Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་སོ་བཞི་བའི་དབང་བསྟོད།

Posted on 2017-01-142017-01-14 By ཁ་བརྡ་ 3 Comments on དུས་དབང་སོ་བཞི་བའི་དབང་བསྟོད།

ཚིག ཨ་རི་འཇིགས་མེད།
གླུ་བ། བསང་མགོན།

 
དུས་མཐའི་འགྲོ་ལ་ཕན་པའི་ལམ་ན་དྲངས།།
སྲིད་བཞིའི་གླིང་ན་སྙན་པའི་གྲགས་པ་འབར།།
གང་གི་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
གུས་པས་འདུད་དོ་སྙིང་ནས་གསོལ་བ་འདེབས།།

གསང་སྔགས་རྩ་བརྒྱུད་བླ་མའི་བརྒྱུད་པ་དང་།།
ཐར་པའི་ལམ་བཟང་ཐེག་ཆེན་གདམས་ངག་མཆོག།
གང་གི་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
གུས་པས་འདུད་དོ་སྙིང་ནས་གསོལ་བ་འདེབས།།

བླ་མས་དུས་དབང་སོ་བཞིའི་མཛད་འཕྲིན་རྨད།།
ཕྱོགས་བཅུའི་སློབ་འབངས་འདུས་པའི་དད་སྟོབས་ཆེ།།
གང་གི་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
གུས་པས་འདུད་དོ་སྙིང་ནས་གསོལ་བ་འདེབས།།

བདག་ཅག་བོད་ལ་མཇལ་པའི་བསོད་ནམས་དམན།།
བཙན་པོས་ཁྲིམས་དང་སྡུག་གི་ལོ་ཟླས་མནར།།
གང་གི་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
གུས་པས་འདུད་དོ་སྙིང་ནས་གསོལ་བ་འདེབས།།

ཉམ་ཐག་བོད་འབངས་བགྲོད་པའི་གནས་མེད་ཅིང་།།
དད་པའི་ཨ་ལོང་ཤ་དང་ཁྲག་ལ་འདྲེས།།
གང་གི་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
གུས་པས་འདུད་དོ་སྙིང་ནས་གསོལ་བ་འདེབས།།

ཟབ་མོའི་གཞུང་ལ་མཁྱེན་པའི་བློ་རིག་རྒྱས།།
སུ་ལ་འཕྲད་ན་བྱམས་པའི་འཛུམ་གྱིས་བསུ།།
བོད་འབངས་སྤྱི་དང་རྒྱལ་ཁམས་བདེ་བར་ཤོག།
མཐའ་བྲལ་དབུ་མའི་ལམ་བཟང་རྒྱལ་གྱུར་ཅིག།

འཛམ་གླིང་ཡོངས་ལ་ཆོས་ཀྱི་འཁོར་ལོ་སྐོར།།
འགྲོ་བ་སེམས་ཅན་ཐར་པའི་ལམ་སྣ་འདྲེན།།
ཡིད་བཞིན་ནོར་བུས་སྐུ་ཚེ་ཁྲི་ལོར་ཤོག།
གཞིས་བྱེས་མྱུར་དུ་ལྷན་འཛོམས་ཡོང་བར་ཤོག།།

༢༠༡༧/༡/༨ཉིན།

སྙན་ངག

Post navigation

Previous Post: དུས་འཁོར་དབང་ཆེན་གྱི་བྱུང་སོང་རྩིས་ཁྲ།
Next Post: ཤམ་བྷ་ལ་བསྐྱར་གླེང་།

Comments (3) on “དུས་དབང་སོ་བཞི་བའི་དབང་བསྟོད།”

  1. ཨ་འབར་འཇིགས་དབང། says:
    2017-01-15 at 2:53 pm

    ཨ་རི་འཇིགས་མེད་ལགས།
    ༅༅། ཁྱེད་ཀྱིས་རྩོམ་པའི་ཚིག་རེ་ཀློག་པའི་ཚེ། སེམས་ནང་བཅོས་མིན་དགའ་སྐྱོ་གཉིས་སྐྱེས་སོང།
    དགའ་ལ་དུས་དབང་སོ་བཞི་ལེགས་བརྕལ་བ། སྐྱོ་ལ་བོད་ནས་ཆེད་ཕེབས་ཕྱིར་ལོག་པ།
    བཙན་གནོན་དམར་ཁྲིམས་དམ་དྲག་ཆེ་ལ་ལྟོས། ཆོས་དད་རང་དབང་ཡོད་ཅེས་རྗུན་མིན་ཅི།

  2. ཨ་འབར་འཇིགས་དབང། says:
    2017-01-15 at 9:57 pm

    ༅༅། ཐམས་ཆད་མཁྱེན་པ་མཇལ་ཡོང་བསམ་པ་མ་བྱུང།
    གནས་ཀྱི་མཆོག་གྱུར་རྡོ་རྗེ་གདན་ནས་མཇལ།
    བགས་ཆ་བཟང་པོ་མི་ཡིས་ཡུལ་ལ་བཞག།
    སྦྱིན་རླབས་གཏམ་བཟང་རང་ཡུལ་ཕྱོགས་ལ་འཁྱེར།
    བྱམས་བརྩེའི་བདག་ཉིད་སླར་ཡང་མཇལ་བར་སྨོན།

  3. ཨ་འབར་འཇིགས་དབང། says:
    2017-01-15 at 10:11 pm

    ༅༅། ང་ནི་ཡོང་ཡོང་གངས་ཅན་བོད་ནས་ཡོང། ཐམས་ཆད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག།
    དུས་འཁོར་དབང་ཆེན་རྕ་ཆེན་ཞུ་བར་ཡོང། ཆོས་ཀྱང་ཞུས་ཡིན་བཀའ་སློབ་སེམས་ཉར་ནས།
    གངས་ཅན་ལྗོངས་སུ་སླར་ཡང་ལོག་ལ་བརྩོན། མ་འོངས་སླར་ཡང་གསེར་ཞལ་མཇལ་བར་སྨོན།
    རྗེས་སུ་འཛིན་གནང་ཡོང་བའི་སྒོ་གསུམ་ནས། གསོལ་བ་རྩེ་གཅིག་བཅོས་མིན་འདེབས་ལགས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme