Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁྲོ་རྒན་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས་གྲོས་མོལ་དུ་འགུག་ཐབས། 

Posted on 2016-12-122016-12-12 By ཁ་བརྡ 27 Comments on ཁྲོ་རྒན་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས་གྲོས་མོལ་དུ་འགུག་ཐབས། 

ཨ་ནུ་ཐང་བསོད་ནམས།

 

ཁྲོ་རྒན་གྱིས་རྒྱ་ནག་གིས་ང་ལ་འཇིགས་སྣང་སྐུལ་བར་ཉན་འདོད་མེད་པས་རྒྱ་ནག་གཅིག་གི་སྲིད་ཇུས་དེ་འཇུག་སྐྱོང་དགོས་མིན་ནི་ད་དུང་ངས་མི་ཤེས་ཤིང་། དེ་ལྟར་བྱེད་དགོས་མིན་ནི་རྒྱ་ནག་གིས་ད་ལྟ་བཞིན་མུ་མཐུད་དུ་ཨ་རི་ལ་མགོ་སྐོར་བཏང་ནས་ཆབ་དཔལ་གྱི་ཁེ་ཕན་མ་བླངས་བ་ཨ་རི་ལ་ཚོང་དང་བྱང་ཀོ་རིའི་གནད་དོན། དངུལ་གྱི་མཛའ་ཐང་སོགས་ལ་དྲང་བདེན་གྱི་ལས་དོན་སྒྲུབ་མིན་ལ་ལྟ་དགོས་ཞེས་ཝ་ཡི་གསར་ཁང་ལ་ཁ་སང་གཟའ་ཉི་མའི་ཉིན་བརྗོད་བཞིན་འདུག་པས། ཁོས་དེ་སྔོན་ཨ་རྒྱ་གཉིས་ཀྱི་བར་དུ་བཞག་པའི་ཨ་རིིའི་ཁེ་ཕན་ལ་གནོད་པའི་གྲོས་མཆོད་ཁག་ཐེ་ཝན་གྱི་གནད་དོན་སོགས་རྒྱ་ནག་ལ་ཧ་ཅང་གི་འཚོར་བ་རྣོ་བའི་གནད་དོན་རྣམས་བེད་སྤྱོད་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས། གྲོས་མོལ་དུ་བཀུག་ནས་ཁོས་འདོད་པའམ་དྲང་བདེན། གཉིས་ཕན་གྱི་སྒོ་ནས་གྲོས་མཆོད་ཁག་སྐྱར་བཅོས་བྱེད་འདོད་པས་རེད། རྒྱུ་མཚན་ནི། ཨ་རྒྱའི་ཆབ་དཔལ་རིག་གསུམ་གྱི་མཉམ་འབྲེལ་གྱི་གན་རྒྱ་ཡི་ཁྲོད་དུ་ཨ་རི་ལ་གྱོང་གུད་མང་དུ་རེག་ཅིང་། རྒྱ་ནག་ཁེ་ཕན་མད་དུ་ཐོབ་ཁར། རྒྱ་ནག་གིས་ཨ་རི་ལ་གང་ཐུབ་ཀྱིས་མགོ་སྐོར་དང་། ཨ་རིའི་ལག་ནས་ཁེ་ཕན་མང་པོ་ལེན་བཞིན་ཡོད་པས། དེ་དག་སྐྱར་བཅོས་བྱེད་རྒྱུ་ཁྲོ་ཕི་ཡི་ལས་འགན་གཙོ་བོ་གཅིག་འདོད་པས་རེད།

རྒྱ་ནག་ལ་མཚོན་ན་རྒྱ་ནག་གཅིག་གི་ལམ་ལུགས་ཨ་རིས་ཁས་ལེན་མིན་མི་ཤེས་ཟེར་བའི་ཚད་ལ་སླེབས་པ་ནི་ཚབས་ཆེན་གྱི་གནོད་ཤུགས་སུ་ཆགས་ཡོད་ལ། གཟའ་ཟླ་བའི་བྷེ་བྷེ་སི་ལྟར་ན་རྒྱ་ནག་ཁྲོ་རམ་ཕི་ཡིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་དོགས་པ་ཡོད་པ་བརྗོད་པ་ནི་ཧ་ཅང་གི་སེམས་འཁུར་དང་དོ་སྣང་བྱེད་ཡུལ་དུ་ཆགས་ཡོད་ཚུལ་བརྗོད་འདུག འོན་ཡང་། ཁྲོ་རྒན་གྱིས་དེ་ཤེས་ནས་ཆེད་མངགས་ཀྱིས་དེ་བེད་སྤྱོད་བཏང་ནས་རྒྱ་ནག་ལ་གང་ཐུབ་ཀྱིས་གནོད་ཤུགས་སྤྲད་ཅིང་། རྒྱ་ནག་ཁོས་འདོད་པ་བཞིན་གྲོས་མོལ་དུ་འགུག་དགོས་བས་རེད། འགུག་དགོས་ན། རྒྱ་ནག་ལ་གནོད་ཤུགས་ཆེ་ཙམ་མ་སྤྲད་པ་ཡིན་ན་རྒྱ་ནག་ལྷག་བསམ་རྣམ་དག་གིས་གྲོས་མོལ་ལ་མི་ཡོང་བ་ཁོས་འཚོར་བས་རེད། འོན་ཀྱང་། ཟམ་གདོང་གི་དབུ་མས་རྒྱ་ནག་ལ་སྤྲེའུ་ལད་འཁྲབ་ནས་གྲོས་མོལ་དུ་འགུག་བཞིན་ཡོད་པས། ཁོ་གཉིས་ཀྱི་ཐབས་ལམ་མེ་ཆུ་བཞིན་དུ་ཐ་དད་དུ་གྱུར་ཡོད། ཡིན་ཏེ། ཁྲོ་རྒན་གྱིས་འཛམ་གླིང་ལ་དོན་དངོས་ཀྱི་ཞི་བདེ་དང་བདེ་འཇགས་ཤིག་ཡོང་དགོས་ན། དམག་སྟོབས་ལ་བརྟེན་ནས་ཡོང་དགོས་བ་ལས། ཁ་ཡག་དང་ངོ་དགའ། ལྷག་པར་དུ་དྲག་སྟོབས་མེད་པ་བཏང་ནས་འཛམ་གླིང་ལ་དུས་ཡུན་རིང་བོར་ཞི་བདེ་དང་ལྷིང་འཇགས་ཤིག་ཡོང་ཐབས་མེད་པ་འདོད་པས་ཡིན།

ཁོས་དུས་རྒྱུན་དུ་བཤད་རྒྱུ། དྲག་པོའི་སྟོབས་ཤུགས་ནི་འཛམ་གླིང་གི་ཞི་བདེ་མེད་པ་བཟོ་བྱེད་མིན་པ། འཛམ་གླིང་གི་ཞི་བདེ་རྒྱུན་རིང་དུ་སྲུང་བྱེད་དེ་ཡིན་པས། འཛམ་གླིང་གི་བདེ་འཇགས་དང་ཨི་རིའི་མི་མང་གི་བདེ་འཇགས་ཀྱི་ཆེད་དུ་ཨ་རིའི་དམག་གི་སྟོབས་ཤུགས་སླར་གསོ་བྱེད་རྒྱུ་ཁོས་ལས་འགན་གྱི་དང་པོའི་ཁོངས་སུ་བསྒྲགས་བཞིན་ཡོད། དེ་བརྟེན། ཁོས་དམག་མི་གལ་ཆེན་དུ་བརྩིས་ནས་ཉེར་ཆར་དམག་མི་ལ་ལྟ་སྐོར་ཕྱིན་ཡོད།

འོན་ཀྱང་། བོད་ཀྱི་ཟམ་གདོང་སོགས་ཞི་བདེ་བ་མང་པོ་ཞིག་དང་། འཛམ་གླིང་གི་ཞི་ཚོང་བ་མང་པོ་ཞིག་གིས་དུས་རྒྱུན་དམག་མིའི་སྟོབས་ཤུགས་ལ་དགག་པ་བརྒྱབས་ཤིང་བཀག་ནས་རང་ཉིད་ཀྱི་མཚན་སྙན་རྒྱས་བྱེད་དུ་འབད་བརྩོན་གནང་གྱིན་ཡོད་ཀྱང་། དོན་དངོས་དྲག་པོའི་སྟོབས་ཤུགས་མེད་ན། མི་ངན་དང་སྐྱ་སྟོང་། རྐུན་མ་དང་ཇག་པ་འདི་ཚོས་ལས་ཀ་བྱེེད་མི་དགོས་བ་གཞན་གྱི་རྒྱུ་ནོར་དང་། ཁེ་ཕན་ཀུན་ཧམ་བཟུང་ཁོ་ན་བྱེད་པ་དངོས་ཡོད་དུ་གྲུབ་ཡོད་པས། དྲག་པོའི་སྟོབས་ཤུགས་རྒྱ་ཆེན་མེད་ན། གནའ་བོའི་ལྟར་བཙན་བོ་ཚོས་ལུགས་མེད་དང་ཁྲིམས་མེད་ཀྱིས་ཁྱིམ་ཚང་ཉམ་ཆུང་དང་། འཚོ་བ་ཉམ་ཆུང་། མི་ཉམ་ཆུང་དང་། དབུ་མེད་དང་བྱིས་བ་རྣམས་ཅི་འདོད་དུ་སྡུག་གྱོང་དང་མནར་གཅོད་བཏང་བ་མ་ཟད། མི་རིགས་བཙན་པོ་དང་། རྒྱལ་ཁབ་བཙན་པོ་ཚོས་ཅི་འདོད་དུ་གཞན་ལ་གཉའ་གནོན་བྱེད་ངེས་བས། འཛམ་གླིང་ལ་ཞི་བདེ་ལྟ་ཅི། འཐབ་རྩོད་དང་དམག་འཁྲུག་གི་ཁྲོད་ནས་ལྷག་ངེས་རེད། འོན་ཀྱང་། ཞི་ཚོང་མཁན་མང་པོ་ཞིག་གིས་དྲག་པོའི་སྟོབས་ཤུགས་ལ་དགག་པ་བརྒྱབས་ནས་རང་ཉིད་ལ་བྱ་དགའ་དང་མཚན་སྙན་རྒྱས་ཐབས་སུ་བེད་སྤྱོད་བཏང་བཞིན་ཡོད་པས། བོད་ཀྱི་ཆོས་དཔོན་མང་པོ་ཞིག་ཡིན་ཡང་། དེང་སྐབས་ཞི་ཚོང་མཁན་དུ་ཆགས་འདུག་པས། བོད་འདི་ཞི་བདེའི་རིལ་སུངས་སུ་བསྒྱུར་ནས་ལམ་ལོགས་སུ་འགྲོ་ཉན་ཡོད། རྒྱུ་མཚན་ནི། མི་ངན་ལ་ཁྱེད་ཀྱིས་ཅི་ལྟར་མྱི་བཟང་བྱས་ཀྱང་ཁོས་དེ་ངོས་མི་ཟིན་པ་ཁྱེད་ཀྱི་མྱི་བཟང་བྱས་བ་དེ་མྱི་ངན་དེའི་གོ་སྐབས་སུ་ཆགས་ནས་ཁྱེད་ཉིད་རྩ་མེད་བཏང་བྱེད་དང་། དེ་བེད་སྤྱོད་ལོག་པ་བཏང་བ་འདས་བའི་ལོ་རྒྱུས་ཀྱིས་བདེན་དཔང་མང་དུ་བྱས་ཡོད་པས་ཡིན།

གང་ལྟར་ཨ་རི་བ་མང་པོས་ཁྲོ་རྒན་གྱི་མི་ཚེ་གང་བོ་ཚོང་དང་ཚོང་འབྲེལ་གྱི་གྲོས་མོལ་གྱི་ལམ་ནས་མཐའ་ཕྱིན་པ་མ་ཟད། ལྷག་པར་དུ་ཁོ་ནི་གྲོས་མོལ་གྱི་ལམ་ནས་ནམ་ཡང་རྒྱལ་ཁ་ཐོབ་མཁན་ཞིག་དང་། གྲོས་མོལ་ལ་ཆེད་མཁས་བ་ཞིག་ཡིན་པ་འདོད་བཞིན་ཡོད། དེ་སྔོན་ཨ་རིའི་ཆབ་སྲིད་པ་རྒན་པ་དང་། སྲིད་གཞུང་རྙིང་བ་ཚོས་རྒྱ་ནག་དང་རྒྱལ་ཁབ་གཞན་ལ་མཉམ་ལས་ཀྱི་གྲོས་ཆོད་བཞག་པ་མང་པོ་ནི་ཚོང་དཔོན་དང་། དངུལ་ཁང་གི་འགན་འཛིན་ཚོའི་ཁེ་ཕན་གཙོ་བཟུང་བྱས་ནས། ཨ་རིའི་མི་མང་གི་ཁེ་ཕན་ལ་གཙོ་བོ་མ་བཟུང་བས། ད་ལྟ་འཛམ་གླིང་གཅིག་གྱུར་གྱི་གན་རྒྱ་ཡི་ཁྲོད་དུ་ཨ་རི་ལ་མི་རྒྱུ་གཉིས་ཀྱི་ཐོག་ནས་གྱོང་གུད་རེག་བཞིན་ཡོད་པས། ཨ་རི་བ་མང་པོས་ཁྲི་ཕི་ཡིས་ཨ་རིའི་ཁེ་ཕན་གཅོ་བོ་བཟུང་ནས་རྒྱ་ནག་སོགས་ལ་སླར་ཡང་གྲོས་མོལ་གྱི་ལམ་ནས་གན་རྒྱ་རྣམས་སྐྱར་བཅོས་སམ། རྩིས་མེད་བཏང་རྒྱུའི་རེ་བ་བཟུང་ཡོད། ཁྲི་ཕི་ཡིས་ཀྱང་དེ་ལྟར་བྱེད་ཐུབ་པ་ཁས་ལེན་བྱེད་བཞིན་ཡོད་པས་ད་ནས་བཟུང་ཁོས་རྒྱ་ནག་ལ་གནོད་ཤུགས་སྤྲད་འགོ་ཚུགས་ཡོད་པ་གསལ་བོ་རེད།

ཨ་རིའི་རྒྱལ་ནང་གི་སྲིད་ཇུས་ཡིན་ཡང་མང་གཙོ་ཚོགས་པ་ལྟར་ཁོ་ཚོའི་སྦྱིན་བདག་ཨ་རིའི་འབྱོར་ལྡན་བཟོ་གྲྭ་ཁག་གི་ཁེ་ཕན་གཙོ་བོ་འཛིན་གྱི་མེད་པ། ཨ་རིའི་བཟོ་གྲྭ་གང་ཞིག་ཨ་རི་ནས་ཐོན་ནས་དངོས་བོ་ཕྱི་ཨ་རིའི་ནང་དུ་སྐྱེལ་འདྲེན་བྱས་བ་ཡིན་ན། ༣༥% ཁྲལ་སྤྲད་དགོས་བ་བཟོས་ཡོད་པས་ཨ་རིའི་བཟོ་གྲྭ་རྣམས་རྒྱ་ནག་དང་མེ་སི་ཁོ་སོགས་མྱི་གླ་ཁེ་སར་སྤོས་དང་སྤོ་བཞིན་པ་རྣམས་ལ་ཆད་པ་གཅོད་བཞིན་ཡོད་པས། ཁྲོ་ཕི་ལ་རྒྱལ་ཁ་ཐོབ་རྗེས་སུ་ཀུ་ཤུ་ཁ་དཔར་གྱི་བཟོ་གྲྭ་ཡིན་ཡང་། ད་ནས་བཟུང་རྒྱ་ནག་ཁོ་ནའི་ནང་དུ་བཟོ་རྒྱུ་མིན་པ། ཡན་ལག་བཟོ་གྲྭ་ཞིག་ཨ་རིའི་ནང་དུ་རྒྱག་རྒྱུའི་ལས་འཆར་བསྒྲིགས་བཞིན་ཡོད་འདུག དེ་བཞིན་སྤོ་འཆར་ཡོད་པའི་ཨ་རིའི་བཟོ་གྲྭ་དུ་མ་སྤོ་མཚམས་བཞག་ཡོད་འདུག

ཁི་ལེ་གྲོན་གྱིས་རྒྱ་ནག་འཛམ་གླིང་གི་ཚོང་འབྲེལ་ནང་དུ་ཞུགས་སུ་བཅུག་པ་ནས་བཟུང་ད་བར་དུ་ཨ་རིའི་བཟོ་གྲྭ་གཅིག་ཁྲི་བདུན་སྟོང་རྩ་མེད་དུ་ཕྱིན་ཡོད་པ་མ་ཟད། ལོ་འདིའི་ཟླ་བཅུ་བ་གཅིག་བུ་རུ་ཨ་རིས་རྒྱ་ནག་ནས་ཨ་སྒོར་ཐེར་འབུམ་སུམ་བཅུ་ལྷག་གི་བུ་ལོན་གྱི་ཇ་དངོས་བླངས་འདུག་པས་འདི་དག་ནི་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལམ་ལུགས་ཀྱིས་སྤྲད་པའི་ཨ་རིའི་གྱོང་གུད་ཡིན་པས། གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་ལམ་ལུགས་ནི་རྒྱལ་ནག་སོགས་གཅིག་བསྡུ་རིང་ལུགས་ཀྱི་རྒྱལ་ཁབ་ཚོས་མང་གཙོའི་རྒྱལ་ཁབ་ཁག་དང་། ཨ་རི་སོགས་ཀྱི་ནང་ལ་དཔལ་འབྱོར་དང་མི་འབོར་གནས་སྤོ་ཡི་ཤུགས་རྐྱེན་སྤྲད་བྱེད་དང་། མང་གཙོའི་རྒྱལ་ཁབ་ཁག་གི་ནུས་བ་ཆུང་དུ་བཏང་བྱེད་དུ་བཀོད་སྤྱོད་བྱེད་བཞིན་ཡོད་པས་ཁྲི་ཕི་དང་ཁོས་རྒྱལ་སྐྱོར་བ་ཚོས་དེ་ལ་ཁ་གཏད་དུ་ཨ་རི་དང་མང་གཙོའི་ཁེ་ཕན་གཙོ་བཟུང་གིས་བཅོས་སྒྱུར་བཏང་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད།

རྒྱུ་མཚན་ནི། ༡༧༧༩ དང ༢༠༠༠ ལོ་སོགས་ཀྱི་གོ་ལ་གཅིག་གྱི་ཚོང་འབྲེལ་བཞག་པ་ནས་བཟུང་། རྒྱ་ནག་ལ་ཁེ་ཕན་མང་དུ་ཐོབ་ཅིང་། ཨ་རི་དང་ནུབ་ཕྱོགས་པ་ལ་རིམ་བཞིན་ཕམ་ཁ་མྱོང་བཞིན་ཡོད་པས་རེད། རྒྱུ་མཚན་ནི། རྒྱ་ནག་ནི་གཅིག་བསྡུ་རིང་ལུགས་ཀྱི་ཚོགས་པ་གཅིག་གི་བཏང་འཛིན་འོག་ཏུ་ཡོད་པས་ཁོ་ཚོ་ལ་འདོད་པ་མེད་པའི་ཕྱི་མི་དང་། ཕྱི་ཚོང་སུ་ཞིག་ཡིན་ཡང་འགོག་ཐུབ་པ་མ་ཟད། འགོག་བཞིན་ཡོད་ཁར། རྒྱ་ནག་ལ་རིན་གོང་ཁེ་བའི་མི་འབོར་མང་བས། མི་འབོར་དེ་དག་གོ་ལ་གཅིག་གྱུར་གྱི་རིང་ལུགས་འོག་ཏུ་རིམ་བཞིན་འཛམ་གླིང་གི་ས་ཕྱོགས་གང་ས་དང་། ལྷག་པར་དུ་ནུབ་ཕྱོགས་སུ་མང་དུ་གཞི་ཆགས་སུ་སྤོ་བཞིན་ཡོད་པས། དེ་དག་གང་ཐུབ་ཀྱིས་མ་བཀག་པ་ཡིན་ན། རིམ་བཞིན་དེ་དག་རྒྱ་ནག་གི་མགྲིན་ཚབ་པར་ཆགས་ནས། འཛམ་གླིང་ལ་རྒྱ་ནག་གི་དབང་ཤུགས་ངོམས་བྱེད་དུ་ད་ནས་བཟུང་བེད་སྤྱོད་བྱེད་བཞིན་ཡོད་པ་མ་ཟད། ད་ལྟ་གུང་ཁྲན་རིང་ལུགས་ཀྱི་རྒྱལ་ཁབ་རྒྱ་ནག་གིས་གོ་ལ་གཅིག་གྱུར་གྱི་རིང་ལུགས་སམ globalization བེད་སྤྱོད་བཏང་ནས་མང་གཙོའི་རྒྱལ་ཁབ་ལ་ཁོ་ཚོས་འདོད་པ་བཞིན་བཀའ་བཀོད་བཏང་བཞིན་ཡོད་ཕྱིན། འདི་ལ་བཅོས་སྒྱུར་ཞིག་མ་བཏང་བ་ཡིན་ན། ཨ་རིའི་ནུས་བ་དང་མང་གཙོའི་ནུས་བ་འཛམ་གླིང་ཐོག་ཆུང་ནས་ཆུང་དུ་འགྲོ་བ་ཁྲོ་རྒན་གྱིས་ཡིད་ཆེས་བྱེད་ཀྱིན་ཡོད། དེ་བརྟེན། ཁོས་དེ་དག་ལ་གདོང་ལེན་བྱེད་རྒྱུ་ཡིན་ཚུལ་བརྗོད་ཀྱིན་འདུག

ཁྲོ་རྒན་དང་ཁོས་རྒྱབ་སྐྱོར་བ་ཚོས་ཝ་ཤིང་གྲོན་གྱི་ཆབ་སྲིད་པ་ཚོས་ཁྲིམས་མཐུན་གྱིས་ཞབས་འདེབས་སློང་བ་དང་། ཞུ་གཏུགས་ཀྱི་སྒོར་མོ་ཟས་ནས། སྒོར་མོ་སྤྲོད་མཁན་གྱི་འདོད་མོས་དང་ཁེ་ཕན་བཞིན་དུ་ཆབ་སྲིད་ཀྱི་སྲིད་ཇུས་ད་བར་དུ་བཟུང་བ་ལས། ཨ་རིའི་མི་མང་གི་ཁེ་ཕན་ལ་བསམ་བློ་མི་བཏང་བའི་མཐོ་རིམ་སྣ་འབྲེལ་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལུགས་སྲོལ་རྙིང་བ་དེ་དག་བཅོས་བསྒྱུར་བྱེད་རྒྱུའི་དམིགས་ཡུལ་བཟུང་ནས། ཨ་རི་ཡང་སྐྱར་གཟི་བརྗིད་ལྡན་པའི་རྒྱལ་ཁབ་གཅིག་ཏུ་བསྒྱུར་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད། ཐ་ན་ཧེ་ལེ་རི་དང་མང་གཙོ་ཚོགས་པས་ཁ་ཆེའི་རྒྱལ་ཁབ་མང་པོ་དང་། དངུལ་ཐང་དང་། བཟོ་གྲྭ་ཆེན་པོ་དག་ནས་ཨ་སྒོར་ས་ཡ་མང་པོའི་ཞབས་འདེབས་བླངས་བས། ཁོ་ཚོས་དེ་དག་གི་དགོས་མཁོ་བཞིན་སྒྲུབ་པ་ལས། ཨ་རིའི་མི་མང་གི་ཁེ་ཕན་ལ་གཙོ་བོ་དམིགས་ཀྱི་མེད་པའི་སྐྱོན་བརྗོད་དང་རྒྱུ་མཚན་བགྲང་ནས། ལམ་ལུགས་དེ་དག་ལ་འགྱུར་བ་བཏང་རྒྱུ་ཡིན་ཚུལ་བརྗོད་བཞིན་ཡོད།

འོན་ཀྱང་། བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བླ་ཆེན་དང་ཚོགས་པ་མང་པོས་འཛམ་གླིང་གི་ཤར་ནུབ་གང་སར་དང་། རྒྱ་བོད་གང་སར་ཞལ་འདེབས་སློང་བཞིན་ཡོད་ཀྱང་། དེ་དག་ལ་དགག་པ་བྱེད་མཁན་ཧ་ཅང་གི་ཉུང་ཁར། དེ་ལས་ལྡོག་སྟེ་དགག་པ་བྱེད་མཁན་རྣམས་ནག་པོ་དང་། ཞལ་འདེབས་སློང་མཁན་རྣམས་འཇོན་པོ་རུ་བརྩི་བཞིན་ཡོད་པས། འདི་ནི་གནས་ལུགས་གོ་ལྡོག་ཏུ་འགྱུར་ཏེ། ཞལ་འདེབས་སློང་མཁན་གྱི་བླ་དཔོན་ཚོས་བོད་དོན་ལས་སྦྱིན་བདག་གི་ཁ་ངོ་སྲུང་མཁན་དུ་ཆགས་ནས་ཡོད། དེ་བརྟེན། བོད་དོན་ལ་ད་བར་དུ་ནུས་བ་ཡག་པོ་ཞིག་ཐོན་མེད།

https://www.facebook.com/FoxNews/videos/10154882195431336/
https://youtu.be/qrU7peRwEPs
The O’Reilly Factor 12/06/16 – Bill O’Reilly analysis of Donald Trump ‘T…

https://youtu.be/nLk7H7jfnEM
Trump Stands up to Communist China’s Threats, Talks To Taiwan
ཁྲི་རམ་ཕི་ཡིས་མི་གཅིག་སྟོང་གི་ལས་ཀ་སྐྱོབ་འདུག
https://youtu.be/S2bKOZuJqag
Kellyanne Conway On Jill Stein’s Recount, Mitt Romney And Trump Taiwan Call
https://youtu.be/u7u28gd2QbQ
གོ་ལ་གཅིག་གྱུར་ལ་ངོ་རྒོལ།
https://youtu.be/azcfY3lybv4
BREAKING: PAUL RYAN AND HIS BUDDIES JUST STABBED TRUMP IN THE BACK
https://youtu.be/DGhDye98c0g
Communist China Does Not Want You To See This
http://www.bbc.co.uk/news/world-asia-china-38286645

བསམ་ཚུལ།

Post navigation

Previous Post: ཀླུ་སྨྱོན་གྱི་གསལ་བཤད་ཚིག་གསུམ།
Next Post: དཔལ་ལྷའི་དུས་ཆེན་ངོ་སྤྲོད།

Comments (27) on “ཁྲོ་རྒན་གྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས་གྲོས་མོལ་དུ་འགུག་ཐབས། ”

  1. ཅོ་རི་ཉི་མ། says:
    2016-12-13 at 1:15 am

    བཀྲ་ཤིས་བདེ་ལེགས་་ཨ་ནུ་ཐང་ལགས།

    བསམ་ཚུལ་ཏོག་ཙམ་ཞུ་ཆོག་པ་བྱོས། ཕོ་རྒོད་ཁྲོམ་ཕི་ཡིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མེད་མདོག་མདོག་བཤད་པ་དང་། ཐེ་ཝན་གྱི་གནད་དོན་སོགས་རྒྱ་ནག་ལ་ཧ་ཅང་གི་འཚོར་བ་རྣོ་བའི་གནད་དོན་རྣམས་བེད་སྤྱོད་ཀྱིས་རྒྱ་ནག་ལ་གནོད་ཤུགས་སྤྲད་ནས། གྲོས་མོལ་དུ་བཀུག་ནས་ཁོས་འདོད་པའམ་དྲང་བདེན། གཉིས་ཕན་གྱི་སྒོ་ནས་གྲོས་ཆོད་ཁག་སྐྱར་བཅོས་བྱེད་འདོད་པས་རེད།་་་་ཅེས་ཁྱོད་ཀྱིས་ཐག་བཅད་ནས་བཤད་འདུག ཡིན་ཀྱང་དོན་དངོས་འདི་ལྟར་མ་རེད་བསམས་ཀྱི་འདུག

    ཨ་རིའི་དང་རྒྱ་ནག་གཉིས་ཀྱི་བར་དུ་གཉིས་ཕན་ཟེར་བ་ཤིག་ཡོང་ཡ་མེད་པ་ལྟ་བུ་རེད། ཚོང་གི་ཐོག་ནས་ཨ་རིའི་སྲིད་འཛིན་ཕོ་རྒོད་ཁྲོམ་ཕི་མཆོག་གིས་འོས་འགྲན་སྐབས་སུ་བཤད་པའི་སྐད་ཆ་གཞིར་བཞག་ན་རྒྱ་ནག་གི་དངོས་ཟོག་ཨ་རི་ལ་ནང་འདྲེན་བྱེད་དུས་ཁྲལ་བརྒྱ་ཆ་༤༥་རྒྱབ་ཀྱི་ཡིན་ཞེས་གསུངས་ཡོད།

    ཁྲལ་བརྒྱ་ཆ་༤༥་བརྒྱབ་ན་ཨ་རི་ལ་ཁེ་ཕན་ཆེ་ཡང་རྒྱ་ནག་ལ་གྱོང་རེད། གཉིས་ཕན་ཁག་པོ་རེད། དམག་གི་དབང་ཤུགས་ཀྱི་ཐོག་ནས་དེ་ལས་གཉིས་ཕན་ཟེར་བ་ཤིག་ཡོང་ཐབས་མེད། གཅིག་ཕམ་གཅིག་རྒྱལ་རེད། ཕོ་རྒོད་ཁྲོམ་ཕི་ཡིས་ཨ་རིའི་ནང་དུ་ལས་ཀ་ཡོད་པ་བཟོ་གི་ཡིན་ཟེར་གྱི་ཡོད། ཨ་རིའི་བཟོ་གྲྭ་སྟོང་ཕྲག་བཅུ་བདུན་རྒྱ་ནག་གཙོ་བོ་གྱུར་པའི་ཕྱིའི་རྒྱལ་ཁབ་ཁག་ལ་ཤོར་སོང་བ་རྣམས་ཕྱིར་ལེན་གྱི་ཡིན་ཞེས་གསུངས་ཡོད། ཨ་རིའི་ནང་དུ་བཟོ་གྲྭ་མང་པོ་འཛུགས་རྩིས་འདུག ཨ་རི་ནང་དུ་བཟོ་གྲྭ་མང་རེ་ཕྱིན་ན་རྒྱ་ནག་ལ་ཉུང་རེ་འགྲོ་གི་རེད། རྒྱ་ནག་མི་དམངས་ལ་ལས་ཀ་མེད་པའི་དཀའ་ངལ་སླེབས་འོང་གི་རེད།

    ངས་བསམ་ཚུལ་བྱས་ན་ཕོ་རྒོད་ཁྲོམ་ཕི་མཆོག་གི་ལངས་ཕྱོགས་དང་རྒྱ་ནག་གཉིས་མེ་དང་ཆུ་ལྟ་བུ་རེད། སུ་རྒྱལ་སུ་ཕམ་བལྟ་གྱི་རེད་མ་གཏོགས་གཉིས་ཕན་ཟེར་བ་ཤིག་ཡོང་མི་སྲིད་པ་རེད་འདོད་དོ།

    ཕོ་རྒོད་ཁྲོམ་ཕི་མཆོག་གི་ལངས་ཕྱོགས་འདིས་ཐད་ཝན་གཙོ་བུ་གྱུར་པའི་གྲངས་ཉུང་མི་རིགས་ཁག་ལ་རང་བཙན་དང་དམངས་གཙོ་འཐོབ་པའི་རེ་བ་གསར་པ་ཞིག་དང་གོ་སྐབས་བཟང་པོ་ཞིག་བསླེབས་འདུག ཐད་ཝན་སྲིད་འཛིན་ལྕམ་ཚལ་ཡུང་ཝན་ལགས་འཇོན་པོ་བྱུང་། ཟླ་བ་རྗེས་མར་མོ་རང་ཨ་རིར་ཕེབས་ནས་ཕོ་རྒོད་ཁྲོམ་ཕི་དང་དངོས་སུ་མཇལ་འཕྲད་ཐུབ་པ་བྱུང་ན་ལྟད་མོ་ཆེན་པོ་ཡོང་བ།

  2. ཅོ་རི་ཉི་མ། says:
    2016-12-13 at 1:47 am

    རྒྱ་ནག་གིས་ཚོང་གི་ཐོག་ནས་ཨ་རི་གཙོ་བོ་གྱུར་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་གྱོང་རེག་བཅུག་ཡོད་ཟེར་ནས་བཤད་བསྡད་པའི་སྐད་ཆ་དེ་དག་དངོས་གནས་མ་རེད། ཕུགས་རྒྱང་རིང་པོའི་ཐོག་ནས་བལྟས་ན་ནུབ་ཕྱོགས་པ་ཚོ་ལ་ཁེ་ཕན་རེག་ཡོད།

    ༡་་་རྒྱ་གཞུང་གིས་བོད་ཀྱི་གཏེར་ཁ་ཕྲོགས་ནས་ཅ་དངོས་འདྲ་མིན་སྣ་ཚོགས་བཟོས། ལག་ཁྱེར་ཁ་དཔར་དང་གློག་ཆས། ཀམ་པུང་དྲར་སོགས་འཕྲུལ་ཆ་འདྲ་མིན་སྣ་ཚོགས་བཟོས་ནས་གོང་ཁེ་པོའི་ཐོག་ནས་ནུབ་ཕྱོགས་སུ་བཏང་བསྡད་པ་རེད། ཅ་དངོས་དེ་དག་བཟོ་རྐྱེན་གྱི་ལྕགས་དང་ཟངས། ཞ་ཉེ་དང་ཧྭ་ཡང་། ཧང་ཅང་དཀོན་པའི་ལྕགས་རིགས་འདྲ་མིན་སྣ་ཚོགས་ཡོད། ནུབ་ཕྱོགས་པས་་ཁ་དཔར་དང་གློག་ཆས་རྙིང་པ། ཁམ་པུང་དྲར་དང་འཕྲུལ་ཆས་རྙིང་པ་དག་གི་ནང་ནས་ལྕགས་རིགས་མང་པོ་བཀོག་ནས་གསོག་འཇོག་བྱས་ཡོད། གཏེར་ནས་ཐོན་པའི་རིན་ཐང་ཅན་གྱི་ལྕགས་རིགས་དེ་དག་ནི་རྩྭ་ཤིང་སྐྱེས་པ་ལྟ་བུ་མིན་སྟབས་རྫོགས་སོང་ན་ཚར་ཚར་བ་རེད། བོད་དང་རྒྱ་ནག་གི་གཏེར་ཁ་རྫོགས་སོང་ན་ཡང་བསྐྱར་སྐྱེས་ཀྱི་མེད་པ་རེད།

    རྗེས་སུ་ནུབ་ཕྱོགས་པས་ལྕགས་རིགས་དེ་དག་བེད་སྤྱོད་ནས་ཅ་དངོས་བཟོ་གི་རེད། དེར་དུས་གོང་ཚད་མཐོ་པོ་བརྒྱབ་ནས་རྒྱ་ནག་ལ་ཕྱིར་ཚོང་བྱེད་འོང་གི་རེད། ཕུགས་རྒྱང་རིང་པོ་ལ་བལྟས་ན་རྒྱ་གུན་ཁྲན་གྱིས་ཕམ་ཚོང་ངོ་མ་དེ་བརྒྱབ་ཡོད། ཤར་ཕྱོགས་པའི་མི་སེར་དུང་ཕྱུར་༡༣་གྱི་འཚོ་རྟེན་བརྒྱ་ཆ་༥༠་ཙམ་རྩ་མེད་བཟོ་ཚར་བ་རེད། གཏེར་ཁ་ནི་གཏེར་ཁ་རེད། ཡང་བསྐྱར་སྐྱེས་མི་སྲིད། བོད་ཀྱི་ཁ་གཏེར་ཕྲོགས་ཐོབ་ཙམ་བྱུང་ན་ཕམ་ཚོང་བརྒྱབ་རྐྱང་བྱས་བསྡད་པ་ནི་ཤར་ཕྱོགས་པའི་གྱོང་ཁ་རེད་འདོད་དོ།

  3. ནོར་བུ says:
    2016-12-13 at 5:24 pm

    གོ་ལ་གཅིག་གྱུར་ཡིན་པའི་ཆ་ནས་བཤད་ན་བོད་མིའི་ཆབ་དཔལ་རིག་གསུམ་ཤེས་ཚད་ནི ༠༠•༡ % ༠༠+༡ ལས་མེད་པས མྱི་གཅིག་གིས་མེ་བཤད་དུས གཅིག་གི་ཆུ་བཤད མདོར་ན་འཛམ་གླིང་གི་གསར་འགྱུར་ནང་གང་མཐོང་བར་དེ ཡང་བསྐྱར་བཀོད་པ་ཙམ་ལས་དགེ་མཚན་གང་ཡང་མ་མཐོང་ངོ །།

  4. ཀརྡོ་རབ་འབྱམས་པ་ says:
    2016-12-13 at 5:29 pm

    ཛམ་གླིང་མི་མང་གཞན་པ་ཚོས་བོད་རིགས་ནི། བོད་རིགས་ཆེས་རིག་ཞུང་ངམ་ལེགས་བྱང་མཐོ་བའི་མི་རིགས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་ཀྱང་། བོད་རིགས་འགའ་ཤས་ཀྱི་བོད་རིགས་ནི། ཅི་ཡང་མི་ཤེས་མཁན་བླུན་རྨོངས་ཁྱུ་གཅིག་ཏུ་ུབརྩི་བཞིན་གཉིས་ལས་སུ་བདེན་ནམ། ལགས། གསུང་དང་། ད་དུང་མང་ཙམ། གསུང་དང་།

  5. ཀརྡོ་རབ་འབྱམས་པ་ says:
    2016-12-13 at 5:31 pm

    ང་ནི་བོད་རིགས་མཉམ་ཆུང་ཞིག་སྐྱེས་པ་འདི་ནི། ངའི་སྐྱེ་བ་སྔ་མའི་བྱས་རྗེས་ཆེན་པོ་ཞིག་ངོས་འཛིན་བྱེད་བཞིན་ཡོད་དོ།།

  6. ཨ་ནུ་ཐང་བསོད་ནམས says:
    2016-12-13 at 5:44 pm

    དྲ་གྲོགས་ཅོ་རི་ཡིས་བསམ་ཚུལ་གསུངས་འདུག་པས་ཐུགས་རྗེ་ཆེ། ཡིན་ཡང་། གོ་ནོར་ཅུང་ཐེབས་འདུག་པས་གསལ་བཤད་ཞུ་འདོད་བྱུང་།

    ཨ་རྒྱ་གཉིས་ནི་གནད་དོན་ཅི་ཞིག་ལ་འཕྲད་ཀྱང་ཁོ་གཉིས་བྱང་ཀོ་རིའི་རྡུལ་ཕྲན་གྱི་གནད་དོན་དང་། ཁོར་ཡུག་གི་གནད་དོན། ཐེ་ཝན་གྱི་གནད་དོན་དང་འཛམ་གླིང་གི་བདེ་འཇགས། རྒྱལ་སྤྱིའི་ཚོང་དོན་སྒྲིག་འཛུགས་ཀྱི་གནད་དོན་སོགས་ལ་ཁོ་གཉིས་གྲོས་མོལ་ངེས་བར་དུ་བྱེད་དགོས་ལ། དགོས་དོན་ཡང་གན་རྒྱ་དེ་དག་བཞག་ཟིན་པས་ཡིན་པ་མ་ཟད། ཁོ་གཉིས་ད་ལྟ་ཆབ་དཔལ་གང་ཅི་ཐོག་ནས་ཡིན་ཡང་འགྲན་ཡ་དང་འབྲེལ་བ་ཤུགས་ཆགས་པས་རེད། ཁོ་གཉིས་དགྲ་གཉེན་གང་ཞིག་ཏུ་ཆགས་ཀྱང་། སྟོབས་ཆེན་གྱི་འགྲན་ཡ་དང་ལས་གྲོགས་ཡིན་པས། འབྲེལ་ལམ་ལ་གནས་ཚུལ་དང་སྟུན་ནས་ཡར་འཕར་མར་འཕར་འབབ་ཡོད་ཀྱང་། གྲོས་མོལ་གྱིས་གོང་ཚད་གཏམ་རེས་ཀྱིས་མི་འགྲོ་ཐབས་མེད་དུ་ཆགས་ཡོད་ལ། དེའི་མིང་ལ་དབྱིན་སྐད་ཀྱིས negotiation ཟེར།

    ད་ལྟ་ཨ་རྒྱ་སུ་ཞིག་ཡིན་ཡང་འགྲན་ཡ་དང་མཉམ་ལས་བྱེད་རོགས་ཙམ་ལས་ཁྱོ་ཤི་ང་གསོན་གྱི་ལྟ་བ་མེད། མེད་དགོས་དོན་ཡང་དེ་ལྟར་བྱས་ན་གཉིས་ཀ་ལ་ཕན་ཐོགས་མེད་པ་གཉིས་ཀས་གསལ་བོ་ཤེས་བས་རེད་ལ། ཤེས་མཁན་ཨ་རིའི་ནང་དུ་རྒྱ་ནག་གི་མཐུན་ཕྱོགས་ཀྱི་མང་གཙོ་ཚོགས་པའི་མཐོ་རིམ་ཆབ་སྲིད་པ་ཨོ་བྷ་མ་སོགས་མ་ཟད། སྤྱི་མཐུན་ཚོགས་པ་དང་ཁྲོ་རྒན་གྱིས་ཀྱང་གསལ་བོ་ཤེས་ཀྱིན་ཡོད། ཡོད་དེ། ཁྲོ་རྒན་གྱི་སློབ་སྟོན་པ་གཙོ་བོ Gingrich ཀྱིས་ཀྱང་། རྒྱ་ནག་གིས་ཚོང་འབྲེལ་དང་མཉམ་ལས་ཀྱི་གན་རྒྱ་དེ་དག་བེད་སྤྱོད་བཏང་ནས་ཨ་རིའི་ལག་ནས་ཁེ་ཚོང་ལེན་བྱེད་བྱེད་བཞིན་ཡོད་པས། རྒྱ་སྤྱི་དང་ཨ་རྒྱ་གཉིས་ཀྱི་བར་གྱི་གྲོས་ཆོད་རྣམས་ཨ་རིས་མུ་མཐུད་དུ་ངོས་ལེན་བྱེད་ཐབས་མེད་ཁར། ཨ་རིའི་རྒྱལ་ནང་གི་ཡུལ་མི་གནས་སྤོ་སོགས་ཁྲིམས་བཅོས་དགོས་ཚུལ་དང་། ལྷག་པར་དུ་རྒྱ་ནག་གིས་ཨ་རི་ལ་ཁོ་ཚོས་འདོད་པ་བཞིན་གནོད་ཤུགས་སྤྲད་པ་ངོས་ལེན་བྱེད་ཐབས་མེད་ཚུལ་ཝ་ཡི་གསར་ཁང་ལ་བརྗོད་འདུག འོན་ཀྱང་། ཁོས་ཨ་རིས་རྒྱ་ནག་ལ་གྲང་དམག་གི་སྲིད་ཇུས་འཛིན་འདོད་རྩ་བ་ནས་མེད་ཅེས་ཉེར་ཆར་བརྗོད་འདུག

    ཁྲོ་རྒན་ཡིན་ཡང་ཨ་རིའི་ཁེ་ཕན་གཙོ་བོ་འཛིན་མཁན་ཞིག་རེད་མ་གཏོགས་ལྟ་གྲུབ་དང་གཞུང་ལུགས་གང་ཤིག་གཙོ་བོ་འཛིན་མཁན་ཞིག་མིན་པས། ཨ་རི་ལ་ཁེ་ཕན་ཡོད་ན། མང་གཙོའི་ལས་དོན་མང་པོ་ཡིན་ཡང་བློས་བཏང་ངེས་རེད། བདེན་ཏེ། ཁོས་དུས་རྒྱུན་བྷི་ཤུ་ཡིས་གཅིག་བསྡུ་རིང་ལུགས་པ་ཨེ་རག་ལ་དམག་བརྒྱབས་པ་ནི་ཚབས་ཆེན་གྱི་ནོར་འཁྲུལ་ཞིག་ཡིན་ཚུལ་དང་། ཡིན་དགོས་དོན་ཡང་གསའ་ཐཱ་ཧོས་གསན་གྱིས་ཨེ་རན་ལ་ཁ་གཏད་བཅག་ནས་དཀྱིལ་ཤར་ཁུལ་དུ་ཨེ་རག་དང་ཨེ་རན་གཉིས་ཀྱི་སྟོབས་ཤུགས་འདྲ་མཉམ་ཡིན་པས། གཅིག་རྒྱལ་གཅིག་ཕམ་གྱི་འགྲན་རྩོད་མཚམས་མི་འཇོག་པ་མ་ཟད། སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་དེ་གཉིས་ཀྱིས་དཀྱིལ་ཤར་ཁུལ་ལ་འཇིགས་སྐུལ་དྲག་སྤྱོད་པ་མེད་པ་བཏང་ནས་ཡུལ་དེའི་སྟོབས་ཤུགས་ཆ་སྙོམས་སུ་བགོ་བར་ཕན་ཐོགས་ཡོད་པས། ཨ་རིའི་བདེ་འཇགས་ལ་ཕན་ཚུལ་བརྗོད་བཞིན་ཡོད། མ་ཟད་ཁོས་ད་ལྟ་ཨ་རེག་རྒུད་པ་དེས་ཨེ་རན་ལ་དཀྱིལ་ཤར་ཁུལ་དུ་བཏང་འཛིན་བྱེད་མཁན་མེད་པ་ཆགས་པས་ཨེ་རན་གྱི་རྡུལ་ཕྲན་མཚོན་ཆའི་གནད་དོན་དང་། ཚོགས་པ་གཞན་དང་རྒྱལ་ཁབ་གཞན་ལ་རོགས་སྐྱོར་གྱིས་ནུབ་ཕྱོགས་པ་ལ་ཁ་གཏད་གཅོད་པའི་གནད་དོན་འདི་དག་ལྷག་བཞིན་ཡོད་པས། དེ་ཡི་ནོར་འཁྲུལ་གྱི་ལྟེ་བ་བྷི་ཤུ་ཡིས་བཟོས་ཚུལ་བརྗོད་བཞིན་ཡོད། དེ་བརྟེན། ཁོ་ནི་ཨ་རི་ཡི་ཁེ་ཕན་ལ་ལྟ་མཁན་ལས། གཅིག་བསྡུ་རིང་ལུགས་པ་སུ་ཞིག་མིན་ཁོས་ཁ་ཡ་དེ་ཙམ་མི་བྱེད་མཁན་ཞིག་ཡིན་པ་མ་ཟད། ཁོས་འོས་བསྡུ་ཡི་སྐབས་སུ་ཡང་། ཨ་རིས་རང་གི་ལས་དོན་གཙོ་བོའི་སྒྲུབ་དགོས་བ་ལས་འཛམ་གླིང་གི་ཉེན་རྟོག་པ་ལྟར་བྱེད་པའི་སྲིད་ཇུས་རྙིང་བ་དེ་དག་མུ་མཐུད་དུ་འཛིན་འདོད་མེད་ཚུལ་བསྟན་ཡོད་ཁར། གལ་སྲིད་དེ་ལྟར་འཛིན་དགོས་ན། ཨ་རིའི་མཐུན་ཕྱོགས་ཚོས་ཨ་རི་ལ་དྲང་བདེན་གྱི་རིན་པ་སྤྲད་དགོས་ཚུལ་བརྗོད་ཡོད། རྒྱུ་མཚན་ནི། ཨ་རིས་དེ་དག་སྲུང་སྐྱོབ་གནང་བ་ལ་དྲང་བོའི་གླ་ཆ་མེད་པ་དེ་ལྟར་མུ་མཐུད་དུ་བྱས་བ་ཡིན་ན། ནུས་བས་མི་འདང་ཞིང་མཐའ་མ་ཨ་རི་ཉམས་རྒྱུ་ཡིན་པ་བརྗོད་བཞིན་ཡོད། དེ་བརྟེན། ཁོས་ཉིན་ཧོང་ཡིན་ཡངམུ་མཐུད་དུ་ཨ་རིའི་སྲུང་སྐྱོབ་ལ་བརྟེན་མི་དགོས་བ་རང་སྲུང་བྱེད་དགོས་བའི་དུས་ལ་སླེབས་ཡོད་ཅེས་བརྗོད་པ་འདི་དག་ལས། ཁེ་ཕན་མེད་ན་ཁོས་སུ་ལའང་རོགས་པ་བྱེད་རྒྱུ་མིན་པ་གསལ་བོ་བསྟན་ཡོད། ཁོ་ལའང་ཁག་མི་འདུག ཨ་རིའི་ཁེ་ཕན་གཙོ་མ་བྱེད་པ་ཨ་རི་ཉམས་པ་ཡིན་ན། འཛམ་གླིང་གི་གཡོན་ཕྱོགས་པ་ལ་རྒྱལ་ཁ་ཐོབ་པས། འགྲོ་བ་མིའི་ཐོབ་ཐང་དང་རིན་ཐང་ཡང་སྲུང་སྐྱོབ་བྱེད་མཁན་ཞན་དུ་འགྲོ་ངེས་རེད། ཕྱིན་པ་ཡིན་ན་ཨ་རི་ཙམ་མ་ཟད་འཛམ་གླིང་གི་གྱོང་གུད་རེད།

    གཏེར་ཁ་སྔོགས་འདོན་གྱི་སྐོར་ནི་རྒྱ་ནག་ནང་དུ་མང་དུ་སྔོགས་བཞིན་ཡོད་པ་བདེན་གྱི་མིན་མོད། དེ་ལྟར་ཡོ་རོབ་དང་ཨ་རིའི་ནང་དུ་ཡིན་ཡང་གཏེར་རྫས་དང་ལྕགས་རྡོ་མང་པོ་སྔོགས་བཞིན་ཡོད། ཡིན་ཡང་། རྒྱ་ནག་ནང་དུ་ལྕགས་རྡོའི་གཏེར་ཁ་མང་དུ་ཐོན་ནས། དེ་དག་གོང་ཁེ་བོའི་སྒོ་ནས་འཛམ་གླིང་ལ་བཙོང་བཞིན་ཡོད་པས། རྒྱལ་སྤྱིའི་རྣོ་ལྕགས་ཀྱི་རིན་གོང་མར་ཆགས་པས།
    ཡོ་རོབ་དང་ཨ་རིའི་རྣོ་ལྕགས་བཟོ་གྲྭ་ལ་གྱོང་གུད་ཚབས་ཆེན་ཐེབས་ཡོད། ཐ་ན་ཁེ་ཚོང་མ་རེག་པས་མང་པོ་ཞིག་སྒོ་བརྒྱབས་ཡོད། དེ་དག་ནི་ནུབ་ཕྱོགས་པས་མ་སྔོགས་པ་མིན་པ། སྔོགས་པ་ལས་རྒྱ་ཁབ་གཞན་ནས་ཉོས་ནས་གོ་ཁེ་བས་རེད།

    དེ་མིན་ཁོར་ཡུག་ལ་གནོད་པའི་རྡོ་སོལ་གྱི་སྐོར་ཡིན་ན། རྒྱ་ནག་ཡིན་ཡང་དཔལ་འབྱོར་ཅུང་རྒྱས་སུ་ཕྱིན་པ་དང་། ཨུ་རི་སུ་ལ་ནུབ་ཕྱོགས་ལས་དཀའ་ངལ་སྤྲད་པ་དང་མཉམ་དུ་གོང་ཚད་སྟབས་བདེ་རེག་པས་སྔ་ལོ་ནས་བཟུང་ཨུ་རི་སུའི་གསོ་རླངས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ལྟར་འཐེན་རྒྱུའི་གན་རྒྱ་བཞག་ཅིང་འཐེན་བཞིན་ཡོད། དེ་བརྟེན། ད་ལྟ་རྒྱ་ནག་ནང་དུ་རྡོ་སོལ་བསྐོ་མཁན་ཉུང་དུ་བཏང་བཞིན་ཡོད།

    མ་གཞི་གཏེར་ཁ་ནི་ལོ་ཐོག་ལྟར་ཡིན་ཡང་ཡོད་ན་བསྐོས་ནས་བེད་སྤྱོད་བཏང་དགོས་ཤིང་མ་བཏང་ན་འཕྲོ་བརླགས་སུ་འགྲོ་བས་སྡུག་གྱོང་རེད། ཡིན་ཡང་། ཚོད་མེད་ཀྱི་བསྐོ་ཡ་མང་དྲགས་ན་ཁོར་ཡུག་ལ་གནོད་པས། ཚད་གཞི་དང་མཐུན་བསྐོ་རྒྱུ་གནད་དུ་མཐོང་། ཨ་རིའི་ནང་དུ་ཡིན་ཡང་། ལྕགས་དང་སྣུམ་གྱི་གཏེར་ཁ་མུ་མཐུད་དུ་སྔོགས་བཞིན་ཡོད་ལ། ལྷག་པར་དུ་རྡོ་སྣུམ་བསྐོ་མཁན་ཚོས་ཁྲོ་རྒན་སྲིད་འཛིན་ལ་བདམས་པ་ཡིན་ན་ཁོ་ཚོ་ལ་ཕན་ཐོགས་ཡོད་པ་རློམས་བཞིན་ཡོད། རྒྱུ་མཚན་ནི། ད་ལོ་སྣུམ་གོང་རྒུད་པས་ཨ་རིའི་སྣུམ་གྱི་བཟོ་གྲྭ་མང་པོ་གྱོང་གུད་ཕོགས་པས་རེད། ཨ་རི་ལྟ་བུ་ཡིན་ན་དེང་སྐབས་ལོ་རེ་མ་སྙོམས་ཀྱིས་སྣུམ་རྫས་ཟོ་བ་ས་ཡ་དགུ་དང་འབུམ་བཞི་བཏོན་བཞིན་ཡོད།

    ཨ་རིའི་སྣུམ་གྱི་ཐོན་སྐྱེད།
    https://www.eia.gov/tools/faqs/faq.cfm?id=268&t=6
    ཉེར་ཆར་འཛམ་གླིང་གི་རྣོ་ལྕགས་ཐོན་སྐྱེད་བྱེད་མཁན་གྱི་རྒྱལ་ཁབ་རྣམས།
    http://www.tradingeconomics.com/united-states/steel-production

    གནས་ཚུལ་འདི་དག་ལས་གཏེར་ཁ་སྔོགས་འདོན་བྱེད་མཁན་རྒྱ་ཁོ་ན་མིན་པ་གསལ་བོ་ཤེས་ཐུབ་པ་མ་ཟད། གཏེར་ཁ་མང་སའི་རྒྱལ་ཁབ་རྣམས་ནི་འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ཡིན་པ་གསལ་བོ་རྟོགས་ཐུབ། དེ་བརྟེན། གཏེར་ཁ་སྔོགས་པ་ནི་ངན་པ་ལས་བཟང་བ་མང་ཁར། སྔོགས་ཚོད་ཐུག་ན་སུ་དང་གང་ལའང་གནོད་པ་ལྟ་ཅི། ཕན་པ་ཁོ་ན་ཡིན།

  7. ཨ་ནུ་ཐང་བསོད་ནམས says:
    2016-12-13 at 5:58 pm

    བསམ་ཚུལ་གསུངས་མཁན་དག་ལ་ཐུགས་རྗེ་ལེགས་འབུལ་ཡོད། ཁྲོ་རྒན་འདི་ཚོང་པ་ཞིག་དང་ཨ་རིའི་ཁེ་ཕན་དོན་གཉེར་ཅན་ཞིག་ཡིན་པས། བོད་དང་ཐེ་ཝན་གྱི་གནད་དོན་གྱིས་ཨ་རི་ལ་ཕན་ཐོགས་ཡོད་ན། ཁོས་འཛེམ་ཟོན་མེད་པས་བྱེད་མཁན་ཞིག་དང་། མེད་ན་འཛེམ་ཟོན་མེད་པས་གཡུག་མཁན་ཞིག་ཡིན།

  8. གཞོན་ནུ་ཟླ་མེད། says:
    2016-12-13 at 6:29 pm

    དུས་ཡུན་རིང་པོར་ཡི་གེ་ཡག་པོ་འདི་བཞིན་མཐོང་མ་སོང་། ངོ་མ་ཅིག་ཡག་ཀི

  9. གཞོན་ནུ་ཟླ་མེད། says:
    2016-12-13 at 9:31 pm

    བར྄ྙན་འཕ྄ྲིན་མཐའ་མ་དེ་ན་ར྄ྒ྄ྱ་ནག་གི་ནང་ཅོ་ནག་ཚོང་ས྄ྐོར་མང་པོ་བཤད་འདུག འོན་ཀ྄ྱང་ར྄ྩོམ་ཡིག་ནང་ལ་དེའི་ས྄ྐོར་གཅིག་ཀ྄ྱང་བཤད་མེད་པ་ག་རེ་ཡིན་ནམ།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-13 at 9:38 pm

    བོད་རེ་བས་ཕུང་རྒྱ་དཱོགས་པས་ཕུང་ཟེར་བའི་གཏམ་དེ་
    མ་རེད་དམ་?

  11. ཀརྡོ་རབ་འབྱམས་པ་ says:
    2016-12-14 at 2:12 am

    ཨ་ནུས། གསར་འགྱུར་བོད་ཡིག་ཏུ་ཕབ་པ་རྗེས་སུ་ཡི་རང་ཡོད་དོ།།

  12. ཅོ་རི་ཉི་མ། says:
    2016-12-14 at 8:10 am

    དྲ་གྲོགས་ཨ་ནུ་ཐང་ལགས་ཀྱི་གསལ་བཤད་གནང་བར་བཀའ་དྲིན་ཆེ། བསམ་ཚུལ་མ་མཐུན་པ་རེ་བཟུང་འདུག་ཀྱང་གསལ་བཤད་མི་བྱ།

    དེ་ནས་ནོར་བུ་ལགས་ཟེར་བ་ཞིག་གི་གོ་ལ་གཅིག་གྱུར་ཟེར་བའི་སྐད་ཆ་བཤད་འདུག་པས་དེའི་སྐོར་བསམ་ཚུལ་ཏོག་ཙམ་བརྗོད་ཆོག་པ་ཞུ། ཡུང་རོབ་གཅིག་གྱུར་ཟེར་བ་དང་རྒྱ་ནག་གཅིག་གྱུར་ཟེར་བ། གོ་ལ་གཅིག་གྱུར་ཟེར་བའི་སྐད་ཆ་འདི་དག་དངོས་ཡོད་སྤྱི་ཚོགས་ནང་དུ་ལག་ལེན་སྟར་དུས་བདེ་འཇགས་ལས་རྙོག་དྲག་མང་བ་དང་། ཞི་བདེ་ལས་འཐབ་འཛིང་མང་བའི་སྲིད་ཇུས་ཤིག་རེད།

    ས་ཡི་གོ་ལའི་སྟེང་དུ་འགྲོ་བ་མིའི་རིགས་དང་པོ་བྱུང་དུས་སུ་གོ་ལ་གཅིག་གྱུར་ཡིན་པ་ལས་ས་མཚམས་དང་ཆུ་མཚམས། རྒྱལ་མཚམས་མེད། དེ་ནས་རིམ་པའི་རྒྱལ་ཁབ་བཙུགས་ནས་ས་མཚམས་བྱུང་བ་རེད། གོ་ལ་གཅིག་གྱུར་གྱི་དུས་རབས་མཇུག་རྫོགས་སོང་བ་རེད། གོ་ལ་གཅིག་གྱུར་གྱི་དུས་རབས་ལ་བསྐྱར་ལོག་རྒྱབ་ཐུབ་མི་སྲིད་པ་རེད། དེ་ཡང་ས་ཡི་གོ་ལའི་ཐོག་གི་མི་སྡེ་ཡི་སྤྱི་ཚོགས་ཁག་གིས་རང་སོ་སོས་རྒྱལ་ཁབ་བཙུགས། ཐོབ་ཐང་དང་བདག་དབང་གི་ཁྲིམས་ལུགས་མང་པོ་གཏན་འབེབས་བྱས།

    ས་ཡི་གོ་ལའི་ཐོག་གི་མི་རྣམས་ལ་སྐྱེས་དུས་ནས་རང་ཆོས་གྲུབ་པའི་བདག་འཛིན་ཡོད། བདག་འཛིན་འདིས་ཀུན་སློང་བྱས་ནས་་ཐོབ་ཐང་དང་བདག་དབང་གི་ཆེད་དུ་འཐབ་འཁྲུག་བྱས། བདག་འཛིན་ཅན་གྱི་མི་རྣམས་ལ་རང་སོ་སོའི་ཐོབ་སྐལ་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་འབེབས་བྱས། གོ་ལ་འདིར་འགྲོ་བ་མིའི་རིགས་ཀྱིས་དབང་སྒྱུར་བྱས་ནས་ཡོད། འགྲོ་བ་མི་རྣམས་བདག་འཛིན་གྱིས་དབང་སྒྱུར་བྱས་བསྡད་ཡོད།

    རང་བཞིན་ལྷན་སྐྱེས་ཀྱི་རྒྱུད་ལ་ཡོད་པའི་བདག་འཛིན་གཞིར་བཞག་ནས་གོ་ལའི་ཁ་ཕྱོགས་འཁོར་སྟངས་ལ་བལྟ་དགོས་པ་ནི་དངོས་ཡོད་གནས་ཚུལ་རེད། སྙིང་རྗེ་སྤུ་སོབ་མ་ཞིག་དང་སྤྱི་སེམས་རང་དོན་ཅན་ཞིག་གཞིར་བཞག་ནས་གོ་ལའི་ཁ་ཕྱོགས་འཁོར་སྟངས་ལ་འགྲེལ་བཤད་བརྒྱབ་ན་དོན་དངོས་དང་མི་མཐུན་ལ་་་་མ་འོངས་གོ་ལའི་ལམ་ཕྱོགས་དང་ཡང་རྒྱབ་འགལ་ཏག་ཏག་ཆགས་ངེས་ཡིན།

    ཤཀྱའི་ཆོས་ལུགས་ཀྱི་ངོས་ནས་སོ་སྐྱེས་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་བདག་འཛིན་ཡོད་པར་གསུངས་ཡོད། འདི་ནི་དོན་དངོས་དང་མཐུན། དོན་དངོས་འདི་གཞིར་བཞག་ནས་ཐོབ་ཐང་དང་བདག་དབང། ས་མཚམས་ཆུ་མཚམས། རང་དབང་དང་རང་བཙན་ཁས་ལེན་དགོས་པ་ལས་ལག་ལེན་གྱི་ཐོག་ནས་ཡོང་ཡ་མེད་པའི་གོ་ལ་གཅིག་གྱུར་ཟེར་བའི་རྨི་ལམ་སྐྱིད་པོ་དེ་མ་གཏོང་ན་དགའ་ལེ་རེད་དོ།། ནོར་བུ་ལགས་ཀྱིས་གོ་ལ་གཅིག་གྱུར་བྱས་ནས་དབང་སྒྱུར་བྱ་འདོད་ཀྱི་རྨི་ལམ་བཏང་གི་ཡོད་ན་ནི་ཅོ་རིས་ངོས་ནས་ཁྱོད་ཀྱི་རྨི་ལམ་ནི་སྒྱུ་མའི་གོ་ལའི་དབང་སྒྱུར་རེད་ཅེས་ཞུ་རྒྱུ་ཡིན་ནོ་་་་་ཧཧཧ་་་དགོངས་འགལ་མེད་པ་བྱོས།

  13. ཅོ་རི་ཉི་མ། says:
    2016-12-14 at 8:35 am

    ཚོང་པས་ཚོང་བརྒྱབ་པ་དེ་ཡང་རང་གི་ཁེ་ཕན་གྱི་ཆེད་དུ་རེད།་སྤྲང་པོས་ཟས་སློང་བ་དེ་ཡང་རང་གི་ཁེ་ཕན་གྱི་ཆེད་དུ་རེད། བླ་མས་ཆོས་གསུངས་པ་དེ་ཡང་རང་གི་ཁེ་ཕན་གྱི་ཆེད་དུ་རེད།

    སྲང་ལམ་ཁྱི་འཁྱམ་ཁེ་ཕན་ཆེད་དུ་རྒྱུགས།
    ཁྲོམ་གྱི་ཚོང་དཔོན་ཁེ་ཕན་ཆེད་དུ་རྒྱུགས།
    ཆོས་ལུགས་བླ་མ་ཁེ་ཕན་ཆེད་དུ་རྒྱུགས།
    མདོ་ན་སེམས་ཅན་ཐམས་ཅད་བང་འགྲན་ནས།
    ཁྱོད་ལས་ང་མགྱོགས་ཁེ་ཕན་ཆེད་དུ་རྒྱུགས།
    རྒྱུགས་རྒྱུགས་ཀྱི་མཐའ་མར་བསླེབས་ས་ནི།
    གཤིན་རྗེའི་དུར་ཁང་འདི་ལས་ངས་མ་མཐོང་།་་་་་་ཧཧཧ

  14. ཅོ་རི་ཉི་མ། says:
    2016-12-14 at 8:41 am

    རྒྱུགས་རྒྱུགས་རྒྱུགས་ཀྱི་མཐའ་མར་བསླེབས་ས་ནི།་་་་ནོར་བཅོས

  15. ཀརྡོ་རབ་འབྱམས་པ་ says:
    2016-12-14 at 10:06 am

    ངའི་ཅོ་རི།
    དད་པ་མེད་པའི་ཅི་རི།
    བླ་མ་མེད་པའི་ཅོ་རི།
    ལ་རྒྱ་ཡོད་པའི་ཅོ་རི།
    རང་བཙན་ངར་བའི་ཅོ་རི།

  16. ཨ་ནུ་ཐང་བསོད་ནམས says:
    2016-12-14 at 11:58 am

    ཐུགས་རྗེཆེ་ཅོ་རི། བསམ་ཚུལ་ཡག་པོ་གསུངས་འདུག

  17. ཨ་ནུ་ཐང་བསོད་ནམས says:
    2016-12-14 at 11:59 am

    མ་གཞི་ཁྲོ་རྒན་འདི་ཚོང་པ་ཞིག་དང་ཨ་རིའི་ཁེ་ཕན་དོན་གཉེར་ཅན་ཞིག་ཡིན་པས། བོད་དང་ཐེ་ཝན་གྱི་གནད་དོན་གྱིས་ཨ་རི་ལ་ཕན་ཐོགས་ཡོད་ན། ཁོས་འཛེམ་ཟོན་མེད་པ་དོ་བདག་བྱེད་མཁན་ཞིག་ཡིན་པ་མ་ཟད། མེད་ན་འཛེམ་ཟོན་མེད་པས་གཡུག་མཁན་ཞིག་ཡིན། དེ་བརྟེན། གལ་སྲིད་བོད་ཀྱི་གནས་སྟངས་ཀྱིས་ཁོ་ལ་ཕན་ཐོགས་ཡོད་པ་བོད་ཀྱིས་ཁོ་ལ་ངོ་སྤྲོད་བྱེད་ཐུབ་པའམ། ཁོས་དེ་ལྟར་མཐོང་བ་ཡིན་ན། ཁོས་བོད་ལ་མཉམ་འབྲེལ་གྱིས་རོགས་སྐྱོར་བྱེད་ངེས་རེད། ཡིན་ཏེ། བོད་པ་བེད་སྤྱོད་བཏང་བ་ཡིན་ན། ནུས་བ་ཐོན་པས་རེད། ནུས་བ་ཅི་ལྟར་ཐོན་མིན་ནི་བོད་འཇོན་ཐང་ལ་རག་ལས་ཡོད། འོན་ཀྱང་། ཐེ་ཝན་ལ་བོད་ལས་འཇོན་ཐང་ཡོད་པས་ཁྲོ་རྒན་གྱིས་དོ་བདག་བྱས་ཟིན་པ་མ་ཟད། ད་ལྟ་མཉམ་ལས་ཀྱིས་ཐེ་ཨ་གཉིས་ལ་ཕན་ཐོགས་ཆགས་ངེས་རེད།

    ཁོས་ཐེ་ཝན་ལ་འབྲེལ་བ་བྱེད་པའང་ཐ་ཝན་གྱི་གནད་དོན་བེད་སྤྱོད་ཀྱིས་རྒྱ་ནག་ལ་ཚོད་འཛིན་དང་། ཨ་རིའི་འདོད་པ་བཞིན་རྒྱ་ནག་གྲོས་མོལ་དུ་བཀུག་ནས་དཀའ་རྙོག་གི་གནད་དོན་མང་པོའི་ཐོག་ཏུ་གོང་ཚད་གཏམ་འདོད་པས་རེད། ད་ལྟ་ནས་ཐེ་ཝ་ལ་འབྲེལ་བ་བྱས་བ་དང་། རྒྱ་ནག་གཅིག་སྲིད་ཇུས་ལ་དོགས་པ་ཡོད་ཅེས་བར་ནུས་བ་ཐོན་ནས་རྒྱ་ནག་ཕྱོགས་ནས་ཁྲོ་རྒན་གྱི་མི་དང་གྲོས་མོལ་བྱེད་བཞིན་པའི་སྒང་རེད། ཁྲོ་རྒན་འདི་སྤྱང་བ་ལ།

    རྒྱ་ནག་ཡིན་ཡང་ད་བར་དུ་བྱང་ཀོ་ར་ཡ་བེད་སྤྱོད་བཏང་ནས་ནུབ་ཕྱོགས་དང་། ལྷོ་ཀོ་རི་ཡ། ཉིན་ཧོང་སོགས་ལ་གནོད་ཤུགས་སྤྲད་པ་མ་ཟད། མང་གཙོའི་རྒྱལ་ཁག་གི་གནོད་ཤུགས་རྒྱ་ནག་ལ་དེ་ཙམ་མི་ཡོང་རྒྱུའི་ཚ་སྐྱིབས་བྱེད་བཞིན་ཡོད། ལྷག་པར་དུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་བེད་སྤྱོད་ཀྱིས་ཨ་རི་དང་ཡོ་རོབ་ཀྱི་ལག་ནས་གྲོས་མོལ་སྐབས་ཁེ་ཕན་ལེན་བྱེད་གནང་བཞིན་ཡོད། ད་ཐེངས་ཁྲོ་རྒན་གྱིས་ཐེ་ཝན་རྒྱུད་ནས་རྒྱ་ནག་ལ་དེ་ལྟར་གནང་བ་ནི། རྒྱ་ནག་གི་རིག་པ་བེད་སྤྱོད་བཏང་ནས་ཁ་གཏད་འཇལ་བ་ལྟར་ཆགས་པས། རྒྱ་ནག་གི་མགོ་ན་རུ་བཅུག་ཡོད། མགོ་ནད་འདི་རྒྱ་ནག་གིས་ཅི་ལྟར་བཅོས་མིན་ནི་ལྟད་མོ་ལྟ་ཡུལ་དུ་གྱུར་ཡོད། འོན་ཀྱང་། མགོ་ནད་འདི་སྤྲད་མཁན་ནི་རྒྱ་ནག་ལ་ཧ་ཅང་གི་ཆ་རྒྱུས་ཡོད་མཁན་དང་། རྒྱ་ནག་དང་ལྷན་དུ་སྒོར་མོ་ཁྲི་ཕྲག་མང་པོ་བཟོ་མཁན། ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་རིང་ལ་རྒྱ་ནག་གི་བརྗོད་གཞི་བྱས་བའི་དེབ་བརྒྱ་ཕྲག་མང་པོ་ཀློག་མཁན་ཏེ། རྒྱ་ནག་གི་སེམས་ཁམས་ལ་རྒྱུས་མངའ་ཟབ་པའི་གྲོས་མོལ་གཏམ་མི་ཆེད་མཁས་བ་ཁྲོ་རྒན་རེད། དེ་བརྟེན། དེ་ལ་རིན་མེད་ངང་རྒྱ་ནག་གིས་དྲགས་སུ་བཅུག་ཐབས་མེད་པ་ཆགས་ཡོད།
    http://m.ltn.com.tw/news/politics/breakingnews/1915481
    རྒྱ་ནག་གིས་ཁྲོ་རྒན་གྱི་ཕྱོགས་ཁག་ལ་འབྲེལ་མོལ་གནང་འགོ་ཚུགས་འདུག་ཟེར།

  18. ཅོ་རི་ཉི་མ། says:
    2016-12-14 at 2:10 pm

    ༡་་་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་Dwight D. Eisenhower་མཆོག་གིས་སྲིད་དབང་འཛིན་སྐབས་སུ་བོད་ལ་རྒྱབ་སྐྱོར་བྱས་ཡོད། བོད་ཀྱི་ས་ཤོར་སྐབས་སུ་Dwight D. Eisenhower་མཆོག་ཨ་རིའི་སྲིད་རེད། མདོ་ཁམས་ཆུ་སྒང་དྲུག་གི་དམག་མི་ལ་གོ་ལག་ཆ་ཡིས་རོགས་རམ་བྱས་ཡོད།་་་བཀའ་དྲིན་ཆེན་པོ་རེད།

    ༢་་་ཨ་རིའི་སྤྱི་མཐུན་ཚོངས་པའི་སྲིད་འཛིན་George H. W. Bushམཆོག་གིས་སྲིད་དབང་འཛིན་སྐབས་སུ་བོད་མི་གཅིག་སྟོང་ཨ་རི་ལ་ལེན་ཡོད།་་་བཀའ་དྲིན་ཆེན་པོ་རེད།

    ༣་་་དེང་སང་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་ཕོ་རྒོད་ཁྲོམ་ཕི་མཆོག་གིས་སྲིད་དབང་འཛིན་པའི་དུས་སྐབས་བསླེབས་ཡོད། ཁོང་རང་ཉིད་ཀྱི་གཤིས་ཀ་དང་མི་གཞི་གང་ལ་བལྟས་ནའང་ཉམ་ཆུང་མི་ཡི་མཐའ་ནས་སྐྱོང་མཁན་ཞིག་དང་བཙན་པོའི་གཉའ་གནོན་མཁན་ཞིག་རེད། བོད་ལ་རྒྱབ་སྐྱོར་བྱེད་ངེས་རེད། དབང་ཤུགས་ཆེ་བའི་རྒྱ་ནག་དམར་ཕྱོགས་ཚོགས་པའི་ཁ་གཏད་བཅག་པ་ལ་བོད་དང་ཡུར་གུར། ཐད་ཝན་དང་ཧོང་ཀོང་སོགས་བེད་སྤྱོད་གཏོང་ངེས་རེད།

    ༤་་་་ཡིན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་བོད་ཀྱི་གོང་ས་ཏྭ་ལའི་བླ་མ་གཙོ་གྱུར་པའི་བོད་མི་མང་པོས་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཕོ་རྒོད་ཁྲོམ་ཕི་མཆོག་ལ་རྒྱབ་སྐྱོར་བྱས་མེད་ལ་སྐྱོན་བརྗོད་བྱས། དཀར་ནག་གོ་ལྡོག་གི་ལས་ཀ་འདི་ནི་འཛམ་གླིང་ཐོག་ཏུ་བསྒྲགས་ཟིན་པ་རེད། དེས་རྒྱུ་མཚན་གྱིས་དེང་སང་ཐད་ཝན་འཛམ་གླིང་གི་ཆབ་སྲིད་ཀྱི་འཐབ་རའི་ནང་དུ་སྐད་གྲགས་ཆགས་པ་ལས་བོད་ནི་གོ་མེད་ཚོར་མེད་ལྟ་བུ་ལ་གྱུར་ཡོད། ང་ལ་སེམས་འཁྲུལ་ཆེན་པོ་འདུག

    ༥་་་་ཨ་རིའི་མཐུན་ཚོགས་པའི་ལངས་ཕྱོགས་བོད་ལ་ཡག་པོ་ཡོད། བོང་རྒན་དམངས་གཙོ་ཚོགས་པའི་སྲིད་འཛིན་དེ་དག་ནི་བོད་བཙོང་མཁན་ཡིན་ཟེར་ནའང་ཆོག་པ་ཡོད། བོང་བུ་ཨོ་བྷོ་མས་གོང་ས་ཏྭ་ལའི་བླ་མ་ལ་མཐོང་ཆུང་བྱས།་་་གོང་ས་ཏྭ་ལའི་བླ་མ་དང་སྐུ་ཚབ་རྒྱ་རི་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་གད་སྙིགས་གཡུགས་སའི་གློ་སྒོ་ནང་ནས་མར་གཡུགས་མྱངས་བ་རེད། ཡིན་ཀྱང་བཟང་ངན་དབྱེ་བ་མི་ཤེས་མཁན་གྱི་དཀར་ནག་གོ་ལྡོག་ཅན་གྱི་མི་འདི་ཚོས་ཧེ་ལེ་རི་ལ་རྒྱབ་སྐྱོར་བྱས། འགྱོད་པ་རྟ་ཡིས་མི་ཟིན་བའི་ལས་ཀ་བྱས་ཚར་བ་རེད་དོ།

  19. ཅོ་རི་ཉི་མ། says:
    2016-12-14 at 2:39 pm

    ཀརྡོ་རྨོངས་དད་མགོ
    ང་ཅོ་རི་ལ་བླ་མ་ཡོད།་རྩ་བའི་བླ་མ་ཡོད། ཏྲེ་ཧོར་བཀའ་འགྱུར་བླ་མ་དང་ཏྲེ་ཧོར་མཁན་ཟུར་ཐུབ་བསྟན་ཉི་མ་མཆོག མཐུ་སྟོབས་ཆེན་ཆུང་གཉིས་རྩ་བའི་ངའི་བླ་མ་རེད། ང་ཅོ་རི་རྟོག་གེ་སྨྲ་བ་ཞིག་ཆགས་བཅུག་མཁན་བླ་མ་ཁོང་ཚོ་རེད།

    ང་ཅོ་རི་ལ་ཆོས་དད་ཡོད། ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་དགའ་དད་ཡོད། རྟོགས་པའི་བསྟན་པ་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་དགའ་དད་ཡོད། བདག་འཛིན་ངོས་ཟིན་པའི་ཐོག་ནས་བདག་མེད་རྟོགས་པའི་ཤེས་རབ་ལ་དགའ་བ་སྒོམ་མཁན་ཞིག་ཡིན། དགག་བྱ་བདེན་པ་གྲུབ་པ་ངོས་ཟིན་པའི་ཐོག་ནས་སྒྲུབ་བྱ་སྟོང་པ་ཉིད་ལ་བློ་སྦྱོང་མཁན་གྱི་བུ་ཞིག་ཡིན།་་་་ཧཧ་་་་ལུག་མགོ་ཅན་ཁྱོད་ཀྱིས་ཁ་བཙུམ

  20. ཅོ་རི་ཉི་མ། says:
    2016-12-14 at 2:49 pm

    རི་བོ་དགེ་ལུགས་པའི་གོང་ས་ཏྭ་ལའི་བླ་མ་གཙོ་བོ་གྱུར་པའི་སེར་འབྲས་དགའ་གསུམ་གྱི་དགེ་ལུགས་པའི་ཆེ་ཆེ་དྲག་དྲག་ཚང་མ་མཁས་པའི་ཁྱུ་མཆོག་ཏྲེ་ཧོར་མཁན་ཟུར་ཐུབ་བསྟན་ཉི་མ་མཆོག་དང་ཐུག་དུས་སྲན་འབུ་མེ་ཁྱེར་ལྟ་བུ་ལ་གྱུར་འགྲོ་གི་རེད། ངས་མཐོང་མྱངས་པའི་སྐད་ཆ་ཡིན། ངའི་རྩ་བའི་བླ་མ་སྐྱེས་མཆོག་ཁོང་ལྟ་བུ་བརྟེན་མྱངས་བ་ལས་རིག་ལམ་མེད་པའི་བླུན་པོ་ནོར་རྐྱལ་ཅན་དེ་འདྲ་བརྟེན་མྱངས་མེད་་་་ད

  21. ཀརྡོ་རབ་འབྱམས་པ་ says:
    2016-12-14 at 3:08 pm

    #19 ཅོ་རི་ཉི་མ། ་ལགས་ཀྱིས་སྤེལ་དོན།:
    December 14th, 2016 at 2:39 pm
    ཀརྡོ་རྨོངས་དད་མགོ
    ང་ཅོ་རི་ལ་བླ་མ་ཡོད།་རྩ་བའི་བླ་མ་ཡོད། ཏྲེ་ཧོར་བཀའ་འགྱུར་བླ་མ་དང་ཏྲེ་ཧོར་མཁན་ཟུར་ཐུབ་བསྟན་ཉི་མ་མཆོག ་་་་་་་་་་་་་
    ་་་་་་་་་བློ་སྦྱོང་མཁན་གྱི་བུ་ཞིག་ཡིན།་་་་ཧཧ་་་་ལུག་མགོ་ཅན་ཁྱོད་ཀྱིས་ཁ་བཙུམ ་་་་་་་་་་་་
    ་
    ལགས་སོ། ལགས་སོ། དགོངས་དག དགོངས་དག ཅོ་ཅོ་རི་ལགས།། །།

  22. ཅོ་རི་ཉི་མ། says:
    2016-12-14 at 3:11 pm

    བསམ་བློ་ཡག་པོ་ཞིག་ཐོངས་དང་་་ཨ་ནུ་ལགས། ཐད་ཝན་ལས་བོད་ཀྱི་ནུས་པ་ཆེ་བ་ཡོད། དཔལ་འབྱོར་གྱི་ཐོག་ནས་བཤད་ན་ས་འོག་གཏེར་ཁ་དང་ས་སྟེང་སྨན་རྩྭ་ཡིས་ཁེངས་ནས་ཡོད། ཡོད་ཚོད་ཐམས་ཅད་པོ་དངུལ་རེད། ཆུ་ཡི་འབྱུང་ཁུངས་ཀྱི་ཆ་བལྟས་ན་མི་འབོར་དུང་ཕྱུར་མང་པོའི་འཚོ་རྟེན་ཆགས་ཡོད།་

    ས་ཁྱོན་གྱི་ཆ་ནས་བལྟས་ན་ཐད་ཝན་གྱི་ས་ཁྱོན་ལས་བོད་ཀྱི་ས་ཁྱོན་ཆེ་བ་ཡོད། དམག་ས་ཡི་ཆ་བལྟས་ན་སྐམ་སའི་ཐོག་ནས་བོད་ཀྱི་ས་ཆ་ནི་དམག་ས་གལ་ཆེན་ཆགས་ཡོད། ཕྱོགས་གང་ལ་བལྟས་ནའང་བོད་ལ་ནུས་པ་ཆེན་པོ་ཡོད། ཡིན་ཀྱང་ཆབ་སྲིད་ལངས་ཕྱོགས་ཀྱི་ཆ་ནས་བོད་ནི་རྗེས་ལུས་ནང་གི་ཡང་ལུས་རེད། གོ་ལའི་ཁ་ཕྱོགས་དང་དམངས་གཙོ་འཕེལ་ཕྱོགས་དང་མི་མཐུན་པའི་དབུ་མའི་ལམ་གྱི་སྲིད་ཇུས་འདིས་བོད་ཕུང་ལ་སྦྱར་བཞིན་ཡོད།

  23. ཨ་ནུ་ཐང་བསོད་ནམས says:
    2016-12-14 at 4:11 pm

    ཅོ་རི་ལགས། མཆན ༡༨ པ་ཧ་ཅང་གི་མོས་མཐུན་ཡོད། ངས་བསམ་ཚུལ་བྲིས་བས་ཡོང་ཡང་དེ་དང་གཅིག་པ་ལས་གཞན་མེད། དེ་ལྟར་འབྲི་འདོད་སྐྱེས་ཀྱང་མང་བ་དོགས་ནས་རྩོམ་ཡིག་འདི་དང་ལྷན་དུ་བྲིས་མེད།

    ཐེ་ཝན་ལས་བོད་ནུས་བ་ཆེ་བ་ཡོད་ཅེས་བ་ནི་ས་ཁྱོན་དང་ཐོན་རྫས་ཀྱི་ཆ་ནས་བསྡུར་འདུག་པས་ངས་དེ་ལྟར་བརྗོད་ཀྱི་མེད། མི་འབོར་དང་ཤེས་ཚད། ཆབ་སྲིད་ཀྱི་ལྟ་བ་དང་མིའི་ཤེས་འཇོན་གྱི་ཆ་ལ་བརྗོད་ཀྱི་ཡོད། ངས་འཛམ་གླིང་སྤྱི་འགྲོས་ཀྱི་ཚད་གཞི་བརྩི་སྟངས་ལྟར་མིའི་ནུས་བ་དང་འཇོན་ཐང་། ཤེས་ཚད་སོགས་ལ་ལྟོས་ནས་རྗེས་ལས་དང་སྔོན་ཐོན་གྱི་ཁྱད་པར་འབྱེད་ཀྱིན་ཡོད་པ་ལས། ས་ཆ་ཆེ་ཆུང་དང་། གཏེར་ཁ་ཡོད་མེད་ཀྱིས་འབྱེད་ཀྱིན་མེད། དེ་ལྟར་ཡིན་ན་ར་ཤི་ཡ་དང་ཨ་ཧྥུ་རིའི་རྒྱལ་ཁབ་མང་པོ། རྒྱ་ནག་སོགས་འཛམ་གླིང་གི་ཆེས་སྔོན་ཐོན་ཡིན་དགོས་བས་ཡིན།

    མིའི་ཤེས་ཚད་དང་ལག་རྩལ། དཔལ་འབྱོར་གྱི་སྟེང་ནས་བསྡུར་ན་ཐེ་ཝན་ནི་ལྡབ་བརྒྱ་ཕྲག་མང་པོའི་བོད་ཀྱི་སྔོན་དུ་ཤོར་ཡོད་པ་ཉིད་ཀྱིས་གསུངས་ལྟར་རེད། ངས་དེ་ལ་ཟེར་གྱི་ཡོད།

    རྒྱ་ནག་ཡིན་ཡང་ཐེ་ཝན་གྱི་ས་ཆ་དེ་དུང་ཡང་དབང་འོག་ཏུ་བསྡུ་མ་ཐུབ་པ་ལྷག་ཡོད། འོན་ཀྱང་། བོདཔ་ལ་ས་ཆ་ཅི་ལྟར་ཆེ་ཡང་མི་ཡིས་མ་འཇོན་པ་བསམ་བློ་དང་ནུས་བས་རྗེས་ལུས་ཐེབས་པས། དེ་དག་སྲུང་མ་ཐུབ་པ་ཚང་མ་རྒྱ་འོག་ཏུ་ཤོར་ཟིན་ཡོད། ཐ་ན་ད་ལྟ་བོད་མི་ཚོས་མ་འཇོན་པས་ཨ་རིའི་ལག་ཆ་ཙམ་ཡང་ཉན་རྒྱུ་དཀའ་ལས་ཁག་པོ་ཆགས་བཞིན་ཡོད།

  24. ཅོ་རི་ཉི་མ། says:
    2016-12-14 at 4:39 pm

    ཨ་ནུ་ཐང་ལགས་ཁྱོད་བདེན། ཐད་ཝན་མི་དམངས་ལ་ཤེས་འཇོན་ཡོད་ནས་རྒྱལ་གཅེས་པ་ལྕམ་ཚའི་ཡུང་ཝན་སྲིད་འཛིན་ལ་གདམ་ཐུབ་པ་རེད། བཙན་བྱོལ་མི་དམངས་ལ་ཤེས་འཇོན་མེད་ནས་རྒྱལ་གཅེས་པ་ཀླུ་བྱམས་ལགས་ཁྱི་སྐྱག་གཡུགས་གཡུགས་བྱས་པ་རེད།

    གལ་སྲིད་རྒྱལ་གཅེས་པ་ཀླུ་བྱམས་སྲིད་སྐྱོང་ཆགས་ཐུབ་ཡོད་ན་འཛམ་གླིང་གི་ཆབ་སྲིད་འཐབ་རའི་ནང་དུ་བོད་ཡང་ཐད་ཝན་ལྟར་གླེང་གཞི་གཙོ་བོ་ཞིག་ཆགས་ཡོད་ངེས་ཡིན།་་་བོད་མི་རྨོངས་དད་མགོ་འདི་དག་གིས་བོད་ཕུང་ལ་སྦྱར་བཞིན་ཡོད་རེད། ཨ་རིའི་ཕོ་བྲང་དཀར་པོའི་ནང་དུ་འགྲོ་ལམ་དང་འབྲེལ་ལམ་རང་ངོས་བཀག་ཡོད་རེད། བོད་མི་དམངས་ལས་ཐད་ཝན་མི་དམངས་ཀྱི་ཤེས་འཇོན་ཡོད་པ་ནི་ཁྱོད་ཀྱི་གསུངས་ལྟར་རེད་ཞུ་རྒྱུ་ཡིན་ནོ།

    མཆན་༡༨་པ་ལ་མོས་མཐུན་གནང་བར་དགལ་པོ་བྱུང་། ཡིན་ཀྱང་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྔོན་དུ་ང་ཅོ་རིས་རྩོམ་ཡིག་གཉིས་བྲིས་པ་ཡིན། དེར་དུས་བློ་མཐུན་ཚོས་ང་ལ་རྒྱབ་སྐྱོར་བྱས་མ་བྱུང་བས་བློ་ཕམ་བྱུང་ཞུ་རྒྱུ་ཡིན།

  25. ཨ་ནུ་ཐང་བསོད་ནམས says:
    2016-12-14 at 5:01 pm

    རྩོམ་ཡིག་དེ་མཐོང་མ་སོང་བས་དགོངས་དག་ཞུ། ཁ་བརྡ་ལ་མ་ཡོང་བས་རྒྱུན་རིང་འགོར་སོང་།

  26. ཀརྡོ་རབ་འབྱམས་པ་ says:
    2016-12-15 at 2:04 am

    ཀླུ་འབྱམས་སྲིད་སྐྱོང་འཁོད་པའི་ཉིན་ནས། ང་བོད་རིགས་མི་སེར་ནས་བུད་འགྲོ་བགྱི་ཡིན་ནོ། ཅོ་རི་ལགས།། །།

  27. རླུང་ཐོག། says:
    2016-12-18 at 11:58 am

    མི་འགའ་དེང་སང་དམར་ཤོག་ཚོགས་ཁུངས་སུ་འཛུལ་བར་བྲེལ་འདུག
    ཀྱང་། དམར་ཤོག་པས་ཡ་བྱེད་ཁག་པོ་རེད་བསམ། བཤད་ཡོང་ན་དགའ་ལྡན་ཕོ་བྲང་ཟེར་བ་དེ་དར་ནས་བཟུང་ད་བར་བོད་རྒྱ་འོག་ཏུ་
    རྫོང་གང་ཐུབ་བྱས་འདུག ཡིན་ཡང་དགེ་ལུགས་པ་ལ་ཁེ་ག་རེ་རག་ཡོད་
    མེད་མི་ཤེས། དགེ་ལུགས་པས་ཆོས་ལུགས་ཁོ་ན་མ་གཏོགས་རྒྱལ་ཁབ་
    ཟེར་བ་དེ་ལ་སྔ་ས་ནས་བསམ་བློ་གཏོང་མྱོང་མེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme