Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་གསོན་པ་ལས་ཁྱོད་ཤི་བ་ངོ་མཚར་ཆེ།

Posted on 2016-12-122016-12-12 By ཀླུ་ 5 Comments on ང་གསོན་པ་ལས་ཁྱོད་ཤི་བ་ངོ་མཚར་ཆེ།

cdcdcd–བུ་ཟུར་ཁ་ཅན། (རྨ་ཆུ།)

 
དོ་ནུབ་བོད་ཟླ་བཅུ་པའི་ཚེས་དགུ་རེད།
གནམ་ངོ་ཡང་ཧ་ཅང་དྭངས་ཀི
ཟླ་བ་དང་སྐར་མའི་ཚོགས་ཀྱང་ཁ་རོག་གེར།
ཁྱོད་ཀྱི་སྙིང་གི་འཕར་སྒྲ་དང་སྤོབས་པའི་མེ་ལྕེ་ལ།
གདུང་དབྱངས་ཀྱི་མཆོད་པ་བཤམས་ཤིང་།
མིག་ཆུ་དང་ཕངས་སེམས་ཀྱི་སྙན་ངག་བཞུར་དུ་བཅུག

དོན་ངོ་མ་ཁྱོད་སུ་ཚང་གི་ཡིན།
ཁྱོད་འགྲོ་ཁར། ང་ལ་དབང་མེད་ཀྱི་མིག་ཆུ་སློང་དོན་ཅི་ཡིན།
ཆུང་མ་དང་བུ་ཕྲུག་གཉེན་དགའ་མཛའ། སུ་ལ་ཡང་མ་ཆགས་པར།
དེ་འདྲའི་ངར་སྐད་དང་སེམས་ཤུགས་ཚ་བོས་བཞུད་དོན་ཅི་ཡིན།

ཁྱོད་དཔའ་ངར་གྱིས་ཡར་ཀླུང་ཁོག་ལ་མ་ཤོང་བའི།
ཁྱོད་དམག་ཤུགས་ཀྱིས་མདོ་ཁམས་སྨད་ལ་མ་ཆུད་པའི།
ཁྱོད་རིགས་ཞེན་གྱིས་ས་སྒང་ཧྲིལ་པོས་མ་ཐེག་པའི།
ཁྱོད་རྒྱ་ནག་རྒྱལ་པོ་ཁྲི་ལས་ཕབ་ནི་ཚང་གི་ཨེ་ཡིན།
ཁྱོད་རྒྱ་གར་རྒྱལ་པོར་དམག་གིས་འཇིགས་པ་སྟོན་ནི་ཚང་གི་ཨེ་ཡིན།
ཁྱོད་མཐའ་བཞི་དབང་དུ་བསྡུས་ནས་སྲིད་གསུམ་ཟིལ་གྱིས་གནོན་ནི་ཚང་གི་ཨེ་ཡིན།
ཁྱོད་དོན་ངོ་མ་སུ་ཚང་གི་ཡིན། ཅིའི་ཕྱིར་་་ ཅིའི་ཕྱིར་་་་

འབྲོག་རྩག་གྱོན་ཞིང་ཡིག་ངོ་མི་ཆོད་པའི་གསར་བུ་ཞིག
ཁྱིམ་གཞིས་འཛོམས་ཤིང་གཟའ་ཟླ་མཆིལ་མའི་ཐལ་བ་བཞིན་དོར་བའི་མི་སྐྱ་ཞིག
ཚེ་སྲོག་མེ་རུ་འབར་ཞིང་།
ཁྲག་གིས་ཡི་གེ་བྲིས།
དཔའ་ངར་དང་སྙིང་རུས་ཀྱིས་ས་ཆེན་པོར་འདར་ཤ་བསླངས།
རིགས་ཞེན་དང་བློ་ཁོག་གིས་གནམ་སྔོན་པོར་སྤར་འབྲད་བྱས།

ཁྱོད་ཀྱིས་རུས་པ་སར་བཙུགས་ནས་ཤ་ཁྲག་གི་འབུད་ཤིང་བྱས།
ཁྱོད་ཀྱིས་ཡན་ལག་དཔང་པོར་བཞག་ནས་དོན་ལྔ་སྣོད་དྲུག་གིས་བདེན་པ་བསྟན།
ཁྱོད་སྣོད་བཅུད་གཉིས་ཀྱི་ལོངས་སྤྱོད་གང་ལ་ཡང་མ་ཐོགས་པར།
འདི་ལྟར་གཟི་བརྗིད་དང་ཚུགས་ཐུབ་ཀྱིས་བཞུད་པ་དེས།
ང་ལ་རྒྱ་འགྱུར་ཤེས་ཡོན་པ་ཁྲི་ཕྲག་ལས།
ཁྱོད་ལྟ་བུ་གཅིག་གིས་མཁོ་བའི་སྐུལ་མ་ཐེབས།

ད་འདི་ནས་ཕར་སོང་ན།
ཁྱོད་ལྟ་བུ་ཕ་ཡུལ་ལ་སྐྱེ་རྒྱུ་མེད་འགྲོ་ན་ཐང་།
ངས་ངོ་མ་བཤད་ནི་་་

རྨ་ཆུ་ནས་༢༠༡༦/༡༢/༨ གྱི་མཚན་མོ་འབྲི་འགོ་བརྩམས་ཤིང་། ༢༠༡༦/༡༢/༩ མཚན་མོ་མཇུག་བསྐྱངས།

སྙན་ངག

Post navigation

Previous Post: དུར་ཐང་གི་ཞབས་བྲོ།
Next Post: རང་ལུས་མེར་སྲེག་རྗེས་སུ་མཐོང་བའི་ཀླུ་སྨྱོན་གྱི་ངོ་གདོང་སྐྱུག་བྲོ་བོ།

Comments (5) on “ང་གསོན་པ་ལས་ཁྱོད་ཤི་བ་ངོ་མཚར་ཆེ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-12 at 9:49 pm

    མི་ངན་འདི་ཚོས་སོ་སོས་ཅི་ཡང་བྱེད་མི་ཐུབ་པའི་ཁར་རང་སྲེག་བྱེད་མཁན་ཚོར་བསྟོད་པ་གནམ་ས་མི་ཤོང་བ་རེ་བྱས་པ་ངོ་རེ་ཚ། རང་བསྲེགས་བྱས་པ་ལས་འཚོ་ན་དགའ། རང་བསྲེགས་བཏང་བ་དེ་དོན་མེད་རེད། དེ་འདྲའི་རིགས་གཏན་ནས་བྱ་མི་རུང་། རང་དབང་ནི་སྐྱིད་པོ་ཞིག་འཚོ་བའི་ཆེད་དུ་ཡིན། རང་བསྲེག་བཏང་ནས་ཤི་སོང་ན་རང་དབང་གིས་ཅི་ཞིག་བྱ། མི་རིགས་ཀྱི་འཐབ་རྩོད་ཆེད་དུ་རང་ཉིད་ངེས་པར་དུ་འཚོ་དགོས་པ་རེད། །

  2. མྱྀ་ནག says:
    2016-12-12 at 11:41 pm

    རང་དབང་གི་དོན་དུ་བློས་གཏོང་བྱེད་མཁན་གྱི་མི་སྣ་དག་ལ་གུས་བཀུར་དང་ཡི་རངས་བྱེད་པ་ནི་མིའི་རིགས་ཐུན་མོང་གི་བཟང་སྤྱོད་ཅིག་ཏུ་ཀུན་གྱིས་ངོས་འཛིན་བྱེད་ཀྱི་ཡོད། དེ་ལ་བསྟོད་པ་ཙམ་བྱས་པའང་ནག་ཉེས་སུ་བགྲངས་པ་ནི་ཐལ་ཆེ་བ་ཞིག་ཏུ་བདག་གིས་འདོད། གནའ་ནས་ད་བར་དུ་ཆེ་བ་མིའི་རིགས་ནས་རྒྱལ་ཁབ་དང་མི་རིགས། ཐ་ན་སྐྱེས་བུ་སྒེར་གྱི་རང་དབང་གི་ཕྱིར་དུ་རང་སྲོག་བློས་གཏོང་བྱས་པའི་མི་སྣ་དག་ལ་བསྟོད་ཚིག་གི་མེ་ཏོག་གཏོར་བ་དང་། ཁོ་ཚོའི་མཛད་རྗེས་ལ་རྗེས་དྲན་གྱི་རྡོེ་རིང་བཞེངས་ཏེ་ཁོ་བ་ཚོའི་བདེན་པ་བསུ་བའི་རླབས་ཆེན་གྱི་མཛད་པ་དག་ཇི་སྲིད་དུ་མིའི་རིགས་ཀྱི་དྲན་ངོགས་སུ་བཞག་དང་འཇོག་གིན་ཡོད་པ་མིན་ནམ། དེ་ན་ང་ཚོས་ཀྱང་འུ་ཅག་ཐུན་མོང་གི་ཆེད་དུ་བཞུད་ཟིན་པ་དག་ལ་བསྟོད་པ་ཙམ་ཡང་བྱས་མ་ཆོག་པ་རེད་པས། ངས་ནི་སྐད་ཆ་འདི་རྒྱ་གཞུང་གི་དབང་འཛིན་པ་དག་ཁོ་ནས་ཤོད་ཀྱིན་པའི་སྐད་ཆ་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་མོད། ད་ནི་རང་མིའི་ཁྲོད་དུའང་འདི་ལ་བསྟོད་པ་བྱས་མི་ཆོག་ལབ་ན་འདི་ཡ་མཚར།

  3. ཀླུ་སྨྱོན། says:
    2016-12-12 at 11:46 pm

    མེར་སྲེག་མཁན་ཚོའི་ཁྲག་ཐིགས་པ་གཅིག་ཀྱང་འཕྲོ་བརླག་ལ་འགྲོ་གི་མ་རེད་ཟེར་མཁན་དང་འདི་རིགས་ཀྱིས་བོད་མི་རིགས་བསམ་བཞིན་དུ་མེ་ནང་ལ་འདེད་ཀི་ཡོད་པའི་སྣང་བ་འཆར་གི ང་ནོར་ཡོད་ཀྱང་སྲིད།

  4. ཀརྡོ་རབ་འབྱམས་པ་ says:
    2016-12-13 at 12:51 am

    མེར་སྲེག་མཁན་ཚོའི་ཁྲག་ཐིགས་པ་གཅིག་ཀྱང་འཕྲོ་བརླག་ལ་འགྲོ་བགྱི་མ་རེད་གསུངས་པ་འདི་སྔར་བྱུང་ཟིནད་པ་གོ་བ་ལས། ད་དུང་ཁྲག་གཏོང་ཤོག་ཟེར་བ་ལ་མི་གོ་སྟེ། གོ་ན་འཚེ་མེད་ཞི་བའི་ཐབས་ལམ་ཉམས་ཟིན་པའི་ཕྱིར་རོ།།

  5. ཀརྡོ་རབ་འབྱམས་པ་ says:
    2016-12-13 at 12:57 am

    རང་སྲེག་བྱེད་བཅུག་མཁན་དེ་བོད་ནང་གི་བོད་མི་ཚོ་ཡི་ནང་ལ་ཡོད་ན་མ་གཏོགས། བྱེས་ཀྱི་བོད་མི་་སུས་ཀྱང་་སྐུལ་དེད་བྱས་ཡོད་མ་རེད། དེས་ན་རང་སྲེག་གི་འགན་ལེན་རྒྱ་གཞུང་ངམ་དབང་བསྒྱུར་པ་ཚོ་ལ་ཡོད་པ་ལས། ཚད་མེད་ཞི་བའི་ལས་འགུལ་པ་ཚོར་མེད། ཀླུ་སྨྱོན་སྙན་དངགས་སྤེལ་ན་འོས་པ་ལས། ཆབ་སྲིད་བཤད་ན་རང་ཁུངས་ནང་དུ་ཁ་ཕོག་སྣ་ཕོག་འགྲོ་བཞིན་པ་དེ་ཡང་ཤེས་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme