Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད།

Posted on 2016-12-142016-12-14 By ཁ་བརྡ 3 Comments on ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད།

ཁྲོ་གཏུམ།

 

ཕ་ཡུལ་ལ་དབྱར་ཁ་བྱུང་མ་མྱོང་བའི་དུས་དེ་ནས
ཕ་ཡུལ་ནི་རླུང་ནག་འཚུབ་མ་འཁོར་སའི་ཡུལ་གྲུ་ཞིག་ཏུ་གྱུར

ཁ་བ་དང་བུ་ཡུག་གིས་མི་སེམས་དམར་གསོད་བྱས་ཤིང
ཙག་ལྡོམ་འགའི་ཧེབ་རྒན་གཡུག་ཕྱོགས་ལས
སྔོན་གྱི་ཕ་ཡུལ་ནི་གཏམ་རྒྱུད་ཁྲོད་ན་ལྷག

དགུན་ཁའི་གཙུབ་བརྡར་བར་ནས
ངའི་མི་དག་ཉེས་མེད་ཀྱིས་གཅུར་མྱོང་ལ
ངའི་རིགས་རྒྱུད་དོན་མེད་དུ་བཀོལ
ད་དུང་ངའི་སྐྱེ་ས་དང་འཚར་ས
དལ་བུར་དགུན་རླུང་གི་ཁྲོད་ལ་སིམ

ངས་ཕ་ཡུལ་གྱི་དགུན་འཁྱག་རྔུབ་ཞོར
ཆམས་ནད་རིགས་གང་ཞིག་གི་ནད་ཡམས་ལ་ཞིབ་དཔྱོད་བྱས
ཡིན་ནའང
དགུན་ཁ་འདིས་ཡུལ་ཕྱོགས་ཐམས་ཅད་ཟས་ཏེ
རླུང་ལྡང་བའི་ཉི་མ་དག་གི་གཏམ་རྒྱུད་བྲག་ཅར་བརྒྱུས་ཡོད

ཕ་ཡུལ་དང་ཁ་ཐག་རིང་ས་ནས་རླུང་རྔུབ་བྱས་ན
ངས་རང་ཉིད་ཀྱི་སྡར་གཤིས་སྟོན་གྱི་ཡོད
ང་རང་ཕ་ཡུལ་གྱི་དགུན་ཁ་མྱངས་མྱོང་མཁན་ཞིག
ངའི་རྣ་ལམ་ན་དགུན་གྱི་གཏམ་རྒྱུད་དངོས་སུ་གྲགས་ཡོད

གཏམ་རྒྱུད་ཅིག་སྟེ
ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད
ང་སྐྱེས་ནས་བཟུང་ཕ་ཡུལ་གྱི་དགུན་ཁ་མྱངས
ང་ཕ་ཡུལ་དང་བྲལ་བ་ནས
ངས་ཕ་ཡུལ་གྱི་དགུན་ཁ་རྔུབ

2016/12/13དགོང་མོ།

སྙན་ངག

Post navigation

Previous Post: བློ་གསར་གཞོན་ནུ།
Next Post: ཨ་ཅེ་དང་མོའི་སྐྲ་ལོ། ད་དུང་རེ་སྒུག་གི་ཉིན་མོ་བསུ།

Comments (3) on “ངས་ཕ་ཡུལ་གྱི་དགུན་ཁ་རྔུབ་ཀྱིན་ཡོད།”

  1. ཀརྡོ་རབ་འབྱམས་པ་ says:
    2016-12-14 at 6:40 am

    ངས་་་་་་ ང་ཡིས་་་་་་ ང་རང་གིས་་་་་

  2. ཀརྡོ་རབ་འབྱམས་པ་ says:
    2016-12-14 at 6:47 am

    ངས་རྔུབ་དགྱིན་ཡོད།
    ་
    ངས་ ཕ་ཡུལ་གྱི་ དགུན་རླུང་ རྔུབ་བགྱིན་ ཡོད།
    ང་ཡིས་ ཧི་མ་ ལ་ཡི་ གྲང་རླུང་ ངོམས་བགྱིན་ ཡོད།
    ང་རང་གིས་ རང་སའི་ རླུང་གཙང་ རྔུབ་བགྱིན་ ཡོད།
    ང་ཡིས་ འབག་བཙོག་ ཡོད་པའི་ དུག་རླུང་ རྔུབ་བགྱིན་ མེད།
    ་
    གིན་གྱིན་ཀྱིན་ཡིན་འིན་རྣམས་ཕྲད་གཞན་དབང་ཅན་དུ་མ་བཟོས་ན་ཕན་ཐོགས་ཆེ།

  3. ཀརྡོ་རབ་འབྱམས་པ་ says:
    2016-12-15 at 3:43 pm

    བོད་ཡིག་ནང་ལ་ཕྲད་གཞན་དབང་ཅན་མང་དྲགས་པའི་སྐྱོན་མ་གཏོགས་ཉུང་ང་དྲགས་པའི་སྐྱོན་མི་འདུག་ག ལགས། མ་རེད་པེ། ལགས།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme