Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ།

Posted on 2017-01-022017-01-02 By ཁ་བརྡ་ 9 Comments on དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ།

གནས་ཚུལ་གཏོང་མཁན། ཨ་བཙན་པོ།

 
ཕྱི་ལོ་༢༠༡༧ ཟླ་༡ ཚེས་༡ དང་ ༢ གཉིས་ལ་གནས་མཆོག་རྡོ་རྗེ་གདན་དུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་བརྒྱད་པ་སྐོང་འཚོགས་གནང་ཡོད། དེ་ཡང་ཚོགས་ཆེན་སྟེང་དུ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། ལྷན་ཚོགས་ཀྱི་འགན་འཛིན་ཨ་ཁུ་ཀུན་དགའ་མཆོག དེ་བཞིན་དུ་དགོན་སྡེ་སོ་སོའི་མཁན་པོ་དང་ལས་སྣེ་སོགས་དང་། དེ་བཞིན་དུ་རྒྱ་བལ་འབྲུག་གསུམ་དང་། ཨ་རི། སུད་སུ། སྦེལ་ལྗམ། སི་ལོ་བ་ཁའི་ཡ། ར་ཤིས་ཡ། སོག་པོ། ཐེ་ཝན་བཅས་ཀྱི་ས་གནས་རྒྱུན་ལས། བོད་ནང་གི་སྐུ་ཚབ་བཅས་ཁྱོན་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་འཐུས་ཚབ་མི་གྲངས་ ༡༠༠ ལྷག་ཅིག་ལྷན་འཛོམས་བྱུང་འདུག

unnamed-4ཚོགས་ཆེན་སྟེང་ཇོ་ནང་པ་སྤྱིའི་གནས་བབ་སྐོར་དང་། ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཐོབ་ཆེད་དུ་ཞི་འབོད་ལས་འགུལ་སྤེལ་ཕྱོགས། ཇོ་ནང་པར་ཆོས་བརྒྱུད་ཐོབ་ཐང་མེད་པའི་དཀའ་ངལ་གང་དག་འཕྲད་བཞིན་ཡོད་མེད་བཅས་ཀྱི་གྲོས་གཞིའི་སྟེང་ལ་ཉིན་གཉིས་ཀྱི་རིང་ལ་གྲོས་བསྡུར་བརྒྱུད་གྲོས་ཆོད་བཅུ་གཅིག་སྤྱི་མོས་དང་མང་མོས་ཀྱི་གཏན་འབེབས་བྱས།

ཚོགས་ཆེན་མཇུག་སྡོམ་མཛད་སྒོར་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་ཆེད་ཕེབས་ཀྱིས་ཇོ་ནང་པའི་སྐོར་དང་འབྲེལ་བའི་གསུང་བཤད་གནང་སྐབས། ཆོས་ཚོགས་ཆེ་བ་འཚོགས་སྐབས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཞེས་མིང་བྱང་དེ་ཡིན་པས། ཇོ་ནང་པ་ཚུད་ཀྱི་མེད་པའི་མཚོན་གནས་ཚུལ་ཁ་ཤས་སྟེང་དཀའ་ངལ་འཕྲད་བཞིན་པ་ཤེས་རྟོགས་ཡོད་ཚུལ་དང་། unnamed-7དེ་ལ་འདས་པའི་ཆོས་ཚོགས་ཁག་གི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་གྱིས་ཐབས་ལམ་འཚོལ་ཐབས་ཡོད་ཚུལ་དང་། དེ་མིན་ཆོས་རིག་ལས་ཁུངས་ནས་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་སྐོར་ལ་ཐུགས་བསམ་བཞེས་བཞིན་ཡོད་སྐོར། ཇོ་ནང་ཐོབ་ཐང་སྐོར་ལ་ལས་འགུལ་སྤེལ་སྐབས་མང་གཙོའི་སྤྱི་ཚོགས་ནང་ཐོབ་ཐང་གི་ལས་འགུལ་སྤེལ་དགོས་ཀྱི་ཡོད་ནའང་། ཕུགས་ལ་མ་གནོད་པ་དང་འདྲོག་མ་སླང་པ་ཞིག་དགོས་སྐོར་དང་། ཐབས་མཁས་པོའི་ཐོག་ནས་ལས་འགུལ་བྱེད་དགོས་སྐོར་བཅས་ཀྱི་བཀའ་སློབ་ཟབ་རྒྱས་གནང་རྗེས་ཚོགས་འདུ་གྲོལ་ཡོད་འདུག

 

༄༅། །དཔལ་རྒྱལ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་གཞི་གྲོས་ཆོད།

ཚོགས་ཡུལ། གནས་མཆོག་རྡོ་རྗེ་གདན། ཚོགས་དུས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡ དང་ ༢ ལ།

གྲོས་གཞི་དང་པོ། ཇོ་ནང་སྤྱིའི་གནས་བབས་ཀྱི་སྐོར།

གྲོས་ཆོད།
༡༽ དཔལ་ལྡན་རྒྱལ་བ་ཇོ་ནང་པའི་བསྟན་པ་ཡུན་གནས་ཆེད་ཇོ་ནང་དགོན་སྡེ་ཁག་དང་ཆོས་ཚོགས་ཁག་གི་མཁན་བླ་སྤྲུལ་སོགས་དབུར་བཞུགས་པ་དག་གིས་གཙོས་ཇོ་ནང་པ་ཡོངས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གྱིས་དཔལ་རྒྱལ་བ་ཇོ་ནང་པའི་མདོ་སྔགས་ཀྱི་བསྟན་པ་ཡོངས་རྫོགས་ “མ་དར་བ་རྣམས་སུ་དར་བྱེད་ཅིང་། དར་བ་རྣམས་དག་ཅིང་འཕེལ་བ་དང་ཉམས་པ་རྣམས་གསོ་ནུས་པར་གྱུར་ཅིག་” ཞེས་གསུང་བ་ལྟར་ལགས་ལེན་ལ་ཁེལ་བར་འབད་བརྩོན་ཞུ་དགོས།

༢༽ རིགས་གཅིག་རྐང་འཛིན་གྱི་མཚོན་པའི་ཇོ་ནང་དང་འབྲེལ་བའི་ས་མིག་ཁག་ཏུ་ཇོ་ནང་དགོན་སྡེ་ཁག་ཐུན་མོང་གྲོས་བསྡུར་གྱིས་ཆད་མེད་ཉམས་ཞུགས་གནང་ཐབས་བྱེད་དགོས།

 
གྲོས་གཞི་གཉིས་པ། ཇོ་ནང་ཆོས་བརྒྱུད་ཐོབ་ཐང་དང་འབྲེལ་བའི་སྐོར།

གྲོས་ཆོད།
༡༽ ༸གོང་ས་རྒྱལ་བའི་དབང་པོ་མཆོག་གིས་གཙོས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཛིན་བླ་ཆེན་རྣམ་པས་ཇོ་ནང་པར་རྒྱབ་གཉེར་གནང་བའི་བཀའ་སློབ་དང་བཀའ་ཡིག་སོགས་རྒྱ་ཆེའི་མི་མང་ཁྲོད་ཤེས་རྟོགས་ཡོངས་ཐབས་བྱ་རྒྱུ།

༢༽ རྒྱལ་སྤྱི་རང་བཞིན་ཅན་གྱི་ཇོ་ནང་དྲ་ཚིགས་ཅིག་གསར་བཟོ་དང་འབྲེལ་ཇོ་ནང་པའི་གཞུང་ལུགས་ཁག་དང་། ལོ་རྒྱུས་དང་ཆོས་འབྱུང་སོགས་དྲ་ཐོག་ཏུ་འགོད་ཐུབ་པ་བྱ་དགོས།

༣༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་གཅིག་པུ་རྩོད་བཞིན་ཡོད་པའི་གླེང་ཕྱོགས་ཤིག་ཁྱབ་བཞིན་ཡོད་པ་དེར། ཇོ་ནང་ཆོས་བརྒྱུད་གྱི་དགོན་སྡེ་ཁག་དང་། འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་གཙོས་ཇོ་ནང་པ་ཡོངས་ཀྱིས་ཇོ་ནང་པ་སྤྱིའི་ལངས་ཕྱོགས་གང་ཡིན་གསལ་བཤད་ཞུ་དགོས། ཇོ་ནང་པ་སྤྱིའི་ལངས་ཕྱོགས་ནི་བཙན་བྱོལ་བོད་མིའི་གཞུང་འབྲེལ་ཡིག་ཆ་ཁག་ཏུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པ་ཞེས་པ་ལ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་བཅས་པ་ཞེས་པར་བསྐྱར་བཅོས་ཀྱི་མཚོན་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དགོངས་དོན་གཞིར་བཟུང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་ཞེས་པ་འདི་ཡིན།

༤༽ དོན་ཚན་གསུམ་པར་བཀོད་པའི་རེ་འདོད་འདི་མ་འགྲུབ་བར་དུ་གཞིས་བྱེས་ཇོ་ནང་ཆོས་བརྒྱུད་འཛིན་པ་ཡོངས་ཀྱི་ངོས་ནས་རང་གཞུང་ལ་ཞུ་འབོད་ལས་འགུལ་མུ་མཐུད་སྤེལ་རྒྱུ།

 
གྲོས་གཞི་གསུམ་པ། ཇོ་ནང་པར་ཆོས་བརྒྱུད་ཐོབ་ཐང་མེད་པའི་དཀའ་ངལ་སྐོར།

གྲོས་ཆོད།
༡༽ ཕྱི་ལོ་ ༢༠༡༥ ནས་བཟུང་རིས་མེད་བགྲོ་གླེང་སོགས་ཀྱི་སྐབས་སུ་ཇོ་ནང་པར་དམིགས་བསལ་གྱི་ས་མིག་ཙམ་རེ་ཡོད་མོད། ཇོ་ནང་ཆོས་བརྒྱུད་ཀྱི་རང་ལུགས་བཤད་སའི་ས་མིག་མེད་པའི་དཀའ་ངལ།

༢༽ ཕྱི་ལོ་ ༢༠༡༥ ལོའི་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྐབས་སུ་ཇོ་ནང་པར་དགོན་པ་གཅིག་གི་འཐུས་ཚབ་ལྟ་བུ་ཞིག་གི་གོ་སྐབས་སྤྲད་མོད། ཚོགས་འདུའི་ཁ་བྱང་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་ཞེས་པ་ལས་ཇོ་ནང་པ་གྲལ་དུ་བཞག་མེད་ལ་གྲོས་ཆོད་འཇོག་སྐབས་སུ་ཡང་དེ་དང་གཅིག་མཚུངས་བྱས་ཡོད། ལྷག་པར་དུ་ཆོས་བརྒྱུད་སོ་སོའི་དབུ་ཁྲིད་ཁག་གྲལ་མགོར་བཞུགས་གནས་གྲ་རྒྱས་གོ་སྒྲིག་བྱས་ཡོད་མོད། ཇོ་ནང་པའི་སྐུ་ཚབ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་ཚོགས་མི་ཡོངས་ཀྱི་མཇུག་ཏུ་བཞུགས་གནས་གོ་སྒྲིག་བྱས་ཏེ་ཇོ་ནང་ཆོས་བརྒྱུད་ལ་མཐོང་ཆུང་བྱས་པ།

༣༽ བལ་ཡུལ་ནང་བལ་ཡུལ་ནང་པའི་ཚོགས་པ་ཞེས་བལ་ཡུལ་གཞུང་འབྲེལ་ངོས་ལེན་ཡོད་པའི་ཚོགས་པ་དེ་ནང་བསྟན་ཆོས་བརྒྱུད་རྙིང་མ་དང་། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་པོ། གཞན་ཁག་ཅིག་བཅས་ལས་གྲུབ་པའི་ཚོགས་པ་ཞིག་ཡིན་ལ། བལ་ཡུལ་དུ་ཡོད་པའི་ཆོས་བརྒྱུད་སོ་སོའི་དགོན་སྡེ་ཁག་ཚོགས་པ་དེའི་ཁོངས་སུ་གཏོགས་པ་ཞིག་ཡིན། འོན་ཀྱང་བལ་ཡུལ་དུ་ཡོད་པའི་ཇོ་ནང་དགོན་སྡེ་ཁག་ཚོགས་པ་དེར་མཉམ་ཞུགས་བྱེད་ཐུབ་མེད། རྒྱུན་མཚན་ཇོ་ནང་པར་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ནས་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པའི་ཡིན་ཚུལ་ཚོགས་པ་དེའི་རྒྱུན་ལས་ནས་གསལ་བཤད་བྱུང་།

༤༽ ཉེ་ཆར་བལ་ཡུལ་མཆོད་རྟེན་ཆེན་མོ་ཉམས་གསོ་ལེགས་འགྲུབ་ཀྱིས་རབ་གནས་མཛད་སྒོའི་སྐབས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཛིན་དང་དགོན་སྡེ་སོ་སོའི་རབ་གནས་གྲ་རྒྱས་ཞུས་ཀྱང་། རབ་གནས་བྱེད་སར་ཇོ་ནང་པའི་དགོན་སྡེ་ཁག་མཉམ་ཞུགས་བྱེད་བཅུག་མེད། འདི་ཡང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པས་བྱུང་བ་ཞིག་ཡིན།

༥༽ ཆོས་རིགས་ལས་ཁུངས་ནས་གོ་སྒྲིག་འོག་བོད་ཀྱི་ཆོས་བརྒྱུད་ཁག་ནས་རིག་གཅིག་རྐང་འཛིན་གྱི་ལས་འཆར་ཞིག་འགྲོ་བཞིན་ཡོད་པ་དེར་ཇོ་ནང་པར་ཡང་ས་མིག་སྤྲད་པ་ལྟར་མཉམ་ཞུགས་བྱས་ཡོད་མོད། འོན་ཀྱང་རྒྱུག་ཞིབ་ལྷན་ཚོགས་སུ་ཇོ་ནང་པའི་རིགས་གཅིག་རྐང་འཛིན་པ་དག་གི་ཆེད་རྩོམ་ལ་རྟོག་ཞིབ་བྱེད་མཁན་མེད་པའི་དཀའ་ངལ་བྱུང་ཡོད། དེ་ཡང་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པའི་རྐྱེན་གྱིས་བྱུང་བ་ཞིག་ཡིན།

གོང་ཞུས་འདི་དག་ཇོ་ནང་ཆོས་བརྒྱུད་ལ་ཐོབ་ཐང་མེད་པའི་རྐྱེན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་དཀའ་ངལ་འཕྲད་བཞིན་པའི་དཔེ་མཚོན་ཙམ་བཀོད་པ་ཡིན། ཞེས་དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པའི་སྟེང་གཏན་འབེབས་བྱས།

ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ལ།

ངོ་སྤྲོད།

Post navigation

Previous Post: ༼བོད་ཀྱི་དུས་བབ་༽གླེང་ན་དགའ་བསུ་ཡོད། དུས་བབ་ཀྱི་ཡིག་ནོར་གླེང་ན་དགའ་བསུ་མེད
Next Post: གཞས་གསར། རྩེད་མོ་ཡིན་ཡ།

Comments (9) on “དཔལ་རྒྱལ་བ་ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་བརྒྱད་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2017-01-03 at 4:43 am

    ་་་་་་་་་ རབ་གནས་བྱེད་སར་ཇོ་ནང་པའི་དགོན་སྡེ་ཁག་མཉམ་ཞུགས་བྱེད་བཅུག་མེད། འདི་ཡང་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མེད་པས་བྱུང་བ་ཞིག་ཡིན། ་་་་་་་་་་་

  2. ཀརྡོ་རབ་འབྱམས་པ་ says:
    2017-01-03 at 5:09 am

    ད་ནས་ས་སྐྱ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་ཞིག་ཁ་ལ་འཇགས་དགོས་འདུག

  3. རླུང་ཐོག། says:
    2017-01-03 at 9:03 am

    ཆོས་རྒྱུད་སྤྱི་ལ་ཐུབ་ཆ་གང་ཡོད་པ་དག་ཇོ་ནང་པ་ལ་ཡང་དགོས་དང་དགོས། དེའི་མ་ཚད་བོད་ཀྱི་ཁ་ཆེ་བ་དང་ཡེ་ཤུ་བའི་ཆོས་རྒྱུད་ལ་ཡང་ཐུབ་འདྲ་མཚུངས་དགོས་ཀྱི་རེད། དེ་མིན་དགེ་ལུགས་པ་དང་ཇོ་ནང་པའི་སྔོན་གྱི་ཞེ་འཁོན་ཁོག་ཏུ་བཟུང་ནས་ས་སྐྱ་པ་བེད་སྤྱོད་གཏོང་ན་དེ་ཡག་པོ་རྩ་བ་ནས་མ་རེད།

  4. ཨ་དཀར་པོ་ says:
    2017-01-03 at 10:59 am

    ལགས་རེད་དངོས་གནས་ཇོ་ནང་པར་ཐོབ་ཐང་དགོས་དང་དགོས་མ་ཟད་༧་གོང་ས་མཆོག་གི་ཡང་ནས་ཡང་དུ་ཆོས་ལུགས་རིག་མེད། མི་རིགས་འདྲ་མཉམ་ཟེར་ནས་བཀའ་སློབ་སྟོང་དང་ཁྲི་མ་གསུང་ན་བརྒྱ་གསུངས་ཡོད་པ་ཏན་ཏན་རེད། ཡིན་ན་ཡང་ཇོ་ནང་པའི་་ཁོང་དང་ལོ་རྒྱུད་ལ་བལྟས་ན་དེ་འདྲ་དེ་འདྲ་ཞིག་རེད་དོ།།

  5. ཤར་ཁའི་གཅོད་སྨྱོན། says:
    2017-01-03 at 5:45 pm

    དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཐོབ་ཐང་རྩོད་ཀྱི་ཡོད་པ་དེ་ལས་སླ་བོ་ཞིག་རེད་ལགས། ད་ཕྱིན་ཆད་བཀའ་རྙིང་ས་དགེ་ཇོ་ནང་དང་བོན་དང་བཅས་དྲུག་པོ་དེ་བརྗོད་དགོས་པ་དང་། འཚོགས་འདུ་ལ་འགྲོ་བའི་ཐོབ་ཐང་དང་སྤྱི་འཐུས་ས་མིག་སོགས་མདོར་ན་གྲུབ་མཐའ་གཞན་ལ་ག་རེ་གི་ཐོབ་ཐང་ཡོད་ན་དེ་ངེས་པར་དུ་དཔལ་ལྡན་རྒྱལ་བ་ཇོ་ནང་པ་ལ་ངེས་པར་ཡོད་དགོས་པ་དང་སྤྲོད་རོགས་ཞུ་ཟེར་ནས་རེ་བསྐུལ་ཞུ་གི་ཡོད་ལགས།། ཆོལ་ཁ་གསུམ་ག་རྡོག་རྩ་གཅིག་བསྒྲིལ་དང་ཆོས་ལུགས་དྲུག་པོ་ཡང་མཉམ་གནས་ཐུབ་ན་དེ་གངས་ཅན་བོད་ཀྱི་གཟི་བརྗིད་ཅིག་རེད་བསམ་གི་ཡོད་ལགས།།

  6. ཟུར་གནས་ says:
    2017-01-03 at 10:58 pm

    ཇོ་ནང་གི་གཞན་སྟོང་དེ་རྒྱ་གར་ནང་ལ་མིན་འདུག དེ་བོད་རང་གི་བཟོས་པ་ཞིག་རེད་ཅེས་རྙིང་མའི་བླ་མ་ཞིག་གི་གསུང་ཆོས་ལས་ཐོས། དེ་ལྟར་ཡིན་ན། གཞན་སྟོང་དེ་ནང་པའི་ལྟ་གྲུབ་གང་གི་ནང་ལ་འཇོག་དགོས་སམ། དེ་དྲི་བ་ཞིག་ལས་གཞན་དམིགས་ཡུལ་མེད།

    དཔེར་ན། གཞན་སྟོང་ལ་རྒྱ་གར་གྱི་ལེགས་སྦྱར་སྐད་ལ་ཇི་ལྟར་འབྲི། བཀའ་འགྱུར་དང་བསྟན་འགྱུར་ནང་ལ་གཞན་སྟོང་ཐ་སྙད་བཀོལ་བ་ཡོད་དམ།

  7. ནུབ་ཕྱོགས་གངས་ཕྲུག says:
    2017-01-03 at 11:12 pm

    གཞན་སྟོང་དང་རང་སྟོང་གི་ཐ་སྙད་གཉི་ག་རྒྱ་གར་ལ་མེད། གཞན་སྟོང་གི་ཁུངས་དེ་འཁོར་ལོ་མཐའ་མ་ལ་གཏུག་གི་ཡོད་པ་འདྲ།

  8. ཨ་འབར་འཇིགས་དབང། says:
    2017-01-08 at 9:14 pm

    ༅༅། ཇོ་ནང་ཆོས་རྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ལྔ་ཡི་ཁོངས་སུ་ཚུད་ཀྱི་ཡོད་དང་མེད།
    གོང་གསལ་ལྔ་ཡི་ཁོངས་སུ་ཚུད་ཀྱི་མེད་ན་་་ཇོ་ནང་གི་སྟོན་པ་སུ་རེད།
    འདིའི་སྐོར་ལ་སྔ་ཕྱི་ཐེངས་མང་བྲིས་པ་ཡིན་ཡང་སུ་གཅིག་གི་ལན་གསལ་པོ་གནང་མ་བྱུང།
    འདིའི་སྐོར་ལ་མཁྱེན་མཁན་ཡོད་ན་འབྲི་རོགས་གནང་དེ་མིན་སྟོང་བཤད་མ་ཤོད།

  9. བདེན་པའི་ཕོོ་ཉ་། says:
    2017-01-08 at 11:24 pm

    སྟོན་པ་གཅིག་ཡིན་ན་ཆོས་རྒྱུད་གཅིག་ཡིན་པས་མ་ཁྱབ་
    ས་དགེ་བཀའ་རྙིང་ཆོས་ཅན་
    དཔལ་ཇོ་ནང་ལ་ཆོས་རྒྱུད་ཐོབ་ཐང་ཕུལ་དགོས་པ་དངོས་བདེན་རེད་
    འོན་ཀྱང་དེ་རྗེས་བོད་པའི་ཁ་ཆེ་དང་ཡི་ཤུའི་སོགས་དང་
    ཡང་ཆོས་རྒྱུད་ནང་སོ་སོར་ཡང་གྲུབ་ལྟ་མི་འདྲ་བ་མང་པོ་ཡོད་པས་ན་
    ཐུགས་བསམ་རྒྱ་ཆེར་བཞེས་དགོས་པར་མཐོང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme