Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུས་དབང་ཆོས་ཞུ་བས་དོ་སྣང་དང་ཡིད་གཟབ་སྐོར།

Posted on 2016-12-182016-12-18 By ཁ་བརྡ་ 10 Comments on དུས་དབང་ཆོས་ཞུ་བས་དོ་སྣང་དང་ཡིད་གཟབ་སྐོར།

གློག་བརྙན་།

Post navigation

Previous Post: གྲོགས་པོ་ཚོར་ནང་གཏམ་གྱི་ཚུལ་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།
Next Post: དྷ་སའི་ཚོགས་པ་བདུན་གྱིས་མཚན་སྨོད་ཞུ་མཁན་ཐེར་འདོན་བྱེད་རྒྱུ།

Comments (10) on “དུས་དབང་ཆོས་ཞུ་བས་དོ་སྣང་དང་ཡིད་གཟབ་སྐོར།”

  1. རྟ་བདུན་དབང་བོ says:
    2016-12-18 at 11:43 pm

    དུས་འཁོར་དབང་ཆེན་ཐོབ་ན་དམ་ཚིག་སྲུང་མ་དགོས་པའི་དམིགས་གསལ་ཞིག་ཡོད་དམ། གལ་ཏེ་དམིགས་གསལ་མེད་པར་དམ་ཚིག་སྲུང་དགོས་ཀྱི་ཡོད་ན། མང་ཆེ་བས་དམ་ཚིག་སྲུང་རྒྱུ་ཕར་ཞོག་གྲངས་ཀ་ཙམ་ཡང་རྩིས་ཤེས་ཀྱི་མེད་པ་གསལ་པོ་རེད། དེས་ན་དུས་འཁོར་དབང་ཆེན་ཐོབ་ན་ཁེ་ཉེན་ཅི་ཞིག་ཡོད་དམ། །

  2. ཀརྡོ་རབ་འབྱམས་པ་ says:
    2016-12-19 at 12:03 am

    དཔལ་དུས་ཀྱི་དུས་འཁོར་ལ་དད་པ་ཙམ་གྱིས་གསང་སྔགས་བླ་མེད་ལ་མོས་པ་ཐོབ་པ་རེད། དུས་འཁོར་ནི་ཇོ་ནང་ནས་བརྒྱུད་པའི་གསང་སྔགས་ཤིག་ཡིན་ན་ཡང་། ༸གོང་ས་མཆོག་གིས་དུས་དབང་ནི་༸སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ནས་བརྒྱུད་པ་དང་། དམ་ཚིག་ནི། གསང་སྔགས་སྤྱི་ཡི་དམ་ཚིག་བསྲུང་ཐུབ་ན་འགྲིགས་ཤིང་། དུས་འཁོར་ནི་ཕ་རྒྱུད་དང་། མ་རྒྱུད་མ་ཡིན་པར། གཉིས་མེད་ཀྱི་རྒྱུད་དུ་གཏོགས་པ་དང་། ཐུན་མོང་མ་ཡིན་པའི་ཆོས་སྐད་ལ་སྟོང་གཟུགས་ཞེས་པ་ཞིག་ཡོད་རེད།
    མདོར་བསྡུས་ནས་བཤད་ན། ཆོས་ཞུ་བ་རང་ཉིད་མ་འཆི་བར་༸གོང་མཆོག་ལ་དད་པ་དང་མོས་པ་མུ་མཐུད་ནས་ཉར་ཐུབ་ན། ༸གོང་ས་མཆོག་གགི་དྲུང་ནས་དུས་འཁོར་ཐོབ་པ་ནི། དགེ་མཚན་འབའ་ཞིག་ལས། གྱོང་རྩ་བ་ནས་འོངས་མི་སྲིད་པས། ང་ཡང་ད་ལོ་རྡོ་གདན་དུ་བཅར་རྒྱུ་ཡིན་པས། དྲ་གྲོགས་རྟ་བདུན་དབང་པོའི་འོད་ཟེར་ཡང་དེར་འཆར་ན་དགེ་མཚན་ཆེའོ།།

  3. རྟ་བདུན་དབང་བོ says:
    2016-12-19 at 12:39 am

    ཕྲན་ལ་༧ གོང་ས་མཆོག་གི་དྲུང་ནས་དུས་འཁོར་དབང་ཆེན་ཐེངས་གཅིག་ཐོབ་པའི་སྐལ་བ་བྱུང་། ད་རེས་རྡོ་གདན་དུ་འགྲོ་རྒྱུའི་སྟ་གོན་གང་ཡང་མེད། དུས་འཁོར་དབང་ཆེན་འདི་རྗེ་ཙོང་ཁ་པའི་སྐབས་སམ་ཡར་སྔོན་དུ་བོད་རྒྱ་གཉིས་ན་ཁྲོམ་དབང་བྱེད་རྒྱུ་ལུགས་སྲོལ་ཡོད་ས་མ་རེད། དུས་ཕྱིས་སུ་དར་བ་ཞིག་ལགས་པར་སྣང། འོན་ཀྱང་བླ་མ་སུ་ཡིས་རིང་ལ་ཁྲོམ་དབང་བྱེད་འགོ་བརྩམས་པར་མ་ངེས། ཕལ་ཆེར་པན་ཆེན་རིན་པོ་ཆེའི་སྐུ་འཕྲེང་ཞིག་ཨེ་ཡིན་སྙམ་མོ། ཤེས་མཁན་རེ་ཡོད་ན་གསུང་རོགས་ཞུ། །

  4. ཀརྡོ་རབ་འབྱམས་པ་ says:
    2016-12-19 at 2:14 am

    བོད་ནང་སྔར་དུས་སུ། སྤྱན་རས་གཟིགས་སྤྲུལ་ཡིད་བཞིན་ནོར་བུ་ལས། ལྷག་པ་འོད་དཔག་མེད་སྤྲུལ་པཎ་ཆེན་ཐམས་ཅད་མཁྱེན་པས། དུས་དབང་གནང་བ་མང་བ་ཡོད་པ་འདྲ། འོནད་ཀྱང་པཎ་ཆེན་བཅུ་པས་དམར་ལུགས་པའི་་རྒྱ་འབྲེལ་ཤུགས་ཆེ་དྲགས་པ་དང་། རང་གི་སོ་ཐར་སྡོམ་པ་ཡང་ཁུངས་མ་འཁྱོལ་ཙང་། སྐུ་ཚེ་རིང་པོ་བཞུགས་མ་ཐུབ་པ་དང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་དེ་ཙམ་རྒྱས་མ་ཐུབ་ནས་ལན་པའང་ཡིན་སྲིད།
    ེྟརྟ་བདུན་དབང་པོས། དུས་དབང་ཁྲོམ་གྲགས་ལྟ་བུར་གསུངས་འདུག་ཀྱང་། སྤྱིར་སྔགས་བླ་མེད་ཚང་མ་སྦས་ནས་དབང་ལུང་འཁྲིད་གསུམ་གནང་བ་དང་། དེ་གད་ཉམས་སུ་བླངས་དགོས་པ་ལ་རྩོད་པ་མེད་ཀྱང་།
    འདིར་དུས་དབང་ནི། སྟོན་པ་རང་ཉིད་ཞལ་བཞུགས་དུས་སུ། ཤམ་བྷ་ལའི་རྒྱལ་ཕྲན་གྱི་རྒྱལ་བློན་བཙུན་འཁོར་ཡོངས་རྫོགས་ལ་ཁྲོམ་དབང་ལྟ་བུར་གསུངས་པ་ལ་བརྟེན་ནས། དུས་དབང་ལ་ག་ཚོད་ཀྱི་འདུས་འཚོགས་ཆེ་བ་དེ་ཙམ་གྱིས། ཛམ་གླིང་ཞི་བདེ་དང་ཕན་ཡོན་ཆེ་བ་ཡིན་པ་ཡང་སྔགས་འདི་ཡི་ཐུན་མོང་མ་ཡིན་པའི་ཟབ་ཁྱད་དུ་ངོས་འཛིན་བཞིན་འདུག

  5. བརྩེ༌བ༌ཚེ༌རིང༌། says:
    2016-12-19 at 5:04 am

    དེ༌ག༌རེ༌ཡིན༌ནམ།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-19 at 6:33 am

    དཔལ་ལྡན་འཕྲོད་སྟེན་བཀའ་བློན་མཆོག་ནས་དུས་དབང་
    སྒྲ་སྒྲིག་སྐོར་བཀའ་སློབ་ལམ་སྟོན་གསལ་པོ་གནང་སོང་ཐུགས་རྗེ་ཆེ་བཀྲིན་ཆེ་གལ་ཆེ་ཤོས་དེ་གོང་ས་མཆོག་གི་སྐུའི་སྲུང་སྐྱོབས་ཡིན་ན་འབྲེལ་ཡོད་གནས་ཡུལ་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣ་དང་དབུས་བོད་མིའི་སྒྲིགས་བདེ་སྲུང་ལྷན་ཁང་མཐུ་མོང་ཐོག་འགན་བཞེས་དགོས་པ་མ་ཟད་དུས་དབང་སྐབས་ཆོས་ཞུ་མང་ཚོགས་ཀྱི་བདེ་འཇགས་ཆེད་ཌེ་ཌུན་དངས་སློབ་ནས་བརྒྱ་ཤོག་གཉིས་ཙམ་དུས་དབང་རིང་བདེ་འཇགས་ཆེད་གཏོང་དགོས་པའི་འབྲེལ་ཡོད་འགན་འཁུར་མི་སྣ་ལ་ཞུ་དགོས་སོགས་གལ་ཆེན་མཐོང་གི་འདུག་།

  7. ཀརྡོ་རབ་འབྱམས་པ་ says:
    2016-12-19 at 7:47 am

    ་་་་་་་་་་ གལ་ཆེ་ཤོས་དེ་གོང་ས་མཆོག་གི་སྐུའི་སྲུང་སྐྱོབས་ཡིན་་་་་་་་་་་

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-19 at 10:02 am

    བོད་མིའི་བསོད་ནམས་རྒྱལ་བའི་སྐུ་ཚེ་རག་།
    འགོ་མང་ཀུན་གྱིས་ལས་འགན་ཆེ་བཞེས་ཐོག་།
    དུས་དབང་སྐབས་ལ་གང་སར་དོ་སྣང་དགོས་།
    དོགས་གཞིའི་རིགས་ལ་ལམ་སེང་གོང་ཞུ་དགོས་།

  9. ཁ་ཞེ་གཉིས་མེད་ says:
    2016-12-24 at 7:38 pm

    ༧རྒྱལ་བའི་སྐུ་ཚེ་བརྟན་པ་དང་ཐུགས་བཞེད་ལྷུན་གྱིས་འགྲུབ་པར་བཀའ་སྤྱི་གཉིས་གཙོར་གྱུར་སྲི་ཞུའི་ལས་བྱེད་རྣམས་ནས་རྒྱབ་མདུན་ངོ་ལྐོག་མེད་པར་རང་འཁྲིའི་ཕྱག་ལས་ཧུར་ཐག་གནང་དགོས། ཚོགས་སྐྱིད་ཁག་ཕན་ཚུན་ཐུགས་མཐུན་དམ་གཙང་དང་སྤྱི་ལས་རྣམས་འཕྱར་གྲུ་མཉམ་འདེག་གནང་དགོས། ༧རྒྱལ་མཆོག་ཕྱག་ན་པད་མོར་དད་པ་དང་ཡིད་ཆེས་ཡོད་པའི་བོད་འབངས་རྣམས་ནས་བཀའ་དགོངས་གཞིར་བཟུང་ཤར་བསྐྱོད་གནང་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡང་དེས་ཡོང་ངེས།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-24 at 10:25 pm

    དད་དམ་གཙང་མའི་མཆོད་པ་རྒྱལ་བ་དགྱེས་།
    དད་ཚིག་སྲུང་ན་ཆོས་ཀྱི་སྦྱིན་རླབས་ཐོབ་།
    དད་ཚིག་ཀུན་གྱི་རྩ་བ་ཡིད་ཆེས་བརྟན་།
    དད་དམ་གཡོ་མེད་དུས་དབང་ཞུ་ལ་བརྩོན་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme