Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཁམས་སྐྱེ་རྒུ་མདོར་རོགས་སྐྱོར་ལ་ཕེབས་མཁན་བུད་མེད་ཅིག་གི་སེམས་གཏམ་སྐྱུར་མོ།

Posted on 2010-05-092010-05-09 By ཁ་བརྡ་ 5 Comments on ཁམས་སྐྱེ་རྒུ་མདོར་རོགས་སྐྱོར་ལ་ཕེབས་མཁན་བུད་མེད་ཅིག་གི་སེམས་གཏམ་སྐྱུར་མོ།

གཡུ་ཞུན་གྱིས་ཡིག་ཐོག་ཏུ་ཕབ།
འདི་ལ་བསྣུན་ནས་ཉན་རོགས།
སྤྱི་ཟླ་༥པའི་ཚེས་༣ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཨམ་སྐད་ནང་ཁམས་སྐྱེ་རྒུ་མདོིའི་ས་འགུལ་གོད་ཆག་སྐོར་ལ་ས་གནས་དེར་དངོས་སུ་རོགས་སྐྱོར་དུ་སོང་བའི་ཨ་མདོའི་ཕྱོགས་ཀྱི་བུད་མེད་ཅིག་ལ་བཅར་འདྲིའི་བྱས་པའི་གནས་ཚུལ།

འགྲེལ་བཤད། སྤྱི་ཟླ་༤པའི་ཚེས་༡༤ཉིན་ཁམས་སྐྱེ་རྒུ་མདོར་ས་འགུལ་གྱི་གོད་ཆག་ཚབས་ཆེན་ཕོག་ནས་བོད་མི་སྟོང་ཕྲག་ཁ་ཤས་ཀྱི་ཚེ་སྲོག་འཕྲོག་ཡོད་པ་མ་ཟད་། མང་པོ་ཞིག་ལ་རྨས་སྐྱོན་དང་། ཡང་མི་མང་པོ་ཞིག་གི་ཁྱིམ་གཞི་མེད་པར་གྱུར་ཡོད་ལ་།
ས་འགུལ་གོད་ཆག་བྱུང་མ་ཐག་རྒྱ་ནག་དབུས་གཞུང་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་བར་མྱུར་སྐྱོར་གྱི་ལས་དོན་རྒྱ་ཆེན་སྤེལ་དང་སྤེལ་བཞིན་པའི་ཐད་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ན་འཚང་ཁ་ཤིག་གིས་དྲིལ་བསྒྲགས་བྱེད་བཞིན་ཡོད་མུས་ལ་མ་བལྟས་པར་།སྐྱེ་རྒུ་མདོའི་གནོད་ཁུལ་མི་མང་གི་གནས་སྟངས་དངོས་དེ་མང་ཚོགས་དང་ཕྱི་རྒྱལ་གྱི་གསར་འགྱུར་ནང་རྣམ་པ ་གཞན་ཞིག་ཡོང་གི་ཡོད་ཕྱིར་།དེ་རིང་འདིར་ས་འགུལ་རྒྱུགས་མ་ཐག་པའི་སྤྱི་ཟླ་༤པའི་༡༨ཉིན་ཁམས་སྐྱེ་རྒུ་མདོའི་གནོད་ཁུལ་དུ་རོགས་སྐྱོར་དངོས་རྫས་བསྐྱལ་ནས་སོང་མྱོང་པའི་མདོ་སྨད་ས་ཁུལ་གྱི་བུད་མེད་ཞིག་ལ་ཁ་པར་ཐོག་བཅར་འདྲི་བྱས་པའི་ཆ་ཤས་ཤིག་བཀོད་སྒྲིག་བྱས་ཡོད།

དྲི་བ། ཁྱེད་རང་ས་དེར་ནམ་ཞིག་སོང་བ་ཡིན་ནམ།

ལན། ཚེས་༤ཉིན་སོང་བ་ཡིན།རྒྱ་རྩིས་ཤེས་མ་སོང་བོད་རྩིས་(ཨ་མདོའམ་རྒྱ་མིའི་ལུགས་རྙིང་རྩིས་ལུགས།)ཀྱི་ཚེས་༤ཉིན་སོང་བ་ཡིན་ཚེས་༡ཉིན་ས་འགུལ་རྒྱུགས་པ་རེད།

དྲི་བ། རེད་རེད་།དེ་ཡིན་དུས་སྤྱི་ཚེས་༡༨ཉིན་རེད་།ཚེས་༡༤ཉིན་ས་འགུལ་རྒྱུགས་པ་རེད་།ཁྱེད་རོགས་སྐྱོར་ལ་ས་ཆ་གང་དུ་ཕྱིན་པ་ཡིན་ནམ། སྐྱེ་རྒུ་མདོ་གྲོང་བརྡལ་ཡིན་ནམ་གྲོང་གསེབ་ཅིག་ཡིན་ནམ།

ལན། སྐྱེ་རྒུ་མདོ་གྲོང་བརྡལ་ཏེ་ཡུལ་ཤུལ་ཁུལ་གྱི་ལྟེ་གནས་དེར་སོང་བ་ཡིན་།ང་ཚོ་ མི་ཁ་ཤས་ཚོགས་པའི་ཚབ་བྱས་ནས་བཟའ་བཏུང་དང་དངོས་རྫས་ཁྱེར་ནས་ཕྱིན་པ་ཡིན།ཡང་ཚོགས་པའི་ཚོགས་མི་ཚོས་འཛོམས་ཚོད་ཀྱིས་ཁ་ཤས་ཀྱིས་རྒྱ་སྒོར་ཆིག་སྟོང་སྟེར་མཁན་འདུག་ལ་ཁ་ཤས་ནས་རྒྱ་སྒོར་བརྒྱ་ནས་ཉིས་བརྒྱ་སུམ་བརྒྱ་རིགས་མི་འདྲ་བ་རེད་།དེ་ནས་དངུལ་དེ་དག་གིས་རྩམ་པ་དང་མར་ཆུར་།མགྱོགས་ཐུག་(སྟབས་བདེའི་ཐུག་པའང་ཟེར་།)སོགས་ཉོས་ནས་སོང་བ་ཡིན།

དྲི་བ། ཁྱེད་ཚོ་འགྲོ་དུས་(ལམ་ཁ་ནས)འགྲོ་རུ་འཇུག་གམ་ལམ་ཡིག་མི་དགོས་སམ།

ལན། ལམ་ཡིག་དགོས་ཚུལ་དང་འཀག་འགོག་བྱེད་པ་གོ་ཐོས་བྱུང་ཡིན་ནའང་ང་ཚོ་འགྲོ་དུས་ལམ་ཡིག་དགོས་མ་སོང་ལ་ལམ་བར་འགོག་མཁན་ཡང་མ་བྱུང་།

དྲི་བ། ཁྱེད་ཚོ་ཕེབས་དུས་ག་འདྲ་འདུག་གམ།

ལན། བཤད་མི་ཤེས་པར་སྐྲག་སྣང་ཆེན་པོ་རེད་།བླ་མ་མཁྱེན།

དྲི་བ། དེ་དུས་རོགས་སྐྱོར་བྱེད་མཁན་ཐོན་ཡོད་དམ། དམག་མི་དང་དགེ་འདུན་པ་གཉིས་ཀྱི་ནང་རོགས་སྐྱོར་བྱེད་མཁན་གང་མང་པོ་སླེབས་འདུག་གམ།

ལན། ཐོན་འདུག་དམག་མི་ཐོན་ཡོད་ལ་དགེ་འདུན་པ་ཚོའང་སླེབས་འདུག ཡིན་ནའང་ང་ཚོ་ས་དེར་ཐོན་ནས་ཉིན་གཉིས་རིང་བསྡད་པ་ཡིན་།དེའི་རིང་ལ་ང་ཚོས་བསྐོར་བ་རྒྱབ་ནས་མི་ཚང་སྐྱོ་བོ་དང་།ནད་པ་དང་རྒན་རྒོན་ཟ་མ་རེག་གི་མེད་པ་དེ་ཚོའི་ཁྱིམ་ལ་སོང་ནས་ཟ་མ་བྱིན་པ་ཡིན།ང་ས་དེར་བསྡད་པའི་རིང་དམག་མིས་ས་ལྕགས་ཁེམ་གང་འཕེན་པ་མཐོང་མ་སོང་།དེ་རང་གི་དཀོན་མཆོག་གསུམ་པོ་བདེན་དཔང་དུ་བཞག་ནས་མནའ་བསྐྱལ་ཆོག

དྲི་བ། ག་རེ་མི་འདུག

ལན། དམག་མིས་ས་རྐོ་བ་མི་འདུག

དྲི་བ། དེས་ན་ཁོ་ཚོས་(དམག་མི)ག་རེ་བྱེད་ཀྱིན་འདུག་གམ།

ལན། ཁོ་ཚོས་(དམག་མི)རླངས་འཁོར་ཡར་མར་གཏོང་བ་དང་ལྕགས་ཁེམ་ཁུར་ནས་ཡར་མར་བསྐྱོད་པ་མཐོང་གི་འདུག ཡིན་ནའང་གང་ལ་འགྲོ་བ་ཤེས་ཀྱི་མི་འདུག རྨས་མ་སྐྱོབ་ཀྱི་མི་འདུག་ལ་ཁང་བ་བརྡིབས་པའི་འོག་གི་ཅ་ལག་ཀྱང་ལེན་གྱི་མི་འདུག གང་ཡང་བྱེད་ཀྱི་མི་འདུག དགེ་འདུན་པ་ཚོས་བཤད་ན་འགོ་ཁྲིད་རྣམས་གཟིགས་སྐོར་ལ་སླེབས་དུས་དང་བརྙན་པར་རྒྱག་སྐབས་ལས་ཀ་ཅུང་ཙམ་རེ་བྱེད་ཀྱི་འདུག འགོ་ཁྲིད་ཚོ་ཕྱིར་ལོག་རྗེས་ལས་ཀ་མཚམས་འཇོག་གི་འདུག་ཟེར། ང་ཚོ་ས་དེར་ཉིན་གཉིས་རིང་བསྡད་པ་ཡིན། ཡིན་ནའང་དམག་མིས་ས་རྐོ་བ་མཐོང་མ་སོང་།

དྲི་བ། དེ་དུས་དམག་མི་མང་པོ་སླེབས་ཡོད་དམ།

ལན། བལྟས་ཚོད་ཀྱིས་དམག་མི་མང་པོ་འདུག ཡིན་ནའང་གྲངས་ཀ་ང་ཚོས་ཤེས་ཀྱི་མ་རེད།འོན་ཀྱང་ཁོ་ཚང་གི་(གཞུང་ཕྱོགས་ཀྱི་བརྙན་འཕྲིནདང་རླུང་འཕྲིན)བཤད་པ་ལྟར་ན་སྐབས་དེར་དམག་མི་བརྒྱད་སྟོང་ལྷག་ཡོད་ཟེར།

དྲི་བ། སྐབས་དེར་མཚོན་ན་ས་འགུལ་རྒྱུགས་པའི་ཉིན་གཉིས་གསུམ་གྱི་དུས་རེད་གལ་ཏེ་མྱུར་སྐྱོབ་བྱེད་ཐུབ་པ་ཡིན་ན་ད་དུང་ས་འོག་མནན་པའི་མི་མང་པོ་ཞིག་གི་ཚེ་སྲོག་སྐྱོབ་ཐུབ་ངེས་རེད་། དེས་ན་སྐྱོབ་མཁན་མེད་ན་ག་འདྲ་བྱེད་ཀྱིན་འདུག་དགེ་འདུན་པ་ཚོས་སྐྱོབ་ཀྱི་འདུག་གམ།

ལན། དགེ་འདུན་པ་ཚོས་ལྕགས་དུང་སྔོན་མ་ཀང་ཆིན་ཟེར་བ་ཞིག་ཡོད་པ་དེ་(རྒྱ་སྐད་།)དང་མཇོར་ཁ་གཉིས་མ། ཐག་པ་བཅས་ཁྱེར་ནས་སྐྱོབ་བཞིན་འདུག ཐོག་ཁང་གི་ཀླད་ན་ཨར་འདམ་གྱི་རྡོ་ལེབ་ཡོད་པ་དེར་ཐག་པ་རྒྱབ་ནས་ཚུར་ལེན་གྱི་འདུག ཐག་པ་དེའང་དེང་སང་གི་གསོ་མའི་རིགས་མ་ཡིན་པར་འབྲོང་ཐག་རྒྱབ་ནས་ཚུར་འཐེན་གྱི་འདུག དེ་བཞིན་དགོན་པ་སོ་སོ་ནས་འཕོ་ལུང་གསུང་བ། མང་ཚོགས་ལ་ཟ་མ་སྟེར་བ་ཇ་ཚ་བོ་བསྐོལ་བ། ས་བརྐོས་ནས་མི་བསྐྱབས་པ།ཁྱིམ་ཚང་གི་ཅ་དངོས་ཕྱིར་ལེན་པ་སོགས་བྱེད་ཀྱིན་འདུག དགེ་འདུན་པ་ཚོས་ལས་ཀ་ཧ་ལས་པ་བྱེད་ཀྱིན་འདུག གནའ་སྔོན་མ་བོད་ཀྱི་དམག་མི་དགེ་འདུན་པ་ཚོ་ཡིན་པའི་བཤད་ཚུལ་གོ་ཐོས་བྱུང་མྱོང་། དངོས་གནས་ད་ཁོང་ཚོ་མིན་ན་ས་དེ་ནས་ང་ཚོ་བོད་པ་སྐྱོབ་མཁན་ཞིག་མི་འདུག

དྲི་བ། རེད་རེད་ཡིན་ན་ངེད་ཚོས་འདི་ནས་བརྙན་འཕྲིན་ནང་མང་ཆེ་བ་དམག་མི་མ་གཏོགས་དགེ་འདུན་ཚོ་དེ་ཙམ་མཐོང་ཐུབ་ཀྱི་མེད་ལ་།གཞུང་ཕྱོགས་ནས་ཀྱང་དམག་མི་དང་རོགས་སྐྱོར་དྭངས་བླངས་པ་མང་པོ་ཡོང་ཡོད་ཚུལ་བརྗོད་ཀྱི་འདུག ཁྱེད་ཀྱིས་དེ་དག་མང་པོ་མཐོང་མ་སོང་ངམ།

ལན། ངས་ཀྱང་རྒན་རྒོན་ཁ་ཤས་ལ་སྐད་ཆ་དྲིས་པ་ཡིན་།ཁོང་ཚོས་གསུང་ནའང་དམག་མིས་པར་ཆས་མདུན་དུ་འཁྲབ་སྟོན་ཙམ་ལས་དངོས་གནས་རོགས་བྱེད་ཀྱི་མི་འདུག ཡིན་ནའང་འགོ་ཁྲིད་རྣམས་གཟིགས་སྐོར་ལ་ཡོང་དུས་དམག་མིས་ཤུགས་རྒྱབ་ནས་ས་རྐོ་གི་འདུག དེ་ཚོ་ཕྱིན་རྗེས་ངལ་གསོ་རྒྱབ་ནས་རོགས་ཡག་པོ་བྱེད་ཀྱི་མི་འདུག་ཟེར། དེ་མིན་ཡང་དགེ་འདུན་པ་ཚོར་ཡང་མེ་གསོད་དམག་མིས་ལྭ་བ་གྱོན་དུ་བཅུག་ནས་ས་རྐོ་བཞིན་འདུག ང་ཚོ་སོང་སའི་ཁུལ་ཐོག་(སྐྱེ་རྒུ་མདོ་གྲོང་བརྡལ་)ནས་སྤུས་ཀ་ལེགས་པོ་ཡོད་པའི་གཞུང་གི་ཁང་པ་མང་པོ་བརྡིབ་མི་འདུག སློབ་གྲྭའི་ཁང་པ་མང་པོ་བརྡིབས་འདུག འབྲོག་པའི་ཁང་པ་ཆ་ཚང་རྩ་མེད་གྱུར་འདུག སྐྲག་སྣང་སྐྱེས་ཀྱི་འདུག སློབ་གྲྭའི་ནང་མི་གཞན་པ་གཅིག་ཀྱང་གཏོང་གི་མི་འདུག དེ་ན་ཧ་ལམ་དམག་མིས་ས་རྐོ་རོགས་སྐྱོར་བྱེད་ཀྱིན་ཡོད་ཤས་ཆེ།

དྲི་བ། ཁྱེད་ཚོས་མཐོང་བའི་ཁང་བ་བརྡིབས་པ་ཚབས་ཆེ་ཤས་ཏེ་སློབ་གྲྭ་དང་འབྲོག་པའི་ཁང་པ་རེད་ཟེར་། འབྲོག་པའི་ཁང་པ་ཟེར་བ་དེ་དེང་སྐབས་རྒྱ་ནག་གཞུང་གིས་འབྲོག་སྡེ་གྲོང་ཁྱེར་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་ཇུས་ལག་བསྟར་བྱས་ནས་འབྲོག་པ་ཚང་མར་གཞི་གཅིག་ཏུ་ཁང་པ་རྒྱག་ཏུ་འཇུག་གི་ཡོད་པ་དེ་རེད་དམ།

ལན། རེད་རེད་།དེ་དག་གི་རྒྱུ་སྤུས་ལེགས་པོ་ཡོད་པ་མ་རེད། ཁང་པ་རྡོ་སྔོན་པོ་སྤུས་ཀ་སྐྱོ་བོ་ཅིག་ཡོད་པ་དེས་བཟོས་པ་རེད་། ཁ་ཤས་དེ་ལས་ཀྱང་སྐྱོ་བོ་ཡོད་པའི་ས་ཕག་ཁོ་ནའི་བཟོས་པ་རེད། ཉེ་ཆར་མཚོ་སྔོན་བརྙན་འཕྲིན་ཁང་ལ་(བོད་སྐད་)ཁང་པ་དེ་འདྲ་སྤུས་ཀ་སྐྱོ་བོ་ཡིན་པས།ད་ཐེངས་མང་ཚོགས་དེ་འདྲའི་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་རེད། ཡིན་ནའང་ད་སྐབས་ས་འགུལ་ཕྱོགས་ལ་སྒོར་མོ་སྟེར་མཁན་མང་པོ་འདུག རྒྱལ་ཁབ་ཕྱི་ནང་དང་བོད་ཀྱི་མཁས་པ་བླ་མ། དེ་ལས་གཞན་འཁྲབ་སྟོན་པ་གྲགས་ཅན་སོགས་མི་དེ་འདྲའི་མང་པོ་ཞིག་གིས་དེ་འདྲའི་སྒོར་མོ་མང་པོ་སྟེར་གྱི་འདུག དེ་ཡིན་དུས་གཞུང་ཕྱོགས་ནས་ཀྱང་མ་འོངས་པར་སྐྱོ་གར་འདི་རིགས་ཡང་བསྐྱར་མི་འབྱུང་ཆེད་རྒྱལ་ཁབ་ཀྱིས་ཁང་པ་གསར་རྒྱག་ཐད་འཆར་གཞི་ག་འདྲ་ཡོད་དམ་།དེའི་ཐད་ང་ཚོས་བསམ་ཚུལ་བཤད་འདོད་ཡོད་ཅེས་ཞུས་བ་ཡིན་མོད་། ཁོང་ཚོས་དེ་དག་སྐོར་བཤད་ཆོག་གི་མ་རེད་ཟེར་། དེས་ན་ངས་ཅི་ཡང་བཤད་མི་ཤེས་།

འགྲེལ་བཤད། ཡང་གོང་བརྗོད་བུད་མེད་དེས་གསུང་ན།གནོད་ཁུལ་དུ་རོགས་སྐྱོར་བྱེད་པའི་དམག་མི་དང་ལས་བྱེད་ཚོའི་འཚོ་བ་གནོད་འཚེ་ཐེབས་སའི་མང་ཚོགས་ཀྱི་འཚོ་བ་ལས་ལྡབ་འགྱུར་ཡག་པོ་རེད་ཅེས་འགྲེལ་བརྗོད་གནང་།

ལན། སྐྱེ་རྒུ་མདོའི་ཆུའི་སྔོ་འགྲམ་དུ་དམག་མིས་སྦྲ་གུར་ཐད་དང་ཐུར་དུ་སྐར་མ་ཟུར་ལྔའི་བཟོ་ལྟའི་ཚུལ་དུ་ཕུབ་སྟེ་འགྱིག་གི་སྡེར་མའི་ནང་ཁ་ལག་བཀྲུས་ནས་ལྷོད་ལྷོད་བསྡད་ཡོད་ལ་འཐུང་ཆུའང་ས་དེའི་རྒྱུགས་ཆུ་མ་ཡིན་པར་དབོར་འདྲེན་བྱས་ནས་ཡོང་བའི་གཏེར་ཆུ་རེད་འདུག ཞོགས་པའི་ཟ་མ་ཟ་བ་མཐོང་སོང་ལ། དམག་མི་དང་ལས་བྱེད་པ།རྩ་འཛུགས་མི་སྣར་ཆེད་དུ་མ་བྱན་བཞག་ནས་བག་ལེབ་གསར་བ་དང་སྔོ་ཚལ་ཡང་ཟ་རྒྱུ་འདུག་ལ། ཞོགས་ཇ་འོ་མ་ཡང་འདུག གང་ལྟར་དཀའ་ངལ་ཐེབས་པའི་མང་ཚོགས་ཀྱི་འཚོ་བ་ལས་ཁོ་ཚོའི་འཚོ་བ་ལྡབ་འགྱུར་གྱིས་ཡག་པོ་རེད་། སྐབས་དེར་མང་ཚོགས་ཀྱིས་གཞུང་གི་བྱིན་པའི་སྦྲ་གུར་ནང་མེ་འབུད་མི་ཆོག་པས། ཇ་ཚ་བོ་བསྐོལ་ས་མ་རེག་པར་ཆུ་གྲང་མོ་དང་མགྱོགས་ཐུག་སྐམ་པོ་ཟ་གི་འདུག འབྲོག་པ་ཞིག་ལ་མཚོན་ན་ཇ་ཚ་བོ་ནི་ཉིན་རྒྱུན་འཚོ་བའི་ནང་མེད་དུ་མི་རུང་པས་། འབྲོག་པའི་རྒན་རྒོན་དེ་ཚོ་ཇ་ཚ་བོ་མཐོང་རྒྱུ་མེད་པར་ཤི་བའང་ཡོད་སྲིད། དཔེར་ན་།དགོན་པ་ཞིག་གིས་དེར་གུར་ཕུབ་ནས་ཇ་སྐོལ་ཏེ་མི་ཚང་མར་ཇ་ལྡུད་ཀྱི་འདུག ཁོང་ཚོས་གསུང་ན་མི་ཁ་ཤས་ལ་ཉིན་མང་པོར་ཇ་མ་རེག་སྟབས་ཁོང་ཚོས་ཇ་ལྡུད་སྐབས་དབུགས་ལེན་ཐེངས་གཅིག་གིས་ཇ་ཚ་བོ་དཀར་ཡོལ་ལྔ་དྲུག་ཅིག་འཐུང་གི་འདུག་ཟེར་། གལ་སྲིད་ལྟོགས་སྐོམ་ཆེན་པོ་མྱངས་མེད་ན་དེ་འདྲ་ག་བ་འཐུང་ཐུབ་ཀྱི་རེད།

འགྲེལ་བཤད། གནས་ཚུལ་གཞན་ཞིག་ནི་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་ནང་བོད་མི་ཞིག་ས་འོག་ཏུ་དུས་ཚོད་བདུན་ཅུ་ཙམ་ལྷག་ནས་མཐར་དམག་མིས་བསྐྱབ་ཐུབ་པའི་གནས་ཚུལ་ཡང་ནས་བསྐྱར་དུ་གཏོང་བཞིན་ཡོད་ཀྱང་།དོན་དངོས་ཐོག་བོད་མི་དེ་སྐྱོབ་མཁན་ངོ་མ་ནི་ས་དེར་རོགས་སྐྱོར་བྱེད་མཁན་རྔ་བ་ཀུརྟི་དགོན་པའི་དགེ་འདུན་པ་ཚོ་རེད་ཅེས་གསུང་དོན།

ལན། འདི་ཚང་གི་(རྒྱ་ནག་གཞུང་ཕྱོགས།)བརྙན་འཕྲིན་ནང་ནད་པ་ཞིག་དུས་ཚོད་བདུན་ཅུ་དོན་གསུམ་ལ་ས་འོག་ནས་ལྷག་རྗེས་མྱུར་སྐྱོབ་བྱས་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་བཞིན་པ་དེ་ངོ་མ་བྱས་ན་རྔ་བ་ཀུརྟི་དགོན་པའི་དགེ་འདུན་ཚོས་བསྐྱབས་པ་ང་ལ་བརྗོད་བྱུང་།ཁོང་ཚོས་མི་དེ་ས་ཐོག་བླངས་ནས་ལྟ་དུས་མིག་ཅུང་འགུལ་ཙམ་བྱེད་ཐུབ་པ་དང་ལྩེ་རྩེ་ཅུང་འགུལ་ཐུབ་པ་ཙམ་རེད་དེ་ནས་དམག་མི་ཡོང་ནས་ཁྱེར་སོང་། རྗེས་སུ་བརྙན་འཕྲིན་ནང་དམག་མིས་བསྐྱབ་པ་རྐྱང་རྐྱང་མ་གཏོགས་དགེ་འདུན་པ་ཚོས་བསྐྱབ་པ་ཟུར་ཙམ་ཡང་གཏོང་གི་མི་འདུག

འགྲེལ་བཤད་། གོང་བརྗོད་བོད་མིས་མྱུར་སྐྱོབ་དམག་མི་དང་དགེ་འདུན་པའི་གནས་སྟངས་ཐ་དད་ཡིན་པའི་སྐོར་གསུང་དོན།

ལན། དམག་མིས་ཆ་རྐྱེན་བཟང་བས་ཁང་བ་བརྡིབས་པའི་གྱང་ཆག་དང་རྒན་རྒོན་ཚོ་བསྡད་ཡོད་སའི་བར་དུ་རླངས་འཁོར་བསྐོར་ནས་ཡར་མར་རྒྱུགས་པ་དང་དམག་མི་གཤར་ནས་ངོམས་སྟོན་བྱས་ཏེ་སོང་ན། དགེ་འདུན་པ་ཚོས་བོད་ཀྱི་ཆོས་ལུགས་དར་ཆ་སྟེ་དགོན་པ་སོ་སོའོ་ཆོས་དར་ཁྱེར་ཏེ་སྐེད་པར་འབྲོང་ཐག་གིས་དཀྲིས་ནས་མཇོར་སོགས་ཁུར་ཏེ་འགྲོ་བ་མཐོང་དུས། ས་དེར་ཐོན་ན་འདང་རྒྱག་གང་ཡང་མེད་པར་གལ་སྲིད་སོ་སོ་ཤི་ཡང་ནུས་བ་ཞིག་ཐོན་ཐུབ་ན་ཤི་དགོས་བསམ་པའི་སེམས་འགུལ་དང་སྐྱོ་གདུང་གི་བསམ་བློ་ཡོང་གི་འདུག

འགྲེལབཤད། མཇུག་མཐར་གོང་བརྗོད་བུད་མེད་དེས་ང་ཚོ་བོད་མིར་མཚོན་ན་བོད་ཀྱི་དགེ་འདུན་པ་ལས་ལྷག་པའི་སྐྱབས་རེ་ས་ཞིག་མེད་ཅེས་གསུང་རྒྱུར།

ལན། རང་གི་བོད་ཀྱི་དགེ་འདུན་པ་ཚོ་དང་།བོད་ཀྱི་ཆོས་དང་རིག་གཞུང་འདི་རྒྱ་ཆེན་པོ་དང་རྩ་ཆེན་པོ་ཡིན་པ་ད་ཐེངས་ཀྱི་གནས་ཚུལ་འདི་ལས་ཀྱང་ཤེས་ཀྱི་འདུག སྤྱིར་བོད་ཡོངས་ལ་མཚོན་ན་ཡུལ་ཤུལ་ནི་དེའི་ཁྲོད་ས་ཁུལ་ཆུང་ཆུང་ཞིག་རེད་། ཡིན་ནའང་ས་ཁུལ་ཆུང་ཆུང་དེར་དཀའ་ངལ་འདི་འདྲ་བྱུང་དུས་ཆེས་དགོས་མཁོ་ཆེ་བ་དེ་དགེ་འདུན་པ་ཚོ་ཡིན་པ་དང་། ང་ཚོ་ཤི་ན་གསོན་ན།ལྟོགས་ན་འཁྱགས་ན།ཅི་བྱས་ཀྱང་དགེ་འདུན་པ་ཚོ་མ་གཏོགས་སྐྱབས་རེ་ས་མེད། ལ་ལས་འུར་བསྟོད་བྱས་ཀྱང་རུང་གཞན་དགོད་པ་དང་རང་ངུས་པ་དངོས་གནས་འདྲ་བོ་མ་རེད། ང་ལ་མཇུག་མཐར་རེ་བ་ཞིག་ཡོད་པ་ནི་ཡུལ་ཤུལ་ས་ཁུལ་དུ་ཤུལ་དུ་ལྷག་པའི་འདས་པོའི་ནང་མི་དང་བཅས་གསོན་པོར་གནས་པ་ཚང་མས་འཚོ་བ་སྐྱིད་པོ་རོལ་ནས།ང་ཚོ་ཚང་མ་གཞིས་བྱེས་ལྷན་འཛོམས་ཡོང་སྟེ་ཕན་ཚུན་ངོ་ཐུག་ནས་ཁ་བརྡ་ཞིག་བྱེད་ཐུབ་པ་ཡིན་ན་མི་ཚང་མས་སེམས་པ་ནམ་ཡང་དྲོད་ཁོལ་གྱིས་ཁེངས་ངེས།གཞན་ངས་མང་པོ་བཤད་ཤེས་ཀྱི་མེད༎

བཅར་འདྲི།

Post navigation

Previous Post: གཉའ་ཁྲི་བཙན་པོ་བོད་རང་གི་མི་ཡིན་མིན་སྐོར།
Next Post: ༼པུར་རྒྱལ་ཞེས་པའི་“པུར”ནི་ལེགས་སྦྱར་གྱི་ཚིག་ཡིན་པར་འདོད༽

Comments (5) on “ཁམས་སྐྱེ་རྒུ་མདོར་རོགས་སྐྱོར་ལ་ཕེབས་མཁན་བུད་མེད་ཅིག་གི་སེམས་གཏམ་སྐྱུར་མོ།”

  1. གཅན་དགྲ་ནག་པོ། says:
    2010-05-09 at 9:04 pm

    ཁྱེད་རང་ཚོས་བཅར་འདྲི་མང་པོ་བྱས་ན་ང་ཚོར་ཕན་ཐོགས་རྒྱ་ཆེན་པོ་འདུག

  2. ལོ་ལོན says:
    2010-05-09 at 9:42 pm

    བྱ་གྲགས་ཚོད་ལ་ལྒུག་ཚར་བ་རེད། ལོ་ལེན་ཚོད་ལ་ཕྱི་ཚར་རེད།

  3. གཞིས་ལུས་བོད་པ། says:
    2010-05-09 at 9:51 pm

    བཅར་འདྲི་འདི་འདྲ་བ་དག་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ཏེ་བཀྲམ་རྒྱུ་གལ་ཆེ། གལ་ཏེ་བོད་ཡིག་གི་ཐོག་ནས་ང་ཚོས་གོ་ཡང་དེ་ནི་བོད་མི་ནང་ཁུལ་ལ་ལྐོག་ཏུ་བཤད་པ་ཙམ་ཞིག་ལས་དེ་ཙམ་གྱིས་ཆ་འཕྲིན་གྱི་ནུས་པ་མི་ཐོན། དེས་ན་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་ནས་མི་རིགས་གཞན་ལ་དོན་དངོས་འདོན་སྤྲོད་བྱེད་རྒྱུ་གལ་ཆེ།

  4. གཅན་དགྲ་ནག་པོ། says:
    2010-05-09 at 10:43 pm

    ལྕགས་མོ་འཚོའི་སྐད་དེ་ལ་འཇམ་ཤ་དམིགས་བསལ་བ་ཞིག་མེད་གི་ན་ཞི་ལིའི་ཤ། ད་ཞི་ལི་ཆོའི་གཅིག་གིས་འདི་སྐད་ཡིག་གཞན་པའི་ནང་ལ་བསྒྱུར།

  5. getse ngodup says:
    2010-05-16 at 5:12 pm

     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱོད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱོད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།
       
                                     
                                  

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme