Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྭགས་བརྒྱུད་བསྟན་པའི་མཛེས་རྒྱན་ཞིག་ཞི་བར་གཟིམས་པ།

Posted on 2017-02-202017-02-20 By ཁ་བརྡ 2 Comments on དྭགས་བརྒྱུད་བསྟན་པའི་མཛེས་རྒྱན་ཞིག་ཞི་བར་གཟིམས་པ།

རྫ་ཚེ་རིང་བཀྲ་ཤིས།

 
ཉིན་འདི་གར་འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་རྩ་ལག་གལ་ཆེ་གྲས། མཁས་བཙུན་བཟང་གསུམ་ཆ་མཉམ་གྱི་ཡོན་ཏན་བརྒྱ་ཆ་ལོངས་ངེས་ཅན་ཞིག་དགོང་ལོ་དེ་ཙམ་མིན་པའི་ཐོག་ནས་སྐུ་གཤེགས་པ་ནི་༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ལགས་ཤིང་། ཁོང་ནི་འབྲུག་ཁམས་སྤྲུལ་སྐུ་གོང་མ་དང་། ༧སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་སོགས་ཀྱི་ཞལ་སློབ་ཏུ་བཞུགས་ཤིང་། མདོ་སྔགས་སྤྱི་དང་གསང་བ་སྙིང་པོ་སོགས་ལ་མཁྱེན་པ་ཆེ་བར་གྲགས། ༧གོང་ས་མཆོག་དང་ཡང་དམ་ཚིག་ལ་རྒྱ་ཧ་ཅང་བརྟན་པར་མ་ཟད། གོ་ཐོས་ལྟར་ན་བཞུགས་སྒར་དང་ཁད་ཉེར་ཡོད་པའི་གདན་ས་གསར་པ་བྱང་ཆུབ་ལྗོངས་ཡང་༧གོང་ས་མཆོག་གིས་བཀའ་གནང་རྗེས་འབྲེལ་གྱིས་གསར་འདེབས་གནང་བར་གྲགས་ཤིང་། དགོན་པ་དབུ་འབྱེད་མཛད་སྒོར་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༧རྒྱལ་དབང་ཀརྨ་པ། འབྲུག་ཁམས་སྤྲུལ་རིན་པོ་ཆེ། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་སོགས་སྟབས་གཅིག་ཕེབས་པ་དང་། ༧གོང་ས་མཆོག་གིས་ཀྱང་རིན་པོ་ཆེའི་གདན་ས་གསར་པའི་དགོངས་བཞེད་སོགས་ལ་ཡོངས་གྲགས་བསྔགས་བརྗོད་ཆེན་པོ་མཛད།

ད་ཐེངས་ཁོང་ཐའེ་ཝན་དུ་སྨན་བཅོས་ཆེད་ཛ་དྲགས་ཆེད་ཕེབས་གནང་ཡང་མ་ཕན་པར་སྐུ་གཤེགས་ཡོད་པ་དང་། དེ་མ་ཐག་འབྲུག་པ་བཀར་བརྒྱུད་ཀྱི་བསྟན་པའི་བདག་པོ་༧རྒྱལ་དབང་འབྲུག་ཆེན་པ་དང་། ཁོང་ཉིད་ཀྱི་ཐུགས་སྲས་ཐུ་བོ་སྐྱབས་རྗེ་འབྲུག་ཁམས་སྤྲུལ་ཡང་སྲིད་རིན་པོ་ཆེ་སོགས་ཀྱིས་མྱ་ངན་གུས་འདུད་དང་། ཡང་སྲིད་མྱུར་འབྱོན་སོགས་ཀྱི་གསུང་འཕྲིན་ཡོངས་ཁྱབ་ཏུ་བསྩལ། ཁྱད་པར་༧རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནས་རྡོར་གདན་བཀའ་བརྒྱུད་སྨོན་ལམ་ཚོགས་ཞུགས་ཡོངས་ཀྱི་དབུ་དྲངས་ཏེ་དམིགས་བསལ་དགོངས་རྫོགས་མཆོད་འབུལ་ཞུས་འདུག
༧སྐྱབས་རྗེ་རྡོ་རྫོང་རིན་པོ་ཆེ་ཁོང་སྔར་བདག་གི་རིགས་ཀྱི་བདག་པོ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་མཆོག་འཕགས་ཡུལ་དུ་ཕེབས་སྐབས་ཀྱང་ཕན་ཚུན་དགྱེས་མཇལ་གྱིས་ཞལ་མཆིད་ཞིབ་ཏུ་མོལ་བ་སོགས་ཐོས་ཤིང་། གུས་པ་རང་ངོས་ནས་ཀྱང་། དཔལ་འཁོར་ལོ་བདེ་མཆོག་སོགས་ཀྱི་བཀའ་དབང་ཞུ་ཡུལ་གྱི་བླ་མར་གྱུར་པ་བཅས་ལགས། ཞེས་པ་འདི་ཡང་། བླ་མའི་གནས་ལ་བླ་མར་བྱེད་པར་བློ་ཅི་ནུས་སུ་སྦྱོང་མཁན་རྫ་ཚེ་རིང་བཀྲ་ཤིས་ཀྱིས་མེ་འཁོར་ནང་ནས་འགྲོ་ཞོར་བཏགས།

༢༠༡༧/༢/༡༩

གསར་འགྱུར།

Post navigation

Previous Post: ༄༅།།ང་ཡི་རེ་བ། (འོས་སྦྱོར།)
Next Post: གསར་འགོད་གསལ་བསྒྲགས།

Comments (2) on “དྭགས་བརྒྱུད་བསྟན་པའི་མཛེས་རྒྱན་ཞིག་ཞི་བར་གཟིམས་པ།”

  1. ཁྱུང་སེ། says:
    2017-02-20 at 10:18 am

    མྱ་ངན་གུས་འདུད་ཞུ།

  2. འབྲོང་བུ་སོག་ཚ། says:
    2017-02-21 at 2:26 pm

    སེམས་ཁྲལ་མ་བྱེད། ངོ་མ་ཡིན་མིན་ལ་མ་ལྟོས་པར་ཡང་སྲིད་ཡིན་ཟེར་ནས་ཕྲུ་གུ་གཅིག་ཁྲི་འདོན་གནང་རྒྱུར་ཐེ་ཚོམ་མེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme