Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བླ་བྲང་ཨ་ཁུ་འཇིགས་མེད་ཀྱི་ལག་བྲིས་ཡི་གེ་ཞིག

Posted on 2017-01-262017-01-26 By ཁ་བརྡ་ 4 Comments on བླ་བྲང་ཨ་ཁུ་འཇིགས་མེད་ཀྱི་ལག་བྲིས་ཡི་གེ་ཞིག

མཁོ་གཏོང་བ། འཇམ་དབྱངས་སྦྱིན་པ།

 
ཉེ་སྔོན་ཨ་ཁུ་འཇིགས་མེད་ལགས་བཙོན་ནས་གློད་དེ་ཟླ་གཅིག་ཏག་ཏག་འཁོར་བའི་མཚམས་སུ། ཁ་ཡིག་ལ་༼སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ་༽ཞེས་བྲིས་གནང་བའི་ཡི་གེ་ཐུང་ཐུང་ཞིག་ཁོང་དང་ཐག་ཉེའི་མི་ཞིག་བརྒྱུད་ནས་འདི་གར་ལག་འབྱོར་བྱུང་། ཡི་གེའི་ནང་དོན་ཐད་ལག་སྙོབ་ཙམ་བྱས་ན། འདས་ཟིན་པའི་ལོ་ཟླ་དེ་གའི་ནང་ཁོང་གི་ལུས་སེམས་གཉིས་ཀའི་ཐོག་རྒྱ་དམར་གྱིས་ཞི་དྲག་ཅི་རིགས་ཀྱི་སྒོ་ནས་སྡུག་ལས་བྱས་པའི་དངོས་མྱོང་གཞི་ལ་བཞག་སྟེ། སེམས་ཚོར་ཆེན་པོས་ཁོ་བ་ཚོའི་སྐྱུགས་བྲོ་བའི་ལས་ངན་དང་། དེ་ཚོས་ཅི་བྱས་ཀྱང་བསྒྱུར་དུ་མི་བཏུབ་པའི་ཁོང་གི་སྙིང་སྟོབས་དང་ཆོད་སེམས། དེ་བཞིན་དྲང་བདེན་དང་གནས་ལུགས་ཀྱི་ཕྱིར་དུ་ཅི་ལའང་བཟོད་ཐུབ་པའི་དཔའ་སྐད་བསྒྲགས་འདུག་སྙམ་པ་ཞིག་ཏུ་ཚོར་ཡང་དེ་ཙམ་གྱིས་ཁ་ཚོད་གཅོད་ག་ལ་ནུས།
ད་དུང་སུག་བྲིས་ཡི་གེ་དེའི་མཇུག་ཏུ་འདི་ནི་འཆི་ཁའི་ཁ་ཆེམས་སམ་སྙིང་གཏམ་དྲོན་མོ་ཡིན་ཚུལ་ཡང་གསལ་འདུག་པས། དེ་མུར་འཇོག་མ་ བཟོད་པར་འབྲེལ་ཡོད་གསར་འགྱུར་སྡེ་ཁག་ལ་བསྐུར་བ་ལགས་ན། ཁྱེད་རྣམ་པས་འདིའི་ཐད་ཐུགས་ཞིབ་གནང་སྐྱོང་ཡོང་བ་མཁྱེན་ཞུ་ཞུ།

ཞེས་ཨ་ཁུ་འཇིགས་མེད་ཀྱི་དགེ་ཕྲུག་དགེ་འདུན་ཕུན་ཚོགས་ཀྱིས་བོད་རྒྱལ་ལོ་ ༢༡༤༣/༡༡/༢༩། ཕྱི་ལོ༢༠༡༧/༠༡/༢༦ ཉིན་སྤེལ།

གཤམ་དུ་སུག་བྲིས་ངོ་མ་་ཡིག་གཏག་བྱས་པ་དེ་ཡང་བསྐུར་ཡོད།

 

སྲོག་གི་ཉེན་ཁ་ལས་སླར་ཡང་གསོན་པ།

 
ང་ཡི་སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ། རེ་བ་དང་གསོན་ཤུགས་སོགས་ཉམས་སོང་བ་ཡིན་ན་ནི་ཁོ་ཚོའི“འདོད་ཐོག་ལ་རྟ་རྒྱུག”པ་ཡིན་པས་ཁོ་ཚོས་ང་ཚོ་ཕམ་ཉེས་གཏོང་བྱེད་ཀྱི་ཐབས་ལམ་ལའང་འཇིགས་སྣང་དང་བསླུ་བྲིད། རྫུན་གཏམ་དང་གཡོ་ཇུས། མདོར་ན་བཙན་པོའི་ཁྲོ་གཉེར། གཡོ་སྒྱུའི་བཅོས་འཛུམ་སོགས་ཀྱི་ཐབས་སྣ་ཚོགས་ཤིག་བེད་སྤྱོད་པ་ལ་བྱང་ཆ་དེ་ལྟར་མངའ་བ་རེད་ཨང་། དེ་ལྟ་བུའི་ལམ་ག་ནས་རྒྱ་ཆེའི་མང་ཚོགས་ལ་མགོ་བསྐོར་གཏོང་བ་ལས་གཞན་དུ་ང་ཚོར་ནག་ཉེས་ཀྱི་ཞྭ་མོ་གང་ཆེ་གང་ལྕི་བཟོས་ཏེ་ཁྲིམས་ལ་སྦྱར་ནས་མ་བྱས་པ་མང་པོ་ཞིག་ཁས་ལེན་དགོས་པའི་སྐུལ་མའང་ནན་ཏན་དུ་བཏང་སྟེ་ང་ཚོ་ཤི་མིན་རོ་མིན་གྱི་བེམ་གཟུགས་ཙམ་དང་། ཡང་ན་འཇིག་རྟེན་འདི་ནས་རྩ་མེད་དུ་གཏོང་བའི་ལས་སྦྱོར་ཡང་མུ་ནས་མུར་བརྩམས་པ་རེད་མོད། ཁོ་ཚོས་ངའི་བསམ་གཞིགས་ཀྱི་ཤེད་མོང་དང་། ངའི་བློ་ཕུགས་ཀྱི་དམ་བཅའ་ལ་འགྱུར་བ་འེན་ཙམ་ཡང་གཏོང་མ་ནུས་ཅེས་ཤོད་ཆོག་པ་མ་ཟད། ལྡོག་སྟེ་བདེན་དང་གནས་ལུགས་ཀྱི་སླད་དུ་དང་། དྲང་བདེན་བློ་དཀར་གྱི་ཕྱིར་དུ་ང་ལ་སྟོབས་ཤུགས་དང་། ནུས་མཐུ། སྙིང་རུས། བཟོད་བསྲན་སོགས་སྔར་མ་བྱུང་བ་མང་པོ་བསྩལ་སོང་བ་འདི་ནི་བདེན་དང་གནས་ལུགས་ཀྱི་སྟོབས་ཤུགས་ཡིན་པར་ཏན་ཏན་ཡིད་ཆེས་པ་ཡིན།
ངའི་རིགས་ལ་བཅིངས་པའི་ལྷག་བསམ། ངའི་ཡུལ་ལ་བཟུང་བའི་བརྩེ་བ། ངའི་སྤུན་ཟླར་བཅོལ་བའི་རེ་བ་སོགས་ནི་མི་འགྱུར་བྲག་རི་བཞིན་སུས་ཀྱང་གཞོམ་གཞིག་གཏོང་མི་ནུས་པ་བཞིན་དུ། འཛམ་གླིང་ཞི་བདེ་དང་།རྒྱལ་ཁམས་དར་རྒྱས། སེམས་ལྡན་བདེ་སྐྱིད་སོགས་ཀྱི་སླད་དུ་སྡུག་རུས་མཐའ་འཁྱོལ་བྱེད་ངེས་པའང་བདག་གིས་བདེན་དོན་གྱིས་བཞེངས་པའི་ཚེ་སྲོག་གི་དམ་བཅའ་ཡིན་ལ། ནམ་ཞིག་ཚེ་སྲོག་གི་མར་མེ་རླུང་གིས་བསད་པའམ། བླ་སྲོག་གི་དར་ལྕོག་གྲི་ཡིས་གཏུབ་པ་གང་ཡིན་ན་ཡང་འཆི་ཁའི་ཁ་ཆེམས་སམ་སྙིང་གཏམ་དྲོན་མོའང་འདི་ཡིན།

བླ་བྲང་འཇིགས་མེད་ཀྱིས་༢༠༡༦.༡༡.༢༦ ཉིན་བྲིས།

unnamed-1

ངོ་སྤྲོད།

Post navigation

Previous Post: བཀའ་ཟུར་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་ལ་བཅར་འདྲི།
Next Post: ལན་འདེབས།

Comments (4) on “བླ་བྲང་ཨ་ཁུ་འཇིགས་མེད་ཀྱི་ལག་བྲིས་ཡི་གེ་ཞིག”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-26 at 9:19 pm

    ངའི་རིགས་ལ་བཅིངས་པའི་ལྷག་བསམ་།
    ངའི་ཡུལ་ལ་བཟུང་བའི་བརྩེ་བ་།
    ངའི་སྤུན་ཟླར་བཅོལ་བའི་རེ་བ་།
    བླ་བྲང་འཇིགས་མེད་ཀྱི་ང་ཚོར་སྲིངས་བའི་དོན་ཚན་གསུམ་ལ་ང་ཚོ་བོད་མི་ཚོའི་འགན་འཁུར་ཆེ་ཙམ་བཞེས་དགོས་པ་མ་རེད་དམ་?

  2. ཨ་འབར་འཇིགས་དབང། says:
    2017-01-27 at 12:12 am

    ༅༅། བླ་བྲང་རྒྱལ་ཞེན་འཇིགས་མེད་ལགས་ཀྱིས་བརྩམས་གནང་བའི་འཕྲིན་ཡིག་ནི་བདག་གི་བློ་ལ་
    ཤིན་ཏུ་ནས་ཐད། རྒྱ་དམར་པོ་། ཆོས་མ་ེད་ཀླ་ཀློས་འདོད་མོས་བཞིན་བོད་མི་རིགས་ལ་སྡུག་རྕུབ་མནར་
    གཅོད་ཇི་ལྟར་བཏང་ཡང་། བོད་མི་རིགས་ཀྱི་སེམས་ལ་འགྱུར་བ་ནམ་ཡང་གཏོང་མི་ཐུབ་པ་ཡིན།

    ༅༅། རྒྱལ་སྤྱིའི་ཁྲིམས་ལས་བརྒལ་བའི་རྒྱ་དམར་པོས། རིག་རྩལ་ཤེས་ཡོན་ཅན་ལ་རྕི་བཀུར་མེད།
    འགྲོ་བ་མི་ལས་བརྒལ་བའི་ལས་དོན་རྣམས། ནམ་ཡང་འཛམ་གླིང་ཁྲོད་དུ་གཟི་བརྗིད་མེད།

  3. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 3:04 am

    ་་་་་་་་་ ང་ཡི་སྙིང་སྟོབས་དང་ཆོད་སེམས། རིགས་ཞེན་དང་ལ་རྒྱ། རེ་བ་དང་གསོན་ཤུགས་སོགས་ཉམས་སོང་བ་ཡིན་ན་ནི་ཁོ་ཚོའི“འདོད་ཐོག་ལ་རྟ་རྒྱུག”པ་ཡིན་པས་་་་་་་་་་
    ཡང་།
    ་་་་་་་་་་ ང་ཚོར་ནག་ཉེས་ཀྱི་ཞྭ་མོ་གང་ཆེ་གང་ལྕི་བཟོས་ཏེ་ཁྲིམས་ལ་སྦྱར་ནས་མ་བྱས་པ་མང་པོ་ཞིག་ཁས་ལེན་དགོས་པའི་སྐུལ་མའང་ནན་ཏན་དུ་བཏང་སྟེ་ང་ཚོ་ཤི་མིན་རོ་མིན་གྱི་བེམ་གཟུགས་ཙམ་དང་། ཡང་ན་འཇིག་རྟེན་འདི་ནས་རྩ་མེད་དུ་གཏོང་བའི་ལས་སྦྱོར་ཡང་མུ་ནས་མུར་བརྩམས་པ་རེད་་་་་་་་་

  4. ཀརྡོ་རབ་འབྱམས་པ་ says:
    2017-01-27 at 3:09 am

    འཇིགས་མེད་འཇིགས་པ་མེད་པ་ཡིས། །
    འཇིགས་ཅན་རྒྱ་གཞུང་སྡུག་རྩུབ་ལ། །
    འཇིགས་ཞུམ་བཞག་དང་རྒོལ་བྱས་ནས། །
    འཇིགས་མེད་ཆོད་སེམས་ཡིག་སྤེལ་གྱིས། །
    གཞིས་བྱེས་བོད་རིགས་ལ་རྒྱ་སྤེལ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme