Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨིན་གླིང་མཁན་ཆེན་ལ་བསྔགས་པའི་སྙན་ངག

Posted on 2017-02-042017-02-04 By ཡེ་ཤེས་ 3 Comments on སྨིན་གླིང་མཁན་ཆེན་ལ་བསྔགས་པའི་སྙན་ངག

mini—སྤྲུལ་སྐུ་ཆོས་དབྱིངས་ཡེ་ཤེས། (ཨ་རི)

 
འོད་གསལ་གཉོས་རིགས་དྲི་བྲལ་རྒྱ་མཚོ་ལས།།
ལེགས་འཁྲུངས་མཚན་དཔེའི་གཟི་འོད་བཀྱེས་པ་ན།།
སྐྱེ་རྒུའི་བསོད་ནམས་ཀུ་མུད་དཀའ་པོའི་ཚལ།།
སྔར་མེད་རྫོགས་ལྡན་སྣང་བས་ཅི་ཡང་འཁྱུད་།།
ལང་ཚོའི་ཟླ་བ་གསར་བའི་དུས་ཉིད་ནས། །
སྔོན་སྦྱངས་བག་ཆགས་ག་བུར་ཐིགས་པ་འབུམ།།
ཤེས་བྱའི་རྒྱ་མཚོར་ཐིམ་པའི་རྩེ་དགའ་ཡིས། །
འཆད་རྩོད་གཟེགས་མའི་དགའ་སྟོན་དུས་སུ་བཀྱེས།།
འཁོར་བ་ཆུ་ཤིང་སྙིང་པོ་མེད་པའི་ཚུལ། །
ཐུགས་གསང་མེ་ལོང་ངོས་སུ་འཕོས་པ་ན། །
གཙུག་ཕུད་སར་བ་སར་བའི་མེ་ཏོག་ཕོན། །
བསླབ་གསུམ་གཙང་མའི་སྣོད་དུ་ལེགས་པར་ཕུལ། །
ཨོ་རྒྱན་རྗེ་དང་བི་མའི་རྣམ་འཕྲུལ་སོགས། །
བཤེས་གཉེན་ལུང་རྟོགས་མཛོད་གྱུར་དུ་མ་བསྟེན། །
ཁྱད་པར་དིལ་མཁྱེན་རབ་གསལ་ཟླ་བ་ཞེས། །
རྡོར་འཛིན་བྱེ་བའི་རྒྱུན་གཅིག་ཡུན་རིང་བསྙེན། །
ཀློང་ཆེན་ངུར་སྨྲིག་འཛིན་པའི་ཟློས་གར་ཏེ། །
འཁྲུལ་ཞིག་གདམས་པའི་བང་མཛོད་ཆེན་པོ་ལས། །
སྔ་འགྱུར་ཡབ་ཆོས་དག་བྱེད་ལྷ་ཡི་ཆབ། །
དད་གསུམ་རལ་བའི་ཀློང་དུ་ཡང་ཡང་བསྐྱིལ། །
སྨིན་གླིང་གཏེར་ཆེན་ཞེས་གྲགས་སྙན་པའི་གདུགས། །
སྲིད་གསུམ་གཙུག་ཏུ་གཡས་སུ་འཁོར་བ་ཡི། །
ཟབ་ཆོས་ནམ་མཁའ་མཛོད་ཀྱི་སྒོ་ཕྱེས་ཏེ། །
གདུལ་བྱའི་ཆོས་ཀྱི་སྐོམ་གདུང་ལེགས་པར་བསལ། །
ནད་པར་སྨན་དང་སློབ་གྲྭ་གསར་འཛུགས་སོགས། །
སྤྱི་ཚོགས་ཞབས་ཞུའི་མཛད་བཟང་མཐའ་ཀླས་པར། །
འཕགས་ཡུལ་གཞུང་གི་ཆེ་མཐོའི་གཟེངས་རྟགས་ཀྱང་། །
ཁྱེད་ལ་ཕུལ་བའི་གྲགས་པ་ཕྱོགས་ཀུན་ཁྱབ། །
འཛམ་གླིང་ཤར་ནུབ་གདུལ་བྱའི་མོས་ངོ་རུ། །
མདོ་སྔགས་ཆོས་ཀྱི་ཆར་བ་ལེགས་ཕབ་སྟེ། །
རྣམ་དཀར་ཐར་པའི་ས་བོན་འབུམ་ཕྲག་གིས། །
ཐུབ་བསྟན་ཞིང་ས་གཏམས་པའི་མཐའ་མ་རིག །
སྟོན་མཆོག་དམ་པས་བྱང་ཆུབ་བརྙེས་པའི་གནས། །
གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གྱིས། །
སྔ་འགྱུར་སྨོན་ལམ་ཆེན་མོའི་དབུ་ཁྲིད་དེ། །
གསང་ཆེན་བསྟན་པའི་དབུ་འཕང་དགུང་ལ་བཏེགས། །
ཡབ་རྗེ་སྨིན་གླིང་ཁྲི་ཆེན་གཤེགས་པའི་ཤུལ། །
རྗེས་འཇུག་རེ་བའི་མིག་འབུར་ཁྱེད་ལ་གཏད། །
ཆོས་སྲིད་ལུགས་གཉིས་མཁས་མཛངས་ཐུགས་བསྐྱེད་ཀྱིས། །
ཡར་ངོའི་ཟླ་བའི་རྗེས་སུ་བསྙེགས་པར་མཛད། །
ཕྱི་རུ་ངུར་སྨྲིག་འདུལ་བའི་གོས་ཀྱིས་མཛེས། །
ནང་དུ་ལུང་རྟོགས་ཡོན་ཏན་མངོན་པར་མཐོ། །
གསང་བ་བསྐྱེད་རྫོགས་ཟབ་མོར་ཉམས་བཞེས་མཛད། །
མཁན་ཆེན་ཁྱེད་ལ་དད་པའི་མེ་ཏོག་འཐོར། །
ཨ་མདོ་དགེ་འདུན་ཆོས་འཕེལ་རྒྱ་གར་ནས། །
ལྷ་སར་ཕེབས་རྗེས་སྨིན་གླིང་མཁན་ཆེན་ལ། །
ཕྱག་གསུམ་ཤོར་བའི་ལད་མོ་བྱས་མིན་ཡང་། །
མཚོ་བྱུང་པི་ཝང་དཀར་པོ་ལན་གཅིག་བརྡུངས། །
དངོས་སུ་མཇལ་བའི་སྐལ་བཟང་དབེན་ན་ཡང་། །
ཁྱེད་ལ་དད་གུས་གསེར་ཞགས་མ་ལྷོད་པས། །
སྙན་ཚིག་མེ་ཏོག་ཕྲེང་བར་བརྒྱུས་པ་ཡི། །
བསྔགས་བརྗོད་ལེགས་པའི་སྐྱེས་འདི་འབུལ་བར་སྤྲོ། །
འདི་ལས་འོངས་པའི་དགེ་ཚོགས་ཟླ་བའི་འོད། །
མགོན་ཁྱེད་ཐུགས་བསྐྱེད་འོ་མཚོར་ལེགས་འཕོས་ཏེ། །
མཛད་བཟང་རྦ་རླབས་དཀར་པོའི་རྩེ་དགའ་ཡིས། །
སྔ་འགྱུར་དབྱར་གྱི་དཔལ་མོ་མཉེས་པར་སྨོན། །

ཞེས་པ་འདི་ཡང་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་རབ་རྒྱ་མཚོ་ཞེས་དེང་དུས་སྔ་འགྱུར་བསྟན་པའི་གསལ་བྱེད་མཆོག་ཏུ་གྱུར་པ་གང་དེའི་སྐུ་མཛད་ལེགས་ཚོགས་མང་པོ་ཞིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་ཏེ། མཁན་ཆེན་གང་ལ་བསྔགས་པའི་སྙན་ཚིག་ཅིག་འབྲི་འདུན་ནར་མར་ཡོད་པ་དེ་རིང་སུག་རིས་སུ་ཕབ་པའོ།།

སྙན་ངག

Post navigation

Previous Post: ནང་ཆོས་ལ་བཅུད་ལེན་ཐུབ་པའི་ཀ་བཤད།
Next Post: ཤར་ཕྱོགས་པའི་ནང་ལ་ཆེས་རྡུགས་ཤོས་དེ་ཉི་ཧོང་ངམ་འཇར་པན་གྱི་མི་རིགས་རེད།

Comments (3) on “སྨིན་གླིང་མཁན་ཆེན་ལ་བསྔགས་པའི་སྙན་ངག”

  1. ནུབ་ཕྱོགས་གངས་ཕྲུག says:
    2017-02-05 at 12:51 pm

    སྨིན་གླིང་མཁན་ཆེན་འདིའི་རྣམ་ཐར་ཡོད་ན་གསུངས་རོགས་གནང་།

  2. ཀླུ་སྨྱོན། says:
    2017-02-05 at 8:57 pm

    སྐྱབས་རྗེ་སྨིན་གླིང་མཁན་ཆེན་ངག་དབང་མཁྱེན་རབ་རྒྱ་མཚོ་མཆོག་ལ་འདི་ལོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་རྟགས་(Bharat Jyoti Award)ཕུལ་བ།

    ༢༠༡༠ ཟླ་ ༡༢ ཚེས་ ༡༧ རེས་གཟའ་པ་སངས།
    ༄༅། །འདི་གར་རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་མཛའ་འབྲེལ་མཐུན་ཚོགས་ཀྱིས། ཚོགས་པ་དེའི་འདི་ལོའི་ “Global Participation in India’s Economic Development” ཚོགས་འདུའི་ཐོག་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་རྟགས་བྷཱ་རཏ་ཇོ་ཏི་ “Bharat Jyoti Award” ཞེས་པ་དེ། རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་རྫོང་ཁོངས་སྔ་འགྱུར་རྙིང་མའི་ཆོས་སྡེ་སྨིན་གྲོལ་གླིང་དགོན་གྱི་སྨིན་གླིང་མཁན་ཆེན་མཆོག་གིས་ལོ་མང་རིང་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཐོག་ཕྱག་ལས་རླབས་ཆེན་གནང་བར་ངོས་འཛིན་གྱིས་ཆེ་བསྟོད་སླད་ཕུལ་བ་ཞིག་ཡིན་འདུག
    དེ་ཡང་གཟེངས་རྟགས་ཕུལ་བའི་མཛད་སྒོར་རིན་པོ་ཆེ་མཆོག་གིས་གསུང་དོན། གཟེངས་རྟགས་འདི་ནི་ང་མི་སྒེར་ཁོ་ནས་བྱས་རྗེས་མིན་པར་ཕྱག་རོགས་ཚོས་སྤྱི་ཚོགས་ཞབས་ཞུའི་ཐོག་མཉམ་རུབ་ལས་བྱུང་བའི་གྲུབ་འབྲས་ཤིག་ཡིན། དེ་བཞིན་རྒྱ་གར་དང་མི་རིགས་སུ་ཡིན་རུང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐད་ངེས་པར་དུ་ཁུར་མཉམ་བཞེས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་སོགས་ཀྱི་འབོད་སྐུལ་ཡང་ཞུས་གནང་འདུག
    ཐེངས་འདིའི་མཛད་སྒོར་རྒྱ་གར་དབུས་དང་མངའ་སྡེའི་བློན་ཆེན་ཁག གྲོས་ཚོགས་ཀྱི་འཐུས་མི། མཁས་དབང། སྤྱི་ཚོགས་ཞབས་ཞུ་བ། བཟོ་གྲྭ་བདག་པོ་སོགས་གནད་ཡོད་མི་སྣ་མང་པོ་ཞིག་ཀྱང་མཉམ་ཞུགས་བྱས་ཡོད། གཟེངས་རྟགས་འདི་བཞིན་དེ་སྔོན་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཡེ་ཤུའི་བཙུན་མ་མཱ་ཌར་ཊེ་རེ་ས་ (Mother Teresa) མཆོག་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཁག་གཅིག དེ་བཞིན་བོད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེ་མཆོག་བཅས་ལ་ཕུལ་ཡོད་པ་རེད།

    སྨིན་གླིང་མཁན་རབས་དགུ་པ་ངག་དབང་མཁྱེན་རབ་རྒྱ་མཚོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི། ༡༩༧༠ ཟླ ༡ ཚེས ༥ ཉིན་ཡབ་ཉི་མ་དགྲ་འདུལ་དང། ཡུམ་མྱོས་ཀྱི་གདུང་རྒྱུད་ལས་ཆད་པ་བདེ་སྐྱོང་དབང་མོ་གཉིས་ཀྱི་སྲས་སུ་འཁྲུངས། སྨིན་གླིང་མཁན་རབས་དགུ་པའི་མཛད་པ་བདག་གིར་བཞེས། ཁྲོ་རུ་མཁན་རིན་པོ་ཆེ་ཚེ་རྣམ་སྐུ་མདུན་ནས་ཡི་གེ་འབྲི་ཀློག་དང་སྨན་གཞུང་ལ་སློབ་སྦྱོང་གནང་པ་དང། དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་སོགས་ལ་སུམ་རྟགས་སོགས་བཅུ་ཕྲག་རིག་པའི་གནས་ལ་སློབ་སྦྱོང་དཔྱིས་ཕྱིན་པར་གནང་ཡོད། ཁྱད་པར་དུ་ཕྱི་ལོ་ ༡༩༨༤ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཕེབས་བཞིན་༸གོང་ས་མཆོག་དང་ལྷན་དུ་སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་སྒྱུ་འཕྲུལ་གསང་བ་སྙིང་པོའི་ཆོས་སྐོར་ཡོངས་རྫོགས་ཞུ་ཐོབ་ཀྱི་བཀའ་དྲིན་བླ་མེད་བྱུང་བ་དང། གཞན་ཡང་རྙིང་མའི་བླ་ཆེན་ཁག་གི་གཙོས་རིས་སུ་མ་ཆད་པའི་བཤེས་གཉེན་དམ་པ་དུ་མའི་མདུན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སོགས་རྨད་དུ་བྱུང་བ་གནང་ཡོད།
    མཁན་ཆེན་རིན་པོ་ཆེ་མཆོག་གིས་སྨིན་གྲོལ་གླིང་བཤད་གྲྭ་གཙོས་པའི་ཡུལ་གྲུ་དུ་མར་མདོ་རྒྱུད་རྣམས་འཆད་སྤེལ་གནད་སྨིན་གནང་བཞིན་ཡོད་པ་མ་ཟད། དེང་གི་ཆར་ཡང་རྡོར་གདན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཞོན་གྱི་འགན་དབང་བཞེས་པ་སོགས་རྒྱལ་བསྟན་སྤྱི་བྱེ་ལ་སྨན་པའི་ཕྱག་ལས་གང་ལེགས་གནང་བཞིན་ཡོད་པ་དང། དེ་བཞིན་སྤྱི་ཚོགས་ཞབས་ཞུའི་ལས་རིགས་བཅས་ལ་ཕན་ཐོགས་གང་ལེགས་བསྒྲུབས་དང་སྒྲུབ་མུས་བཅས།།

  3. ཁུ་བྱུག says:
    2017-02-06 at 1:41 am

    ཀླུ་སྨྱོན་XX་འདི་སེམས་ཁམ་བདེ་བོ་ཡོད་ས་མ་རེད། རང་ལུགས་རང་མདོག་ཟེར་པ་ཞིག་དེ་བས་ཡོད་ས་མ་རེད། བོད་ཀྱི་ཡི་གེ་འབྲི་མཁན་འདི་འདྲའི་ཆོ་མེད་བྱེ་མའི་རང་གཤིས་ལྟ་བུ་མང་དུ་འདུག་པ་ནི་ཅི་འདྲའི་སེམས་སྐྱོ་བ་ལའང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme