thief told him, and the king let him go. What did the thief tell the king?
    རྐུན་མ་སྤྱང་པོ་ཞིག་རྒྱལ་པོའི་མདུན་དུ་ཁྲིམས་ཀྱི་ཉེས་ཆད་གཅོད་ཕྱིར་ཁྲིད་ཡོང་། རྒྱལ་པོ་སྙིང་རྗེ་ནས་རྐུན་མ་ལ་ཁྱོད་ཇི་ལྟར་འཆི་འདོད་ཅེས་དྲིས། རྐུན་མས་རྒྱལ་པོ་ལ་བཤད། རྒྱལ་པོས་ཁོང་འགྲོ་བཅུག རྐུན་མས་རྒྱལ་པོ་ལ་ཅི་ཞིག་བརྗོད་པ་རེད།
    ལན། རྐུན་མས་རྒྱལ་པོ་ལ་ང་ཤི་དུས་ལ་སླེབས་སྐབས་ཤི་ན་འདོད་ཅེས་བཤད། རང་བཞིན་གྱིས་ཤི་འདོད།
    5. You will always find me in the past. I can be created in the present, But the future can never taint me. What am I?
    ཁྱོད་ཀྱིས་རྟག་ཏུ་ང་ནི་འདས་པ་ཁོ་ནའི་ནང་རྙེད། ང་ད་ལྟའི་ནང་དུ་བཟོ་ཆོག ཡིན་ནའང་མ་འོངས་པས་ང་ལ་རྩ་ནས་རེག་མ་མྱོང་། ང་སུ་རེད།
    ལན། ལོ་རྒྱུས།
    6. Mr. Smith has 4 daughters. Each of his daughters has a brother. How many children does Mr. Smith have?
    སྐུ་ཞབས་སི་མི་ཐི་ལ་བུ་མོ་བཞི་ཡོད། བུ་མོ་རེ་རེ་ལ་སྤུན་རེ་ཡོད། སྐུ་ཞབས་སི་མི་ཐི་ལ་བྱིས་པ་ག་ཚོད་ཡོད་རེད།
    ལན། ཁོང་གི་བྱིས་པ་བཞི་ཡོད།
    7. Poor people have it. Rich people need it. If you eat it you die. what is it?
    དབུལ་པོར་དེ་ཡོད། ཕྱུག་པོར་དེ་དགོས། ཁྱེད་ཀྱིས་དེ་ཟས་ན་ཁྱེད་འཆི་བར་འགྱུར། དེ་ཅི་ཁེད།
    ལན། ཅི་ཡང་མེད་པ། ཡང་ན། ཨིན་ཚིག་ Nothing ཞེས་པ་དེ་རེད།
    8. What can you catch but not throw?
    ཁྱེད་ཀྱིས་འཛིན་ཐུབ་མོད་གཡུགས་མི་ཐུབ་པ་དེ་ཅི་རེད།
    ལན། ཆམ་པ།
    9. Look at me. I can bring a smile to your face, a tear to your eye, or even a thought to your mind. But, I can’t be seen. What am I?
    ང་ལ་གཟིགས་དང་། ངས་ཁྱེད་ཀྱི་ཞལ་རས་ལ་འཛུམ་དམུལ་འཁྱེར་ཡོང་། ཁྱེད་ཀྱི་སྤྱན་ལ་སྤྱན་ཆབ་འཁྱེར་ཡོང་། ཡང་ན་ཁྱེད་ཀྱི་ཐུགས་ལ་བསམ་གཞིགས་ཤིག་ཀྱང་འཁྱེར་ཡོང་། འོན་ཀྱང་ང་མཐོང་མི་ཐུབ། ང་ཅི་རེད།
    ལན། དྲན་པ། དྲན་ཐོ། memories
    10. Feed me and I live, yet give me a drink and I die
    ང་ལ་ལྟོ་སྤྲོད་དང་། ང་འཚོ་བ་ཡིན། འོན་ཀྱང་། ང་ལ་ཆུ་སྤྲོད་དང་། ང་འཆི་བ་ཡིན། ཅི་ཁེད།
    ལན། མེ།
    11. You can see me in water, but I never get wet. What am I?
    ཁྱེད་ཀྱིས་ང་ཆུའི་ནང་མཇལ་བར་འགྱུར། འོན་ཀྱང་ང་རྩ་ནས་བརླན་མ་མྱོང་། ང་ཅི་རེད།
    ལན། གཟུགས་བརྙན།
    12. I don’t have eyes, but once I did see. Once I had thoughts, but now I’m white and empty.
    ང་ལ་མིག་མེད་མོད་ཐེངས་ཤིག་ངས་མཐོང་མྱོང་། ཐེངས་ཤིག་ང་ལ་བསམ་བློའང་ཡོད་མྱོང་མོད་ད་ལྟ་ང་ནི་དཀར་པོ་དང་སྟོང་པ་ཡིན། ཅི་ཁེད།
    ལན། མགོ་སྐོག་སྐམ་པོ།
    13. What has a Heart but no other organs?
    དེ་ལ་སྙིང་ཡོད་མོད་དོན་སྙིང་གཞན་པ་གཅིག་ཀྱང་མེད། ཅི་ཁེད།
    ལན། ཏ་སེ་ཡང་ན་ A deck of cards
    14. The more you take, the more you leave behind. What am I?
    ཁྱེད་ཀྱིས་ཅི་ཙམ་མང་བ་བླངས་ན་དེ་ཙམ་གྱིས་མང་བ་ཤུལ་དུ་འཇོག ང་ཅི་རེད།
    ལན་། གོམ་པ་སྤོ་བའམ་རྐང་རྗེས།

    15. You see a boat filled with people. You look again, but this time you don’t see a single person on the boat. Why? Hint: The boat has not sunk
    ཁྱེད་ཀྱིས་གྲུ་གཟིངས་ཤིག་མིས་ཁེངས་ཡོད་པ་མཐོང་། ཁྱེད་ཀྱིས་སླར་ཡང་བལྟས། འོན་ཀྱང་། སྐབས་འདིར་ཁྱེད་ཀྱིས་གྲུ་གཟིངས་ནང་མི་ཁེར་མ་གཅིག་ཀྱང་མ་མཐོང་། ཅིའི་ཕྱིར། ༼བརྡ། གྲུ་གཟིངས་དེ་ཆུ་ལ་ཐིམ་མེད།༽
    ལན། གྲུ་གཟིངས་ནང་གི་མི་ཡོད་ཚད་ལ་ཟླ་བོ་ཡོད་རེད། ཁེར་རྐྱང་མ་རེད། མྱི་རྐྱང་མ་རེད།
    16. I am a ship that can be made to ride the greatest waves. I am not built by tool, but built by hearts and minds. What am I?
    ང་ནི་རླབས་ཆེ་བའི་རྦ་རླབས་བརྒལ་ཏེ་འགྲོ་ཐུབ་པའི་གྲུ་གཟིངས་ཤིག་ཡིན། འོན་ཀྱང་ང་ནི་ལག་ཆ་སྤྱད་དེ་བཟོས་པ་ཞིག་མིན། ང་ནི་སྙིང་དང་སེམས་ཀྱིས་བཟོས་པ་ཞིག་ཡིན། ང་ཅི་རེད།
    ལན། གྲོགས་པོ།
    17. What is harder to catch the faster you run?
    ཁྱེད་ཅི་ཙམ་གྱིས་མགྱོགས་པོར་རྒྱུགས་པ་དེ་ཙམ་གྱིས་ལེན་དཀའ་བ་དེ་ཅི་རེད།
    ལན། དབུགས།
    18. What word looks the same upside down and backwards?
    མགོ་རྟིང་སློག་པའང་གོ་རིམ་བཟློག་ནའང་གཅིག་ཡིན་པའི་ཚིག་དེ་གང་རེད།
    ལན། ཨིན་ཚིག་ Swims
    19. The shorter I am, the bigger I am. What am I?
    ང་ནི་ཅི་ཙམ་ཐུང་ན་དེ་ཙམ་ཆེ། ང་ཅི་རེད།
    ལན། རླུང་ལངས་པ། ཁོང་ཁྲོ་ A temper
    20. What flies without wings?
    གཤོག་པ་མེད་པར་འཕུར་འགྲོ་བ་དེ་ཅི་ཁེད།
    ལན། དུས་ཚོད།
    21. I am found in the sea and on land but I do not walk or swim. I travel by foot but I am toeless. No matter where I go, I’m never far from home. What am I?
    ང་ནི་མཚོ་དང་སྐམ་ས་གཉིས་ཀ་ལ་ཡོད་མོད་ང་གོམ་པ་མི་སྤོ་ལ་རྐྱལ་ཡང་མི་རྒྱག ང་རྐང་འགྲོས་ཀྱིས་བསྐྱོད་མོད་ང་ལ་རྐང་མཛུབ་མེད། ང་གང་དུ་ཕྱིན་ཀྱང་ང་ཁྱིམ་ལས་ཐག་མི་རིང་། ང་ཅི་རེད།
    ལན། འབུ་རྭ་རྭའམ། འབུ་སྐྱོགས་ལྟོ། Snail

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (77)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (6)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (4)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme