Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།

Posted on 2008-11-22 By tenzin 7 Comments on ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།

ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།

 

གྲོགས་པོ་ཚོ། གཏམ་འདི་གུས་པའི་གྲོགས་པོ་ཁ་ཤས་ཀྱིས་ད་རེས་ཚོགས་འདུའི་བསམ་འཆར་ཤོད་སྐབས་གསུངས་པའི་སྐད་ཆ་རེད།  མིའི་མིང་མ་བཏོན་པར་ཁོང་གི་བསམ་ཚུལ་ཇི་མ་ཇི་བཞིན་བཀོད་ཡོད་དོ། 

 

 

“ཚོགས་འདུའི་མཇུས་འབྲས་ཀྱི་སྐོར་ལ་གསར་འགྱུར་ནང་ནས་ཤེས་པར། འཐུས་མི་དེ་ཚོས། རྒྱལ་བ་རིན་པོ་ཆེས་འགན་ཁྱེར་རོགས། རྒས་ཡོལ་བྱས་ནས་མ་བསྡད་པར། འགན་ཚང་མ་འཁུར་དགོས་ཟེར། ད་འདི་ཕྱིར་ཤིག་རྒྱག་པ་མ་རེད་པས།”

 

“ད་རེས་ཀྱི་ཚོགས་འདུ་ཆེན་པོ་འདིའི་མཇུག་འབྲས་འདི་ཐབས་སྡུག་རེད། འཐུས་མི་ཚོས་མང་ཚོགས་ཀྱི་འགན་ཁྱེར་མ་སོང་། འགན་ཚང་མ་རྒྱལ་བ་རིན་པོ་ཆེར་ཡར་གཡོགས་སོང་། བོད་ནང་གི་མིའི་སྡུག་བསྔལ་ལ་སྙིང་རྗེ་ཡོད་པའི་འཚོར་སྣང་ཞིག་ཀྱང་བསྟེར་མ་སོང་། ཁོང་ཚོ་ཚོགས་འདུར་ཞུགས་མཁན་དང་། ཚོགས་འདུ་མགོ་ཁྲིད་མཁན་ཚང་མས་ཤིན་དུ་བརྙེད་པར་དཀའ་བའི་གོ་སྐབས་ཤིག་བརླགས་པར་བྱས་སོང་།  རྒྱལ་བ་རིན་པོ་ཆེས་དགོངས་པ་ཆེ་བཞེས་ཀྱིས་མང་ཚོགས་ཀྱིས་ཐག་གཅོད་གསུངས་སྐབས། ཡར་ཁྱེད་རང་རྒྱལ་བ་རིན་པོ་ཆེས་ཐག་གཅོད། ང་ཚོ་ཤེས་ཀྱི་མེད་ཟེར་བ་ལྟ་བུ་རེད་བཞག ད་འདི་དུས་ཚོད་འཕྲོ་བརླག་བཏང་བ་མ་ཡིན་ནམ། འཛམ་གླིང་གི་མི་ཚང་མས་ང་ཚོར་བལྟས་ནས་ཡོད་པའི་སྐབས་ལ། ཚོགས་འདུར་འགྲོ་མཁན་ཚོའི་ཁ་གདོག་འདི་རེད།”

 

“ངའི་རེ་བར་རྒྱལ་བ་རིན་པོ་ཆེ་ནས་ཚོགས་འདུ་འདི་མཇུག་སྒྲིལ་བའི་བཀའ་སློབ་གནང་དུས། ཁོང་ཚོས་ལས་གཡོལ་བྱས་པའི་སྐོར་ལ།  ད་རེས་ཚོགས་འདུར་བཅར་མཁན་ཚོར་བཀའ་སྐྱོན་དྲག་པོ་ཞིག་གཏོང་དགོས་ཀྱི་འདུག”

 

 

“ད་དུང་བོད་ནང་གི་མི་རྣམས་ཀྱི་གནས་སྟངས་ལ་ཡར་རྒྱས་གཏོང་དགོས་ཅེས་རྒྱ་ནག་ལ་གསུངས་རོགས་ཞུ་རྒྱུ་ཡིན། ད་བཙན་བྱོལ་གཞུང་དང་མི་དམངས་ལ་ཐང་ཆད་སོང་། མགོ་བདེ་པོ་དང་། ལས་ཀ་དང་འགན་ལ་གཡོལ་རྒྱུར་དགའ་པོ། ཁ་བཤད་རྒྱུ་དང་ཁེ་བཟང་ཆུང་ཆུང་ལེན་རྒྱུར་དགའ་པོ་བྱེད་མཁན་གྱི་མི་ཤ་སྟག་ཚོགས་འདུ་དེར་སླེབས་པའི་རྣམ་པ་གསལ་པོ་འདུག “

 

“སྙིང་རྗེ། རྒྱལ་བ་རིན་པོ་ཆེ་སྙིང་རྗེ་ཡག་རེད། ཁོང་ཐུགས་རྒྱ་ཆེན་པོ་དང་ཕུགས་བསམ་ཡོད་མཁན་ཞིག་རེད། དགོངས་པ་རྒྱ་ཆེན་པོ་བཞེས་ནས། ད་རེས་མང་ཚོགས་རྣམས་ཀྱིས་བསམ་འཆར་ཡག་པོ་ཞིག་དང་། རྒྱ་ཕྱོགས་ལ་ཡང་ཡ་ལན་ཡག་པོ་ཞིག་སྤྲོད་ཐུབ་པའི་རེ་བ་རྒྱབ་ནས། མང་ཚོགས་ལ། འདིར་ཤོག བསམ་འཆར་ཤོད་ཟེར་སྐབས། དེའི་ལན་ལ། ང་ཤེས་ཀྱི་མེད། ཁྱོད་འགན་མང་ཙམ་འཁུར་དགོས་ཀྱི་འདུག་ཟེར་ནས། འགྲམ་ལྕགས་ཤིག་བཞུས་ནས་ཕྱིན་པ་ལྟ་བུ་རེད། ད་རྒྱལ་བ་རིན་པོ་ཆེ་སྙིང་རྗེ་ཡག་རེད། ངོ་མ།”

 

“གོ་ཐོས་ལ་རྒྱ་རི་བློ་གྲོས་མཚོག ཚོགས་འདུ་གལ་ཆེན་པོ་དེ་འདྲའི་དུས་ལ། ཚོགས་འདུར་མ་སྡད་པར། བལ་ཡུལ་ལ་ཁོང་གི་ཕྲུ་གུ་སྤྲུལ་སྐུ་བཟོ་བར་ཕྱིན་འདུག གལ་ཏེ་འདི་བདེན་པ་ཡིན་ན། བློ་ཕམ་གྱི་ཡུལ་རེད།”

གས་ཆེན་

གསར་འགྱུར།, དཔྱད་རྩོམ།, མཚར་གཏམ།

Post navigation

Previous Post: གནམ་འོག་གི་བུ་མོ་ཆེས་ལས་ཅན།
Next Post: ༄༅།།བརྩེ་བའི་སྤུན་ཟླ་རྣམ་པ།

Comments (7) on “ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་ལ་རྒྱལ་བ་རིན་པོ་ཆེར་འགྲམ་ལྕགས་བཞུས་སོང་།”

  1. རིག་པའི་རྡོ་རྗེ། says:
    2008-11-22 at 7:41 pm

    ངས་བལྟས་ན།   ད་ཐེངས་ཚོགས་ཆེན་འདིས་ནུས་པ་ཆེན་པོ་ཐོན་འདུག་སྙམ།   ཚོགས་འདུའི་འཐུས་མི་ཚོས་འཛམ་གླིང་གི་མདུན་སར་རྒྱ་ནག་སྲིད་གཞུང་འགྲམ་ལྕྒགས་ཚ་ཐག་ཆོད་ཅིག་གཞུས་ཐུབ་ཡོད་པ་རེད།   དེ་ཚོགས་འདུའི་གྲུབ་འབྲས་རེད།    རྒྱུ་མཚན་གང་ཡིན་ཟེར་ན།   རྒྱ་ནག་སྲིད་གཞུང་གིས།    ནམ་རྒྱུན་༧གོང་ས་མཆོག་གིས་བོད་མི་མང་གི་མགྲིན་ཚབ་པ་བྱེད་མི་ཐུབ་ལ།    བོད་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་དེ་བས་ཀྱང་མེད་ཅེས་ཁྱི་ཟུག་ཟུག་བྱས་ནས་ཤོད་ཀྱིན་ཡོད་པ་རེད།     ད་ཐེངས་བོད་གཞི་བྱེས་གཉིས་ཀྱི་བོ་ངོའམ་བསམ་ཚུལ་མཚོན་ཐུབ་པའི་ཚོགས་ཆེན་འདིའི་ཐོག    བོད་མི་མང་གིས་༧གོང་ས་མཆོག་ལ་དད་དམ་འགྱུར་མེད་དང་།    བློ་གཏད་ཡིད་ཆེས་བརྟན་པོའི་ཐོག་ནས་མ་འོངས་བོད་ཀྱི་གནད་དོན་དང་དཀའ་སྡུག་ཐག་ཆོད་ཀྱི་དབང་ཆ་ཡོད་ཚད།    ༧གོང་ས་མཆོག་གི་ཕྲག་སྟེང་དུ་ཡར་བཀལ་ཏེ།   བོད་ཀྱི་བདག་དབང་ཡོངས་སུ་རྫོགས་པ་ཁོང་ལ་ཡོད་པ་གསལ་སྟོན་བྱས་ཡོད་པས།    འཛམ་གླིང་མི་མང་གི་མདུན་སར་རྒྱ་ནག་ཕམ་པ་རེད།    ད་ནས་བཟུང་རྒྱ་ནག་སྲིད་གཞུང་གིས།    ༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་དབང་ཚད་མེད་ཟེར་བ་དེར་རྫོགས་ཚིག་བཞག་པ་རེད།    དེར་བརྟེན་ངས་ད་ཐེངས་ཀྱི་དམིགས་བསལ་ཚོགས་འདུ་དེ་དོན་དང་ལྡན་པ་བྱུང་སྟེ་རྒྱལ་ཁའི་ངང་གྲོལ་འདུག་སྙམ།    འོན་ཀྱང་སྤྱིར་བཏང་མང་གཙོའི་རྒྱལ་ཁབ་ཅིག་གི་དབང་དུ་བྱས་ནས་བཤད་ན།    མི་སེར་གྱིས་མང་གཙོའི་དབང་ཚད་སྲིད་འཛིན་ནམ་དབུ་འཛིན་ལ་ཡར་ཕུལ་ཏེ།   ཐག་གཅོད་ཡོངས་རྫོགས་སྲིད་འཛིན་གཅིག་པོས་གནང་དགོས་ཞེས་བཤད་ན་ལུགས་མཐུན་ཞིག་མིན་མོད།    ང་ཚོར་རྒྱལ་ཁབ་མེད་པ་མ་ཟད།    བཙན་བྱོལ་བོད་གཞུང་ཡང་༧གོང་ས་མཆོག་གིས་མར་གནང་བའི་མང་གཙོའི་ལམ་ཆེན་ཐོག་གཞི་ནས་སྐྱོད་འགོ་བཙུགས་མ་ཐག་པ་ཞིག་ཡིན་ཞིང་།   ལྷག་པར་དུ་བོད་མི་རིགས་རིག་གཞུང་དང་བཅས་པ་ཉམས་གུད་དུ་འགྲོ་བཞིན་པའི་གནས་སྟངས་ཡ་ང་བ་འདི་ལས་སྐྱོབ་མཁན།    ༧གོང་ས་ཡིད་བཞིན་ནོར་བུ་ཁོ་ན་ལས་མེད་པ་འཛམ་གླིང་མི་མང་གིས་ཤེས་ཀྱིན་ཡོད་ལ།     རྒྱ་ནག་སྲིད་གཞུང་གིས་ཀྱང་ཤེས་ཀྱིན་ཡོད་སྟབས་དེ་ལྟར་ཤོད་ཀྱིན་ཡོད་པ་རེད།   དེ་འདྲ་ཡིན་དུས་ང་ཚོའི་དམིགས་བསལ་ཚོགས་ཆེན་གྱིས་ནུས་པ་ཐོན་པ་རེད།   གཞི་བྱེས་བོད་མི་ཡོངས་ཀྱིས་༧གོང་ས་མཆོག་ལ་ཡིད་ཆེས་ཅི་ཙམ་ཡོད་པ་དང་།    རྡོག་རྩ་གཅིག་སྒྲིལ་ཡིན་པ་གསལ་བོར་བསྟན་པ་རེད།    
    ཡང་གཅིག་བཤད་ན།   ༧གོང་ས་མཆོག་དགུང་གྲངས་བདུན་བཅུ་དོན་གསུམ་ལ་སྤེབས་ཚར་བ་རེད།   ད་དུང་སྐུ་ངལ་གསོ་བའི་གོ་སྐབས་མེད་པར་མུ་མཐུད་དུ་བོད་དོན་ཆེན་ཕྱག་ལས་གནང་དགོས་ཞེས་ཞུས་ན།   སྤྱིར་བཏང་གི་མི་ཞིག་ཡིན་ན་མི་འགྲིག་པ་ལྟ་བུ་ཞིག་ཡིན་མོད།   ༧གོང་ས་མཆོག་གིས།   དུས་རྟག་པར།   ཇི་སྲིད་ནམ་མཁའ་གནས་པ་དང་།།   འགྲོ་བའི་སྡུག་བསྔལ་གནས་ཀྱི་བར།།  དེ་སྲིད་བདག་ནི་གནས་གྱུར་ནས།   འགྲོ་བའི་སྡུག་བསྔལ་སེལ་བར་ཤོག  ཅེས་ཐུགས་སྨོན་གནང་གིན་ཡོད་དུས་བྱང་ཆུབ་སེམས་དཔས་ཐུགས་སྨོན་གནང་བ་བཞིན།    སེམས་ཅན་གྱི་དོན་སྒྲུབ་པའི་སྒོ་སྐབས་རེག་པ་རེད།    སེམས་ཅན་གྱི་སྡུག་བསྔལ་སེལ་རྒྱུ་དེ་བྱང་ཆུབ་སེམས་པའི་ཐུགས་འགན་གྱི་གཙོ་བོ་རེད།   དེར་བརྟེན་༧གོང་ས་མཆོག་ལ་སྐུ་ངལ་ཡོད་པ་སྨོས་མ་དགོས་མོད།   འོན་ཀྱང་སེམས་ཅན་གཅིག་གི་སྡུག་བསྔལ་སེལ་ཆེད་བྱང་ཆུབ་སེམས་དཔའི་དཀའ་ངལ་བརྒྱ་ཕྲག་མང་པོ་ཁུར་དུ་བཞེས་ཐུབ་ཀྱི་རེད་ལ།   བཞེས་ཀྱང་དགོས་ཀྱི་རེད་སྙམ།    

  2. བློ་གྲོས། says:
    2008-11-23 at 12:04 am

    རིག་པའི་རྡོ་རྗེས་བཤད་པར་མོས་མཐུན་ཡོད་མོད།   སྤྱིར་བཤད་ན།   འཛམ་གླིང་ཐོག་གི་དམངས་གཙོ་དང་དམངས་གཙོའི་ལུགས་སྲོལ་ཟེར་བ་དེ།   མང་ཚོགས་ཀྱིས་རྩོད་ལེན་བྱས་ནས་སྲིད་གཞུང་ལ་འགྱུར་བ་བཏང་སྟེ།   རྒྱལ་ཁབ་དེའི་ཐག་གཅོད་ལམ་ལུགས་མི་མང་གི་བསལ་ཚུལ་ལྟར་ཐག་གཅོད་བྱེད་གཞིན་ཡོད་པའི་རྒྱལ་ཁབ་ཅིག་ལ་དམངས་གཙོའི་རྒྱལ་ཁབ་ཅེས་ཟེར་གྱི་ཡོད།     འོན་ཀྱང་ཁྱེད་ཀྱིས་བཤད་པ་ལྟར་ང་ཚོ་བཙན་བྱོལ་བོད་མིའི་དམངས་གཙོ་ཟེར་བ་དེ།   ༧གོང་ས་མཆོག་གིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཁོང་གི་སྐུ་དབང་ཡོད་ཚད་མར་མི་མང་ལ་གསོལ་རས་སུ་བསྩལ་ཏེ།    ད་སྐབས་བཙན་བྱོལ་གཞུང་ལ་མཚོན་ན།   དམངས་གཙོའི་ཀ་བ་གསུམ་ཚང་བའི་དམངས་གཙོའི་གཞུང་ཞིག་ཆགས་ཡོད་མོད།   དེ་སྔོན་བཀའ་ཟུར་ལྷན་ཚོགས་སྐབས་ཀྱང་དེ་འདྲའི་ཉོབ་ཉོབ་ཞིག་བཤད།   དེ་རིང་ཚོགས་ཆེན་མཇུག་བསྒྲིལ་ཉིན་སླར་ཡང་མི་མང་གིས་དམངས་གཙོའི་ལུགས་སྲོལ་གྱི་སྒོ་ཆེན་བརྒྱབ་སྟེ།   ཡོད་ཚད་༧གོང་ས་མཆོག་གི་དབུ་ཕྲག་ཏུ་ཡར་བཞག་པ་ཡིན་ན་དེ་འོས་འཚམས་ཞིག་མ་རེད།   ༧གོང་ས་མཆོག་བྱང་ཆུབ་སེམས་དཔའ་ཡིན་མིན་ལ་རྩོད་པ་དང་དོགས་པ་མེད་མོད།    དགུང་གྲངས་འདི་ཙམ་ལ་ཕེབས་དུས་ད་དུང་ངལ་གསོ་གནང་རྒྱུའི་སྐུ་དབང་ཡང་མ་སྤྲད་པ་ཡིན་ན།   ངས་ནི་༧གོང་ས་མཆོག་ལ་ཤ་ཚ་དང་སྙིང་རྗེ་འདྲ་བོ་ཞིག་སྐྱེས་ནས་མིག་ཆུ་ཡང་ཤོར་སོང་།   གང་ལྟར་དེ་རིང་གི་ཚོགས་ཆེན་དེའི་གྲུབ་འབྲས་དེ་དོན་ངོ་མར་དོན་དང་ལྡན་པ་ཞིག་ཡིན་པའི་སྨོན་ལམ་འདེབས།   དེ་མིན་སྲིད་དོན་ཟེར་བ་དེ་ངས་ཤེས་ཀྱི་མེད།   མ་འགྲིག་པ་རེ་ཡོད་ན་དགོངས་དག

  3. བསྟན་ཞེན་ཅན་ says:
    2008-11-29 at 12:24 pm

    བསྟན་ལ་གནོད་པའི་སྐྱས་བུ་ངོ་སྤྲོད་

  4. བསྟན་ཞེན་ཅན་ says:
    2008-11-29 at 12:27 pm

    དང་པོ་ཟམ་གདོང་ནས་ད་ལོ་

  5. བསྟན་ཞེན་ཅན་ says:
    2008-11-29 at 12:59 pm

    བློ་གྲོས་ལག་ཁྱེད་ཀྱི་ དེ་མིན་སྲིད་དོན་ཟེར་བ་ངའི་ཤེས་ཀྱི་མེད་གསུང་ནས་ཤུགས་ཏུ་ཆོས་ཀྱི་ཤེས་ཡོད་འདོག་བྱས་ནས་ གོང་ས་མཆོག་ལ་སྙིང་རྗེ་སྐྱེ་གི་འདུག་གསུང་བ་ནོར་བ་འདྲ་སྙིང་རྗེའི་དམུགས་ཡུལ་ལ་
    སེམས་ཅན་དགོས་པ་མ་ཤེས་པ་ཡིན་གྱི་རེད་་སྙིང་རྗེ་མཚན་ཉིད་ཤེས་པ་གནང་རོག་

  6. བོད། ལྷ་ཀླུ་གཉན་གསུམ། says:
    2008-11-29 at 4:56 pm

    ལས་ངན་བོད་པ་ཚང་ལ་སྙིང་རྗེ་མ་གཏོགས། རྒྱལ་བ་རིན་པོ་ཆེ་ལ་སྙིང་རྗེ་སྐྱེས་དགོས་པ་མ་རེད། བྱམས་དང་སྙིང་རྗེའི་བདག་པོ་ཞིག་གིས་ཁྲེལ་གཞུང་མེད་པ་དང་ལ་རྒྱ་མི་སྲུང་བས་བོད་མི་རིགས་ལས་ངན་འདི་བ་ཚང་གཡང་ས་ནས་སྐྱོབས་ཐུབ་ན་སྙམ་ནས་བཞུགས་དེ་ཉིན་མཚན་དབྱེར་མེད་དུ་མགོ་སེར་དེ་དག་གི་སྔུན་ནས་སོར་བཅུ་སྙིང་གར་སྤྱར་ནས་སྐུ་ངལ་ལ་མ་འཛེམ་པ་འདི་ཤེས་ན་དངོས་ནས་བོད་པ་ལས་ངན་ཚང་གི་ཁ་རྒྱག་པ་དང་ལྟོ་རྒྱག་པ་དེ་ཚོ་སྙིང་རེ་རྗེ། ཁོང་གིས་ལས་མཚམས་བཞག་ན་ད་ཚར་བ་རེད། མི་དམངས་དཀྱིས་མ་དེ་དག་གི་མགོན་སྐྱབས་བོར་བ་མ་གཏོགས། སྐབས་འཚོལ་བ་དེ་དག་གིས་སྔ་ས་ནས་རང་རང་གི་ཉལ་ས་དང་བསྡོད་ས་གྲ་སྒྲིག་བྱས་ཚར་ཡོད་པ་རེད།

  7. འཛེར་མ་ར་མགོ། says:
    2009-06-25 at 2:23 pm

    རིག་པའི་རྡོ་རྗེ་ལགས་ཀྱི་གསུང་ལ་རྒྱབ་སྐྱོར་ཡོད། ང་ཚོས་མི་གཞན་ལ་སྐྱོན་འཛུགས་བྱེད་རྒྱུ་གལ་ཆེན་མི་གནང་བར་དང་པོ་རང་གིས་རང་ལ་ཞིབ་འཇུག་གིས་རང་ངོས་ནས་༸གོང་ས་མཆོག་དང་བོད་མི་དམངས་ལ་ཕན་པའི་ཞབས་ཕྱི་ག་རེ་ཞུས་དང་ཞུ་བཞིན་ཡོད་མེད་ལ་བརྟགས་ཞིབ་ནན་པོ་གནང་དགོས་པ་ཧ་ཅང་གལ་ཆེན་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme