Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཀླུ་མཁར་གྱི་རྩོམ་བཞི་གླེང་བ།

Posted on 2017-02-152017-02-15 By ཁ་བརྡ 21 Comments on ཀླུ་མཁར་གྱི་རྩོམ་བཞི་གླེང་བ།

ཨ་བཙན་པོ།

 

ཁ་སང་དེ་རིང་དྲ་ངོས་ཡོངས་ཀླུ་མཁར་བྱམས་སྐོར་གྱིས་ཁེངས་ནས་བསྡད་འདུག མི་མང་པོ་ཞིག་གིས་ཁོས་ཉེ་ཆེར་ <<ལོ ༡༡༣ ལ་བཞུགས་དགོས་མི་དེ་ཁྱོད་ཡིན།>> ཞེས་༸གོང་ས་མཆོག་ལས་ཁོང་གལ་ཆེ་ཚུལ་གྱི་རྩོམ་ཡིག་དེར་སྐྱོན་བརྗོད་མཁན་འདུག་ལ། ཡང་ཁག་ཅིག་གིས་དེ་ལ་སྐྱོན་མི་འདུག་ཚུལ་ཡང་གླེང་། སྐབས་དེར་བདག་གིས་མདོ་སྨད་གླིང་ཞེས་པའི་དྲ་ཚོམས་སུ་ཀླུ་མཁར་བྱམས་ཀྱིས་སྔར་བྲིས་པའི་རྩོམ་ཡིག་ཁག་ཅིག་གི་སྐོར་ནས་སྐད་ཆ་ཐུང་ཐུང་ཞིག་བཤད་པ་སྒྲ་འཇུག་བྱས་ཏེ་ཡར་མར་མང་པོ་བཏང་སོང་ལ། མི་མང་པོ་ཞིག་གིས་ཀླུས་སྔོན་མར་བྲིས་པའི་རྩོམ་ཡིག་དག་ཤེས་མེད་པ་མ་ཟད། གོ་ནོར་ཐེབས་བསྡད་མཁན་མང་བོ་མཐོང་བྱུང་། དེས་ན་དེ་རིང་འདིར་བདག་གིས་ཀླུ་མཁར་བྱམས་གྱི་རྩོམ་ཡིག་ཁག་ཅིག་ངོ་སྤྲོད་བྱེད།

ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས།

རྩོམ་ཡིག་འདི་ནི་ཀླུ་མཁར་བྱམས་ཀྱིས་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡༧ ཉིན་བྲིས་པ་དང་ཟླ་དེའི་ཚེས་ ༣༠ ཉིན་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་སུ་སྤེལ་བ་ཞིག་རེད།

རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་ནི་༸གོང་ས་རྒྱལ་བའི་དབང་པོ་མཆོག་གིས་དོལ་རྒྱལ་དང་འབྲེལ་བའི་བླང་དོར་བཀའ་སློབ་ཁག་ཅིག་དང་། བོད་གཞུང་གིས་དོལ་རྒྱལ་བརྟེན་གསོལ་སྐོར་ལ་འཛིན་པའི་སྲིད་ཇུས་ཁག་རྒྱ་དམར་གཞུང་གིས་བོད་ཐོག་འཛིན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲིད་ཇུས་དང་གཅིག་མཚུངས་ཡིག་པར་སྒྲུབ་པའི་རྩོམ་ཡིག་ཅིག་རེད།

རྩོམ་ཡིག་དེར་འཁོད་དོན་“ཡང་དུས་རབས་འདིའི་སྲིད་སྐྱོང་གཞུང་ལུགས་ཀྱི་ངོས་ནས་བཤད་ན། རྒྱལ་ཁབ་མི་མང་གི་ཆེད་དུ་བཙུགས་པ་ལས། མི་མང་རྒྱལ་ཁབ་ཆེད་དུ་འཚོ་དགོས་པ་མིན་སྟབས། གཞུང་ཞིག་གིས་མང་ཚོགས་ལ་རྒྱལ་གཅེས་ལས་འགུལ་སྤེལ་ན་གཞི་རྩའི་ལོག་སྤྱོད་པར་ངེས་འཛིན་བྱེད། འདི་ག་བཙན་བྱོལ་སྤྱི་ཚོགས་ནང་དུའང་ལྷ་ཤུགས་ལྡན་ཟེར་བ་བསྟེན་ཆོག་མིན་ལས་འཕྲོས་པའི་ལས་འགུལ་དེ་མཚུངས་ཤིག་ལོ་ཤས་གོང་ནས་སྤེལ་ཡོད་ལ། བོད་གཞུང་གི་ལས་འགུལ་འདི་ཚིག་ངོས་རྐྱང་བ་ནས་འགྲེལ་ན་ཆོས་གཅེས་རྒྱལ་གཅེས་ཞེས་འབོད་དགོས་པར་སྣང་ཡང༌། ལས་འགུལ་འདི་གཉིས་ཀྱི་ལོག་སྤྱོད་རང་བཞིན་ལ་ཧེ་བག་སྤུ་ཙམ་མེད།” ཞེས་བྲིས་འདུག་ལ་ཡང་མཇུག་ཏུ་“མ་མཐར་ཡང་བཙན་བྱོལ་གཞུང་གིས་ལ་ཕར་རྒྱབ་ཀྱི་རྒྱལ་གཅེས་ཆོས་གཅེར་ལད་མོ་བྱས་ཏེ། མིའི་རིགས་ཀྱི་དཔལ་ཡོན་ཕྱིར་གཞོལ་བྱེད་པའི་ལས་འགུལ་དེ་འདྲ་མི་སྤེལ་རྒྱུ་དང༌། སྔོན་དེ་ལྟར་འགྱེས་པར་འགྱོད་བཤགས་བྱེད་རྒྱུ་ཙམ་ཞིག་ད་ཆ་འཇོན་དགོས་ཚད་རེད་ལ” ཞེས་རྒྱ་དམར་གྱིས་བོད་ཐོག་འཛིན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲིད་ཇུས་དང་༸གོང་ས་མཆོག་དང་བོད་གཞུང་གིས་དོལ་རྒྱལ་སྐོར་ལ་འཛིན་པའི་སྲིད་ཇུས་གཉིས་གཅིག་པ་ཡིན་པར་བསྒྲུབས་ཡོད། དེ་མིན་རྩོམ་དེར་༸གོང་ས་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་དང་སྐུ་ན་ཕྲ་དུས་ཀྱི་མཛད་འཕྲིན་སྐོར་ལ་ཟུར་ཟ་གང་མང་བྱས་ཡོད་ཀྱང་དེ་དག་ཡིག་ཚོགས་ལ་དོགས་ཏེ་འདིར་བཀོད་མེད་པས་དེ་དག་གསལ་བོར་མཁྱེན་འདོད་མཁན་དག་གིས་མ་རྩོམ་ལ་གཟིགས་རོགས་ཞུ།

ཉི་མའི་སྲིབ་འཁྱག་གླེང་བ།

རྩོམ་ཡིག་འདི་ནི་ཀླུ་མཁར་བྱམས་ཀྱིས་ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༣༠ ཉིན་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་སུ་སྤེལ་བ་ཞིག་ཡིན་ལ། རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་ནི་༸གོང་ས་མཆོག་གི་སྐྱོན་གྱི་ཕྱོགས་གླེང་སློང་བྱེད་རྒྱུ་ཡིན་ཚུལ་དང་། དེ་བཞིན་དུ་༸གོང་ས་མཆོག་གིས་གཙོས་བོད་ཀྱི་བླ་ཆེན་རྣམ་པས་སྤྲུལ་སྐུ་ངོས་འཛིན་བྱེད་པའི་ལམ་སྲོལ་ལ་དགག་པ་བརྒྱབ་ཡོད་པར་མ་ཟད། ༸གོང་ས་མཆོག་གི་སྐུ་ན་ཕྲ་དུས་ཀྱི་མཛད་པ་མང་པོར་ཟུར་ཟ་བྱས་པའི་རྩོམ་ཡིག་མཇུག་མ་གྲུབ་པ་ཞིག་རེད།

དེ་ཡང་རྩོམ་ཡིག་དེར་འཁོད་དོན་“མ་གཞི་ཉི་མ་ནི་ས་གཞི་ལེབ་མོ་འདིའི་སྒང་ལ་ཉིན་སྲིབ་མེད་པར་དྲོད་ཁོལ་སྦྱིན་མཁན་ཞིག་ཡིན་པའི་དབང་དུ་བྱས་ཀྱང༌། ཉི་མ་རང་སྟེང་དུ་སྲིབ་འཁྱག་གི་ཆ་མང་པོ་ཞིག་ཡོད་པ་གོར་མ་ཆགས་ན། ཕྲན་གྱིས་ཀྱང་བླ་མ་ཉི་མ་འདྲ་བོའི་མཛད་པའི་སྲིབ་ངོས་ནས་གླེང་སློང་རྒྱུའི་ཚོད་ལྟ་ཤིག་བྱས་པ་འདི་བཞིན་རྒྱ་མཚོའི་ནང་ལ་དཀར་ཐིགས་ཙམ་མོ།” ཞེས་༸གོང་ས་མཆོག་གི་ངན་ཕྱོགས་སམ་སྐྱོན་གྱི་ཕྱོགས་ནས་གླེང་རྒྱུ་ཡིན་ཚུལ་བཤད་ཡོད་ལ། དེ་བཞིན་དུ་རྩོམ་ཡིག་དེར་“ཐོག་མར་ཁོང་ཚོའི་རང་ཉིད་ལྷ་མིན་པ་ཁ་གསལ་གཏིང་གསལ་བྱ་རྒྱུའི་མཚོན། གཞན་གྱི་ཕྲུ་གུ་འཁོས་ཞན་ཚོར་གན་ཚང་གི་ཡང་སྲིད་དང༌། འདི་ཚང་གི་སྐྱེས་སྤྲུལ་ལ་ཐུགས་དམ་རྩེ་མཐུན་བྱུང་རབས་ཀྱི་ལྷ་སྒྲུང་བཟོ་མཚམས་འཇོག་དགོས་ཤིང༌། བྱུང་ན་ཉིན་མོ་དེ་ནས་བཟུང་ང་ཚོས་ལྷ་མི་རྟེན་གཅིག་གི་སྐྱེས་ཆེན་ཚོར་མིའི་རང་མོས་རང་དབང་གི་ཐོབ་ཐང་སྤྲོད་འོས་མིན་གཞུང་ལུགས་ཀྱི་གཞི་འཛིན་ས་ཞིག་རྙེད་མདོག་ཁ་བ་རེད། མ་གཏོགས་ལྷ་སྒྲུང་རང་མགོར་ལྷུང་དུས་སུན་སྣང་སྐྱེས་ཀྱིན་ཡོད་མདོག་མདོག་དང༌། གཞན་གྱི་མགོར་ལྷ་སྒྲུང་སྤེལ་རྐྱང་རང་གནང་ཚེ། ལས་དེ་ལྟར་བགྱི་བའི་ཉེར་ལེན་གྱིས། ལྷན་རྒྱས་ཚོར་ཚེ་ཚེ་རབས་རབས་ལ་འགྲོ་བ་མིའི་ཐོབ་ཐང་ཅིག་རག་རྒྱུ་སེམས་ཐག་ཡིན་པ་མ་ཟད། དུས་ནམ་ཞིག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་བསྒྲགས་ཡིག་ནང་ལྟར། བྱིས་པ་ལྷ་སྐུར་བཟོས་པའི་ཉེས་པ་བརྩད་གཅོད་བྱེད་མཁན་འབྱུང་མི་སྲིད་པ་མིན་ན་་་་” ཞེས་༸གོང་ས་མཆོག་གིས་སྤྲུལ་སྐུ་གང་མང་ཞིག་གི་ཡང་སྲིད་ངོས་འཛིན་གནང་བཞིན་པ་དག མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་བསྒྲགས་ཡིག་དང་འགལ་ཡོད་ཚུལ་དང་། དེ་བཞིན་དུ་༸གོང་ས་མཆོག་གི་སྐུ་ན་ཕྲ་དུས་ཀྱི་མཛད་པ་མང་པོར་ཟུར་ཟ་བྱས་ཡོད།

རྩོམ་ཡིག་འདིའི་ཞབས་མཆན་དུ་མདོ་སྨད་པ་མང་དག་ཅིག་གིས་བསྔགས་བརྗོད་དང་གདེངས་འཇོག་བྱས་ཡོད་མོད། བདག་གིས་རྩོམ་ཡིག་འདི་ཀླུ་མཁར་གྱི་བསམ་ཚུལ་དངོས་དང་ཁོས་༸གོང་ས་མཆོག་ལ་འཛིན་པའི་ལྟ་ཚུལ་དངོས་དེ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།

སེར་པོ་གསུམ་ཀྱི་མནར་གཅོད།

རྩོམ་ཡིག་འདི་ནི་ཀླུ་མཁར་བྱམས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་བསམ་ཚུལ་ཞེས་པར་སྤེལ་བའི་རྩོམ་ཡིག་ཅིག་ཡིན་ལ། རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་ནི་ཁོ་ཚོགས་འདུ་ཞིག་གི་ཆེད་དུ་ཐེ་ཝན་ལ་སོང་བའི་སྐོར་དང་ལམ་སྐབས་ནས་དཀའ་ངལ་འཕྲད་པའི་སྐོར་གཞི་ལ་བཞག་ནས་ཞྭ་སེར་པོ་སྟེ་དགེ་ལུགས་སམ་དགའ་ལྡན་ཕོ་བྲང་དང་། བཙན་བྱོལ་བོད་མི་སྐྱབས་བཅོལ་བ་དག་ཕྱི་སྐྱོད་ལག་དེབ་སེར་པོ། བོད་མི་རིགས་ཀྱི་ངོ་གདོང་སེར་པོ་བཅས་ཀྱིས་ཁོ་རང་གི་འགྲོ་འདུག་སྤྱོད་གསུམ་ལ་མནར་གཅོད་བཏང་ཚུལ་འཁོད་ཡོད་ལ། ལྷག་པར་དུ་རྩོམ་ཡིག་འདིར་ཞྭ་སེར་པོ་སྟེ་དགེ་ལུགས་པའམ་དགའ་ལྡན་ཕོ་བྲང་རྒྱལ་འཚོང་བ་ཡིན་པར་བཤད་ཡོད།

དེ་ཡང་རྩོམ་ཡིག་དེར་འཁོད་དོན་ “མི་ཞིག་གིས་བོད་རྒྱལ་ཁབ་ག་པར་ཡོད་དྲིས་དུས། ཐག་ཉེ་ས་ནས་བཤད་ན་ཞྭ་སེར་བོ་ཚང་གི་བྱུང་རབས་ནང་འཛུབ་མོ་འཛུགས་དགོས་པ་ནི་གུ་ཡངས་མེད་པའི་གནད་དོན་ཞིག་ཡིན།” ཞེས་དང་ཡང་ “ལག་དེབ་སེར་པོ་འདི་ངའི་ཐོབ་ཐང་དངོས་གནས་དེ་ཡིན་ལ། གདོང་བ་སེར་པོ་འདི་ངའི་ལྷན་སྐྱེས་ཀྱི་ཤ་མདངས་ཡིན།  རྒྱལ་ཁབ་བཙོང་བའི་ནག་ཉེས་ཁོ་ནས་མ་གཏོགས་ཞྭ་སེར་བོ་ཚང་ངའི་ཕ་ཆོས་ཡིན། སོང་ཙང་ལག་དེབ་སེར་པོ་དང་། གདོང་བ་སེར་པོ། ད་དུང་ཞྭ་མོ་སེར་པོ་གསུམ་པོར་ང་སྒེར་ངོས་ནས་ཁ་འཁང་ར་ཞིག་ཡོང་གཞི་མེད་མོད།” ཞེས་ཞྭ་སེར་བོའམ་དགའ་ལྡན་ཕོ་བྲང་གིས་བོད་རྒྱལ་ཁབ་བཙོངས་པའི་རྐྱེན་གྱིས་ཁོས་ “དུས་མཐའི་ཉི་མ་དམར་པོ་ནང་བཞིན་ཅི་འདྲའི་མིག་ལ་འཛེར་བ་” ཡིན་ཚུལ་བྲིས་ཡོད།

ད་དུང་རྩོམ་ཡིག་དེར་ “ཁ་བ་རི་བ་ཚང་གི་སྣོད་བཅུད་གཉིས་ཀྱི་རླུང་རྟ་མར་ལ་འགྲིབ་བཞིན་པའི་སྐབས་སུ། ཁོ་ཚོ་དྲ་ཇེ་རྒྱས་དང་མགོ་ཇེ་སྐྲང་ཡིན་དོན་ཅི།” ཞེས་དགའ་ལྡན་ཕོ་བྲང་དང་༸གོང་ས་མཆོག་གི་མཛད་པ་སོགས་དར་རྒྱས་འགྲོ་བཞིན་པའི་རྣམ་པར་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ཡོད།

མོན་ཆང་ཞིམ་པོ་ཞིག་བཏུང་ཆེད་སང་ལོ་རྟ་དབང་ལ་ཐོན་འགྲོ

རྩོམ་ཡིག་འདི་ནི་ཀླུ་མཁར་བྱམས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན་ཁ་བརྡ་དྲ་ཚིགས་སུ་སྤེལ་བའི་རྩོམ་ཡིག་ཅིག་ཡིན་ལ། རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོ་ནི་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་སྐོར་དང་། ༸གོང་ས་མཆོག་གི་ཡང་སྲིད་དེ་རྒྱ་གར་ནག་གཉིས་ལས་སུ་ལ་གལ་ཆེན་ཡིན་མིན་སོགས་ཀྱི་སྐོར་ནས་གླེང་འདུག

འོན་ཀྱང་རྩོམ་ཡིག་འདིར་ཡང་༸གོང་ས་མཆོག་ལ་ཟུར་ཟ་དང་སྐུར་འདེབས། ལྷག་པར་དུ་བོད་ཆོལ་ཁ་གསུམ་ཐུན་མོང་གིས་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་ནས་ཁྲི་ཕྲག་བར་དུ་བཞུགས་རྒྱུའི་བརྟན་བཞུགས་ཕུལ་བཞིན་པའི་སྐབས་སུ་ཁོས་༸གོང་ས་མཆོག་གིས་ལོ་རྗེས་མར་མོན་ཡུལ་དུ་ཕེབས་རྒྱུའི་ཞལ་བཞེས་དེ་དོན་ལོག་པར་བསྒྱུར་ནས་དེ་མ་འོངས་ལུང་བསྟན་ཡིན་ཚུལ་དང་། ཡང་སྲིད་མོན་ཡུལ་དུ་འཁྲུང་རྒྱུའི་ལུང་བསྟན་ཡིན་ཚུལ་སོགས་ཀྱི་རྟེན་འབྲེལ་ལོག་པ་བཤད་ཡོད། དེ་ཡང་རྩོམ་ཡིག་དེར་འཁོད་དོན་ “གྱ་སྟོན་ཐོག་གོང་ས་མཆོག་གིས་ཨ་རི་ན་ཅལ་གྱི་མངའ་སྡེ་སྲིད་སྐྱོང་ལ་“མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། ང་སང་ལོ་རྟ་དབང་ལ་ཡོང་གི་ཡིན། ས་གནས་ཡུལ་མི་ཚོར་ལན་དེ་འཕྲོད་པ་གྱིས”ཞེས་བཞད་མོ་དང་བཅས་ལྗགས་ལན་བསྐུར་བ་འདི་ཡིན། དེ་མུར་ངའི་སེམས་སུ་ཚངས་མགུར་ནང་གི་”བྱ་ཏེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩལ་ང་ལ་གཡོར་དང་། །ཐག་རིང་གཞན་ལ་མི་འགྲོ། །ལི་ཐང་བསྐོར་ནས་སླེབས་ཡོང་། །”ཞེས་པའི་ཚན་པ་འདི་ཡིད་ལ་དྲན་དུ་བཅུག མགུར་གླུ་ཚན་པ་འདི་རང་ག་བ་ཞིག་མིན། རྒྱལ་དབང་དྲུག་པས་གང་གི་ཡང་སྲིད་ཁམས་ལི་ཐང་ནས་འཁྲུངས་རྒྱུའི་མངོན་ཤེས་གསུང་བར་བཤད། དེ་ན་ཏཱ་ལའི་བླ་མས་མོན་ཆང་ཞིམ་པོ་ཞིག་བཏུང་ཆེད། སང་ལོ་རྟ་དབང་ལ་ཕེབས་འཆར་འདི་ཡང་བརྡ་མཚོན་ཞིག་ཡིན་ཆོག” ཅེས་སོ།།

ཡང་རྩོམ་ཡིག་དེར་༸གོང་ས་མཆོག་དང་དགའ་ལྡན་ཕོ་བྲང་གི་དམིགས་ཡུལ་དངོས་ནི་བོད་དོན་མ་ཡིན་པར་དྷ་སའི་རི་སྒང་ཆུང་ཆུང་འདི་དང་དགའ་ལྡན་ཕོ་བྲང་འདི་ནང་པ་ཡོངས་ཀྱི་ལྟེ་གནས་དང་༸གོང་ས་མཆོག་ནང་པ་ཡོངས་ཀྱི་དབུ་ཁྲིད་དུ་བཞུགས་རྒྱུ་དེ་ཡིན་ཚུལ་ཡེ་ཤུའི་ཆོས་ལུགས་ཀྱི་ལྟེ་གནས་ཝེ་ཊི་ཀན་ (Vatican) དཔེ་ལ་སྦྱར་ནས་འཁོད་དོན་ “ཏཱ་ལའི་བླ་མས་རང་གི་སྐུ་ཚེ་གང་བོར་བོད་རྒྱལ་ཁབ་སླར་གསོ་མ་ཐུབ་རུང་། རྡ་སའི་རི་སྒང་ལ་ཆགས་པའི་བླ་བྲང་ཆུང་ཆུང་འདི་ཚང་། ནང་བསྟན་ཡོངས་ཀྱི་ཝེ་ཊི་ཀན་ (Vatican) ཞིག་ཆགས་ན་བསམ་པའི་རྨི་ལམ་སྔོན་ནས་གཏོང་མྱོང་ལ།” ཞེས་དང་དེའི་མཇུག་ཏུ་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ལུངས་དྲངས་ནས་དེ་ལྟར་བསྒྲུབས་ཡོད།

ད་དུང་རྩོམ་ཡིག་འདིར་ཀློག་མི་སྤྲོ་བ་ཞིག་ཡོད་པ་ནི་༸གོང་ས་མཆོག་གི་མཛད་པ་འཕྲིན་ལས་ཇི་ལྟར་རྒྱས་པ་དེ་ལྟར་གྱིས་བོད་རང་བཙན་དེ་ཁྲིམས་ཐོག་ནས་དག་འབུད་བྱེད་པའི་འགོག་རྐྱེན་དུ་གྱུར་ཡོད་ཚུལ་བཤད་པ་འདི་རེད། དེ་ཡང་རྩོམ་ཡིག་དེར་འཁོད་དོན་“ཆབ་སྲིད་རྐྱང་བ་སྒྲ་དོག་འཇུག་གི་དབང་དུ་བྱས་ན། ང་ཚོས་ཉེན་ཁ་ཞིག་མཐོང་བ་ནི། གོང་ས་ཏཱ་ལའི་བླ་མ་འདི་ཚང་ཅི་ཙམ་ཆེན་པོ་ཆགས་པ་དེ་ཙམ་ཀྱིས། གང་གི་དགོངས་གཞི་ (ལམ་དབུ་མ) ངང་ངམ་ཤུགས་ཀྱིས་ས་བསྒྲགས་གནམ་བསྒྲགས་ལ་འགྲོ་གི་ཡོད་ཙང་། གནད་དོན་དེར་བརྟེན་ནས་བོད་རང་བཙན་ཁྲིམས་ཐོག་ལ་དག་འབུལ་བྱ་རྒྱུར་མཐུན་རྐྱེན་ལས་འགོག་རྐྱེན་ཆགས་བཞིན་པ་འདི་ཡིན།” འདི་ནི་རང་བཙན་ཁ་ཁྱེར་གྱིས་༸གོང་ས་མཆོག་གི་མཛད་འཕྲིན་ལ་སྐྱོན་བརྗོད་བྱེད་མཁན་དག་གི་འདོད་ཚུལ་རེད།

དེ་མིན་ད་དུང་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་དེ་བགྲེས་ཡོལ་ཆ་ཚང་གནང་བའི་སྐབས་སུ་ཁོས་རྩོམ་ཡིག་<<བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བའི་སྤྱན་རས་གཟིགས།>>དང་། དེའི་རྗེས་སུ་༸གོང་ས་མཆོག་གིས་བོད་གཞུང་བསྡུ་བསོག་བྱས་ཚུལ་གྱི་རྩོམ་ཡིག་དང་བསམ་ཚུལ་སོགས་བྱུང་བའི་སྐབས་སུ་༸གོང་ས་མཆོག་ཐུགས་ཕམ་བྱུང་ཚུལ་ཀྱི་བཀའ་སློབ་གནང་སྐབས་ཁོས་བྲིས་པའི་<<ངས་ལྷ་འཁྲུག་བརྗེད་ཀྱང་ང་ལྷ་འཁྲུག་གིས་བརྗེད་མེད།>> ཞེས་སོགས་ད་དུང་༸གོང་ས་མཆོག་དང་རང་གཞུང་ལ་ཟུར་ཟ་དང་སྐུར་འདེབས་བྱས་པའི་རྩོམ་ཡིག་དང་རླུང་འཕྲིན་ཁང་སོགས་ཤིན་ཏུ་མང་མོད། འདིར་གོང་གི་རྩོམ་ཡིག་བཞི་བོ་དེས་འཐུས་པར་བྱས། ཉེ་ཆར་ <<ལོ ༡༡༣ ལ་བཞུགས་དགོས་མི་དེ་ཁྱོད་ཡིན།>> ཞེས་པའི་སྐོར་ལ་རྩོམ་ཡིག་མང་དག་ཅིག་བྲིས་འདུག་པས་འདིར་བསྐྱར་བཟློས་བྱེད་པར་དགོས་པ་ཆེར་མ་མཐོང་བས་བཞག་གོ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ལ།

བསམ་ཚུལ།

Post navigation

Previous Post: སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་སྐུ་གྲོངས།
Next Post: ཤེས་མྱོང་རྒྱུས་གསུམ་འཛོམས་པའི་མཁས་དབང་ཞིག་སྐུ་གཤེགས་པར་མྱ་ངན་ཞུ།

Comments (21) on “ཀླུ་མཁར་གྱི་རྩོམ་བཞི་གླེང་བ།”

  1. མི་ཆུང་། says:
    2017-02-15 at 4:06 am

    དྲང་མོར་བཤད་ན། ཀླུ་བྱམས་ཀྱི་འུར་དང་ལོག་བཤད་ཀྱི་ཁ་ཕོ་ཆེན་པོ་དེས། རང་སྒེར་གྱི་དོན་རེ་”མིང་དང་འཚོ་ཐབས་”ངང་གིས་གྲུབ་ཀྱིན་ཡོད་པ་ནི། མངོན་སུམ་རེད་མ་གཏོགས། དེ་མིན་ཀླུ་བྱམས་ཀྱི། ཆབ་སྲིད་ཀྱི་གོ་རྟོགས། དཔྱད་ཞིབ་ཀྱི་ནུས་རྩལ། བརྡ་དག་གི་དཔུང་གྲོགས། སྒྱུ་རྩལ་”སྒྱུ་རྩོམ་”གྱི་རིན་ཐང་། བཅས་ནས། གླེང་རིན་མེད་པ་ནི་ཁོང་དང་མཉམ་དུ་འགྲོགས་འདྲིས་བྱུང་བ་ཀུན་གྱིས་ཤེས་གསལ་རེད། ཐ་ན་ཁོང་གིས། སྙན་ངག ཤོ་ལོ་ཀ་གཅིག་བྲིས་ཀྱང་། དེའི་ནང་སྡེབ་སྦྱོར་ཕར་བཞག་དག་ཆ་ཡང་། ཆེ་གེ་མོ་ཞིག་གིས་མ་བཅོས་ན། མི་འཁྱོངས་བ་ཞིག་རེད། འདི་ནི་ཀླུ་བྱམས་ཀྱི་ཤེས་ཡོན་གྱི་རང་བཞིན་བརྗོད་པ་ཙམ་ལས། ཟུར་ཟ་དང་ངན་སྨྲས་མིན་པ། ཁོང་དང་འགྲོགས་པའི་མི་ཀུན་གྱིས་ལོས་ཤེས།

  2. གཡུ་ཐོག says:
    2017-02-15 at 5:15 am

    མདོར་ན་རང་ཉིད་ཀྱི་རིན་རེའི་ལྟོ་གོས་གཏམ་གསུམ་ཡང་རང་བཙན་འཐབ་རྩོད་པ་ཞིག་ཡིན་ཁུལ་གྱིས་འཚོ་བཞིན་ཡོད་པ་རེད། ནམ་ཞིག་ཁོའི་རྒྱབ་བརྟེན་གྱི་དཔུང་གྲོགས་རྣམས་ཕྱིར་འཐེན་བྱེད་དུས་ཁག་པོ་ཆག་ངེས་རེད། འཇམ་ནོར་བསྟན་དོར་ལ་སོགས་པ་རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་ཡོད་ལ་རྩེ་གཅིག་ཀླུ་བྱམས་རྒྱབ་ལངས་ནམ་ཡང་མི་བྱེད་ཐག་གཅོད་རེད། ཁོང་ཚོ་ཀླད་པ་བེད་སྤྱོད་གཏོང་ཡང་མདུན་ལ་ཐོན་མཁན་ཀླུ་བྱམས་ཀླད་མེད་རེད། ཧཧཧ

  3. ཨ། says:
    2017-02-15 at 7:52 am

    ཁ་བརྡ་དྲ་བདག་འདི་ཆང་གིས་བཟི་བསྡད་ཡོད་པ་མིན་ན། རྒྱུ་མཚན་དེ་ཡིན་འདི་ཡིན་མེད་པར་མི་སྒེར་ལ། བསམ་བཞིན་དུ་སྐྱོན་འདོགས་ཀྱི་མཆན་བུའི་རིགས་ནི་བཀག་ན་བཟང་བར་འདོད་དེ། མཆན་བུ་འདིའི་རིགས་ཀྱིས་སྤྱི་ཚོགས་ལ་བག་ཆགས་ཅི་ཞིག་འཇོག་ཤེས་སླ་བར་མ་ཟད། ཕྱིས་སུ་མི་སྒེར་ལ་ནམ་ནམ་ཞར་ཞར་རྨ་འབྱིན་བྱེད་ཀྱང་འདིའི་རིགས་ཆགས་འགྲོ། མ་གཞི་ནས་ཁ་བརྡར་མཆན་འདེབས་སྟངས་ཀྱི་རྩ་དོན་ནང་དུའང་། ཅི་ཞིག་གསལ་པོ་བྲིས་ཡོད་མཐོང་འདུག་པ་དེ་རེད།

  4. འབྲོང་བུ་སོག་ཚ། says:
    2017-02-15 at 11:03 am

    “མི་མང་པོ་ཞིག་གིས་ཀླུས་སྔོན་མར་བྲིས་པའི་རྩོམ་ཡིག་དག་ཤེས་མེད་པ་མ་ཟད། གོ་ནོར་ཐེབས་བསྡད་མཁན་མང་བོ་མཐོང་བྱུང་། དེས་ན་དེ་རིང་འདིར་བདག་གིས་ཀླུ་མཁར་བྱམས་གྱི་རྩོམ་ཡིག་ཁག་ཅིག་ངོ་སྤྲོད་བྱེད།” ཅེས་སྔར་བྲིས་ཀྱི་ཡིག་རྙིང་རིགས་མང་པོ་སྔོག་འདོན་མ་བྱེད་ན་བཟང་། གང་ལགས་ཤེ་ན། གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་ཉེར་གཅིག་པའི་ལྡེབ་ ༣༣ ནང་། བྱང་ཕྱོགས་འདི་ཉིད་མཉམ་མེད་ཙོང་ཁ་པ་ཆེན་པོའི་གདུལ་བྱའི་ཞིང་ཁམས་ཡིན་པར། ལྷ་ལུང་འདྲེ་ལག་གི་གྲུབ་མཐའ་མི་གཅིག་པའི་སེར་མོ་བའི་རིགས་ཀྱིས་འགྲོ་དོན་བྱེད་པ་འདི་འོས་བབ་མི་འདུག་པས་སྒོར་བསྐྱིལ། འཕྲོག་བརྡུང་སོགས་གང་ཐུབ་བྱེད། ཅེས་དང་། ཡང་ཤོག་ལྡེབ་ ༣༩ ནང་། གཞིས་འོག་གི་གྲུབ་མཐའི་མཚམས་དགེ་ལུགས་གཙོ་བོར་སྟོན་པའི་བྱིངས་ཆེ་བཏང་སྙོམས་ལ་ཀར་འབྲུག་ཇེ་རྒྱས་མི་ཡོང་བ་དང་། ཞེས་དང་། ཡང་ལྡེབ་ ༤༢ མི་དབང་སངས་རྒྱས་རྒྱ་མཚོའི་གསུང་ཁྲིམས་ཡིག་འདི་ཉིད་དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཞབས་འབྲིང་པ་ཀུན་གྱི་མཐོང་རྒྱུད་ཕྱག་བཞེས་མེད་དུ་མི་རུང་བ་ཡིན་ནའང་པར་རྙིང་བགྲེས་ཟད་ལ་བརྟེན་སྐྱབས་མགོན་སྲིད་སྐྱོང་སྟག་བྲག་པཎྜི་ཏ་མཆོག་གི་བཀའ་དགོངས་བཞིན་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་འདི་ཞོལ་པར་ཁང་ཆེན་པོར་བཞུགས། ཞེས་བོད་རྒྱལ་ཁབ་འདི་ཉིད་ཆགས་འཇིགས་ཀྱི་དུས་འདི་འདྲ་ལའང་རྒྱལ་ཁབ་ཀྱི་སྲི་ཞུ་མི་སྒྲུབ་པར་ད་ལྟ་ནང་བཞིན་ཁྱོད་ཤི་ང་གསོན་གྱི་སྐད་ཆ་ཞེ་ཅིག་བཤད་པའི་ཉེར་ལེན་ལ་བརྟེན། ང་ཚོའི་རྒྱལ་ཁབ་འདི་མི་གཞན་ལ་རྩིས་འབུལ་ཞུས་པ་རེད། ད་དུང་ཡང་མུ་མཐུད་བསྡད་ན་འབྱུང་གྱུར་མ་འོངས་པ་དེ་རི་བོང་གི་རྭ་བཞིན་འགྱུར་རྒྱུར་གདོན་མི་ཟ་བས་ཤེས་ལྡན་ལྷན་རྒྱས་ཀྱི་ཐུགས་དབུས་སུ་བསྟི་བར་འཚལ།།

  5. རྟ་བདུན་དབང་བོ says:
    2017-02-15 at 2:05 pm

    འབྲོང་བུ་སོག་ཚས་བཤད་པ་བཞིན་དགའ་ལྡན་ཕོ་བྲང་གིས་ཆོས་བརྒྱུད་གཞན་ཚོ་འགོག་གི་ཨེ་ཡོད་ན། གལ་ཏེ་བདེན་ན་དགའ་ལྡན་ཕོ་བྲང་གི་སྲིད་ཇུས་སྐྱུག་བྲོ་བ་ཞིག་རེད་མི་འདུག་གམ ང་རང་གིས་དངོས་སུ་མ་མཐོང་ན་གཞན་ཅི་ཟེར་ཙམ་ལ་ཉན་མི་རུང་། དགའ་ལྡན་ཕོ་བྲང་དེ་ཙམ་ཞིག་མིན་པར་སྨོན། །

  6. རྔ་བ་མཁས་གྲུབ says:
    2017-02-15 at 7:49 pm

    སྲིད་དོན་ལོག་སྤྱོད་པ་ཀླུ་མཁར་བྱམས་སོགས་ཀྱིས་བོད་རང་བཙན་ཁ་ལ་ཁྱེར་ནས་བོད་མི་ས་ཡ་དྲུག་གི་ལྡོག་ཕྱོགས་སུ་ལངས་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་རྒྱ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་དགོས་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད།

  7. བསམ་ཤེས། says:
    2017-02-15 at 9:34 pm

    སྐྱོན་མི་འདུག ཀླུ་མཁར་བྱམས་ཀྱི་སྐད་ཆ་སྐམ་པོ་འདིས་སུ་ལ་གནོད། གང་ལ་གནོད། དྲི་བ་འདི་དྲིས་དང་།

    དེ་ལས་ལྡོག་པར་མང་པོ་བཤད་ན། ཁོང་ལ་རིན་མེད་ཁྱབ་བསྒྲགས་ཀྱི་ཞབས་ཞུ་བསྒྲུབས་པ་ལྟ་བུ་ཆགས་སྲིད།

    ཀླུ་མཁར་བྱམས་ལགས། ཡག་པོ་འདུག མུ་མཐུད་ཡིན་དཱ།

  8. དགེ་འདུན་རྒྱ་མཚོ། says:
    2017-02-16 at 12:22 am

    ཆོས་ཕྱོགས་ནས་བཤད་སྲོལ་ལ་བྱང་བཅུ་ཚང་བའི་དགྲ་བོ་ཟེར་སྲོལ་ཡོད་འདུག
    དེ་ནི་དགྲ་བོ་དམིགས་བསལ་ཅིག་ཡིན་པ་འདྲ།
    བྱང་བཅུ་ཟེར་ན་བཅུ་བོ་གང་དག་ཡིན་ནམ། ཤེས་མཁན་ཡོད་ན་གསུང་རོགས།
    ཞིང་བཅུ་ཡིན་ནམ། 

  9. གངས་ཤར། says:
    2017-02-16 at 2:40 am

    ཨ་བཙན་པོ་ནི་དཀྲུག་ཤིང་ཆེད་དཀའ་ལས་བརྒྱབ་ཐུབ་མཁན་ཅིག་རེད། ཁོའི་ཇོ་ནང་སྐོར་ནས་རང་གཞུང་མདུན་ངོ་རྒོལ་འཚམས་འཇོག་བྱས་མེད། ཨ་ཙ་མ། འདི་རིགས་ཅི་རེད། གང་རེད།

  10. བོད་ཀྱི་བུ། says:
    2017-02-16 at 5:45 am

    xxxའདིས་རྒྱལ་གཅེས་དཔའ་བོ་ཨ་ཚོགས་ཀླུ་མཁར་ཅི་ལྟར་སྔོག་ན་ཡང་ཁོང་གི་རིན་ཐང་ཇེ་ཆེར་རེེད། ངས་རྩོམ་ཡིག་འདི་སྔོན་མ་མཐོང་མྱོང་མེད། ད་རེ་ཟུར་ཙམ་མཐོང་དུས་ནས་ཁོང་གི་རིན་ཐང་ཆེ་རུ་འགྲོ་སོང་། གྲྭ་ལོག་ཚོས་ཅི་ལྟར་ཀླུ་མཁར་བྱམས་ལ་འཇིགས་སྐུལ་དང་དགག་ན་ཡང་ཁོང་གི་རིན་ཐང་ཇེ་ཆེར་རེད། ལོ་རྒྱུས་ནང་སགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ་ལྟ་བུ་ཆགས་རྒྱུ་རེད།

  11. གངས་སེང། says:
    2017-02-16 at 6:09 am

    གང་ལྟར། ཀླུ་མཁར་འབྱམས་ནི་རང་བཙན་རྩོད་མཁན་ཡིན་ཞེས་ས་གྲགས་གནམ་གྲགས་རེད་ཀྱང་་་་་་ཁོ་བོ་བྱེད་སྟངས་དང་༧གོང་ས་མཆོག་ལ་འབྲེལ་མེད་ཟུར་ཟ་བྱེད་པ་སོགས་ནི་་་་རང་བཙན་རྩོད་མཁན་རྣམ་པའི་རྐང་འདྲེན་པ་མངོན་གནས་རེད་འདུག་་་་་་་
    དེ་བས་རྡ་སའི་ཚོགས་སྐྱིད་རྣམས་ཀྱིས་ཁོ་བོར་སྐད་ཆ་ཤོད་པའི་སྡིངས་ཆ་མ་བསྐྲུན་རོགས་ཞེས་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་བཞིན་ཡོད་དོ།

  12. ཀརྡོ་རབ་འབྱམས་པ་ says:
    2017-02-16 at 9:00 am

    #8 དགེ་འདུན་རྒྱ་མཚོ། ་ལགས།
    ཞིང་བཅུ་ཚང་བའི་བསྟན་དགྲ་ནི། བསྟན་པ་བཤིག་པ། དཀོན་མཆོག་ལ་སྨད་པ། དགེ་འདུན་གྱི་དཀོར་འཕྲོག་པ། ཐེག་ཆེན་ལ་སྨོད་པ། བླ་མའི་སྐུ་ལ་བསྡོ་བ། རྡོ་རྗེ་སྤུན་གྲོགས་སུན་འབྱིན་པ། སྒྲུབ་ལ་བར་གཅོད་བྱེད་པ། བརྩེ་བ་དང་སྙིང་རྗེ་གཏན་ནས་མེད་པ། དམ་ཚིག་སྡོམ་པ་དང་བྲལ་བ། ལས་འབྲས་ལ་ལོག་ལྟ་སྟེ་བཅུའོ།།

  13. ཨ་གྲོང་ཉི་མའི་རྒྱན། says:
    2017-02-16 at 10:12 am

    ཅི་ལ་ཕན།

  14. དགེ་འདུན་རྒྱ་མཚོ། says:
    2017-02-16 at 11:38 pm

    #12 ཀརྡོ་རབ་འབྱམས་པ་ ་
    ཐུགས་རྗེ་ཆེ་ཞུ།

  15. ཨ་གྲོང་ཉི་མའི་རྒྱན། says:
    2017-02-17 at 10:03 am

    དུས་སྐབས་འདིར་ཀླུ་མཁར་བྱམས་ཅི་ཙམ་འཕགས་ཀྱང་གྲུབ་འབྲས་མེད་པའི་ཁར་ཆིག་སྒྲིལ་ལ་རྨ་ཁ་བཟོས་པ་དངོས་ཡོད་ཡིན་པས་དགྲ་བོ་རྒྱ་ནག་ཁོང་ལ་གཏན་ནས་མི་སྐྲག

  16. རྣམ་རྒྱལ།. says:
    2017-02-17 at 10:13 pm

    ངས་ཀྱང་ཀླུ་བྱམས་ཀྱི་རྩོམ། སེར་པོ་གསུམ་གྱི་མནར་གཅོད་ཟེར་བ་ཐེངས་གཅིག་བཀླགས་པ་ཡིན། ཧ་ཅང་སྡུག་པོ་ཞིག་གང་ཡང་མཐོང་མ་སོང་། རྒྱལ་ཁབ་མེད་པའི་དཀའ་ངལ་རེ་དང་ཕྲད་དུས་བཅུ་གསུམ་པ་ཞིང་ལ་ཕེབས་པ་ནས་བཙན་བྱོལ་དུ་མ་འབྱོར་པའི་བར་གྱི་དགའ་ལྡན་གཞུང་གི་བྱ་སྤྱོད་ལ་འཁར་ར་མི་བྱེད་པའི་རྣམ་དཔྱོད་ཅན་སུ་ཞིག་ཡོད།

  17. Gelek Khedup says:
    2017-02-18 at 1:40 pm

    ཀླུ་བྱམས་ཀྱི་སེམས་ཤུགས་ལ་ཡིད་རང་ཡོད

  18. ཐོར་རྒོད་པ། says:
    2017-02-22 at 12:16 am

    འདི་འདྲའི་ཡིིག་ཉོག་དག་དྲྭ་ཐོག་ཏུ་སྤེལ་ན་གནོད་ལས་ཕན་པ་ཡོད་པ་རེད་ངལ་བའི་ལས་རེད།

  19. གཡུ་ཐོག says:
    2017-02-22 at 12:59 am

    སྐྱག་པའི་སེམས་ཤུགས། དགྲ་ངོ་ཤེས་མཁན་ཀླད་མེད་རེད། ཁོའི་གདོང་པ་མཐོང་བ་དང་སྐྱུག་བྲོ་ཡི་འདུག་ད།

  20. འཇིགས་མེད་ says:
    2017-03-06 at 11:42 am

    #6 རྔ་བ་མཁས་གྲུབ ་ལགས་ཀྱིས་སྤེལ་དོན།:
    February 15th, 2017 at 7:49 pm
    སྲིད་དོན་ལོག་སྤྱོད་པ་ཀླུ་མཁར་བྱམས་སོགས་ཀྱིས་བོད་རང་བཙན་ཁ་ལ་ཁྱེར་ནས་བོད་མི་ས་ཡ་དྲུག་གི་ལྡོག་ཕྱོགས་སུ་ལངས་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་རྒྱ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་དགོས་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད།

  21. jamgay says:
    2017-10-27 at 8:31 am

    ཨ་ཚོགས་ཀླུ་མཁར་བྱམས་ལགས་ལ་་་སྲིད་དོན་ལོག་སྤྱོད་པ་་་བོད་རང་བཙན་ཁ་ལ་ཁྱེར་ནས་བོད་མི་ས་ཡ་དྲུག་གི་ལྡོག་ཕྱོགས་སུ་ལངས་ཏེ་༧གོང་ས་མཆོག་ལ་མཚན་སྨད་ཞུ་བཞིན་་་་རྒྱ་གུང་ཁྲན་ཏང་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ལ་དགོས་པའི་ལས་ཀ་བྱེད་ཀྱི་ཡོད་པ་རེད།་་་ཟེར་བ་ཙམ་མིན་པར་རྒྱུ་མཚན་རེ་རེ་བྱས་ནས་ཁུངས་ལུངས་ཀྱིས་ལན་འདེབས་དགོས་པ་ལས་དོན་མེད་གཞན་གྱིས་ཤོད་སྒྲོས་ལྟར་ཕྱིན་མི་ཉན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme