Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆའོ་ཟན་ཏེ—སེམས་ཁྲལ་འདི་ཁྱོད་ལ་ཡང་བྱུང་ངམ།

Posted on 2016-11-222016-11-23 By ཁ་བརྡ་ 17 Comments on ཆའོ་ཟན་ཏེ—སེམས་ཁྲལ་འདི་ཁྱོད་ལ་ཡང་བྱུང་ངམ།

རྫ་ཚེ་རིང་བཀྲ་ཤིས།

———–
སངས་རྒྱས་ལ་ཕྱག་འཚལ་ལོ།

གཅིག ༽

ཉིན་འདི་གའི་རིང་གི་དྲ་ཐོག་གི་གླེང་གཞི་ཧྲང་ཧྭེ་བུ་མོ་ཆའོ་ཡི་སྐད་ཆ་དང་དེའི་གཏམ་ལན་གྱི་སྐོར་ལ་སྐད་ཆ་ཚིག་གཉིས་བཤད་འདོད་བྱུང་།

རང་ཉིད་སྙུ་གུ་འཛིན་མཁན་ཞིག་ཡིན་པའི་ངོས་ནས་བསམ་ན། སྤྱི་ཚོགས་ཀྱི་གླེང་གཞི་དག་གི་ཁ་ཕྱོགས་ལ་བསམ་བློ་གང་ཐུབ་ཀྱིས་གཏོང་གིན་ཡོད། དེ་ནི་སྤྱི་ཚོགས་ལ་འགན་འཁུར་སྟངས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། 

གཉིས། ༽

ཧྲང་ཧྭེ་བུ་མོ་ཆའོ་ཡིས་མཛེས་བརྙན་མེ་ཕའེ་ཟེར་བ་བརྒྱུད་ནས་བོད་མི་རིགས་ལ་དམའ་འབེབས་ཀྱི་ཚིག་ངན་སྨྲས། དེ་ལ་བོད་ཀྱི་གཞོན་སྐྱེས་ཚོས་མཛེས་བརྙན་སྤྱད་དེ་ལན་བརྒྱབ། རྩ་བའི་ཆ་ནས་མི་མང་གི་ངར་ཤུགས་དང་། གཞོན་པ་ཚོས་གཏམ་ལན་ཚང་མ་འགྲིག་པ་ཞིག་རེད། ངས་འདིར་ཆོས་པའི་སྐད་ཆ་སྤྱད་ནས་བཏང་སྙོམས་ཆེན་པོའི་ངང་ལ་གནས་དགོས་པའི་ལྟ་ཚུལ་འདོན་གྱི་མེད། འོན་ཀྱང་ང་ལ་བསམ་ཚུལ་ཞིག་ཡོད།

གསུམ།༽

ད་བར་ངས་བརྙན་ལམ་ནས་ལན་འདེབས་ཁག་ཅིག་མཐོང་སོང་། མང་ཤོས་ཡག་པོ་མཐོང་བྱུང་། ་འོན་ཀྱང་ས་། ང་ཚོའི་བསམ་བློ་དང་མངོན་འདོད་ཀྱི་ལྡོག་ཕྱོགས་སུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་ཁག་ཅིག་འདུག དེ་རིགས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་མཚན་སྙན་སྐྱོབ་རྒྱུའི་ཚབ་ཏུ་མཐོང་སྣང་མ་ལེགས་པ་བསྐྲུན་རྒྱུའི་ཉེན་ཁ་མཐོང་བྱུང་། དེ་ནི་བསམ་བློ་གཏོང་དགོས་པ་ཞིག་རེད།

བཞི།༽

བུ་མོ་དེས་སྤྱིར་གྲོང་ཁྱེར་དང་ཁྱད་པར་དུ་ཧྲང་ཧྭེ་ན་ཡོད་མཁན་ཚོར་སྒོར་མོ་ཡོད་ན་ཐམས་ཅད་ཡོད་པ་རེད་ཅེས་ལབ་འདུག འདི་ལ་བཤད་སྟངས་གཞན་ཞིག་ཡོད་རེད། སྒོར་མོ་ཙམ་ལས་གང་ཡང་ལྷག་མེད་མཁན་གྱི་སྤྲང་པོ་ཞེས་པ་དེ་རེད། མོའི་སྐད་ཆ་འདིས་ད་ལྟའི་རྒྱ་ནག་གི་ཆེས་ཡ་ང་བའི་མི་སྤུས་དང་བསམ་བློའི་མུན་ནག་མཚོན་ཡོད། ་བསམ་བློ་ཅུང་ཟད་ཡོད་མཁན་ཞིག་ཡིན་ན་རྒྱ་བོད་སུ་ཡིན་ནའང་རྣ་བས་ཉན་པ་ཙམ་ཡང་མི་བཟོད་ངེས་ཅན་རེད། ཅིག་བྱས་ན་མོའི་སྐད་ཆ་འདི་བརྒྱུད་ནས་ང་ཚོའི་གཞོན་སྐྱེས་ཚོ་ལ་ཡང་མི་ཡ་རབས་དང་མ་རབས། བསམ་བློའི་སྤུས་ཀ་ཡག་སྡུག་དང་འབྲེལ་བའི་སློབ་གསོ་གང་འཚམས་ཤིག་ཐོབ་ཡོད་སྲིད།

ལྔ།༽

ལན་འདེབས་མཁན་ཚོས་ཀྱང་སྐད་ཆ་བཤད་སྟངས། རྣམ་འགྱུར་སྟོན་སྟངས། ཐ་ན་བརྙན་ལམ་བརྒྱུད་ནས་གྲི་རིང་པོ་ཤུབས་ནས་བཏོན་ཏེ་འཇིགས་སྐུལ་བྱེད་པ་དང་། བུ་དང་བུ་མོ་བུ་མོ་ཞིག་གིས་མི་ལ་དམའ་འབེབས་བྱེད་པའི་དབྱུང་དུ་མི་རུང་བའི་འཁྲིག་ཚིག་དང་འབྲེལ་བ་ཡོད་པའི་ལག་བརྡ་དང་ཚིག་ངན་པ་བེད་སྤྱོད་གཏོང་བ་རིགས་གཅིག་གིས་ང་ལ་སེམས་ཁྲལ་ལངས་བཅུག་བྱུང་། ཐ་ཐུག་ཞུས་ན་གལ་ཏེ་མི་རིགས་གཞན་པ་ཞིག་གིས་བརྙན་འདི་རིགས་མཐོང་ན་དངོས་གནས་གྲོང་གསེབས་པ་དང་གཏུམ་སྤྱོད་ཅན་རེད་འདུག་བསམ་རྒྱུའི་ཉེན་ཁ་འདུག ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ན་ཡང་རྗེས་མ་ངེས་པར་བསམ་བློ་གཏོང་དགོས་ངེས་རེད། ཁྱད་པར་དུ་གཞོན་སྐྱེས་ཚོས་སྔར་ཕ་ཡུལ་རྩྭ་ཐོག་གི་གྲི་དང་དཔུང་ཤེད་དེ་ཚོ་མཛེས་བརྙན་མེ་ཕའེ་དང་རྒྱ་སྐད་ཀྱི་ལམ་དུ་བསྐྱལ་ན་ལམ་ཁེ་ཉེན་ཧ་ཅང་ཆེན་པོ་ཡོད་རེད། ང་ཚོས་ཞབས་འདྲེན་ཞུས་ན་དེ་ནི་ཆའོ་ཟན་སྟོང་ལས་ཀྱང་ཐུ་བ་རེད། དེ་ཚོ་སྐབས་འདིའི་དོན་རྐྱེན་དང་འབྲེལ་བའི་ཉེན་བརྡ་གཞན་ཞིག་རེད།

དྲུག༽

ཧྲང་ཧྭེ་བུ་མོ་ལ་ང་ཚོས་་བོད་མི་རིགས་ནི་རིག་གཞུང་དང་དད་མོས་ཚང་མའི་ཆ་ནས་མོ་དང་མ་འདྲ་བ་ཡིན་ཞེས་ཁ་གཅིག་གྲགས་ཀྱིས་ལན་བཏབ་ཡོད་རེད། ནང་བསམ་བློའི་སྤུས་ཚད་དང་། ཀུན་སྤྱོད་ཀྱི་འདུ་ཤེས། ཁྲིམས་ལུགས་ཀྱི་འདུ་ཤེས། འགན་འཁྲི་འདུ་ཤེས་ཡོད་པ་བཅས་ཀྱི་ཐོག་ནས་ཕྱུག་པོ་ཡིན་པའི་སྐད་ཆ་བཤད་ཀྱི་ཡོད་པ་རེད།

གལ་ཏེ་བོད་ཀྱི་གཞོན་སྐྱེས་དེ་དག་གི་གཏམ་སྤྱོད་དང་རྣམ་འགྱུར་ལས་ང་ཚོ་ལ་ཡོད་པའི་ཡིད་སེམས་འགུལ་བའི་རིག་གནས་ཀྱི་བསམ་བློ་དེ་ཅུང་ཟད་མངོན་ཐུབ་པ་བྱུང་ཡོད་ན་དེ་ནི་དོན་དམ་པའི་བརྡ་ལན་རེད།

བདུན།༽

མོ་ལ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བསྡིགས་ར་གཏོང་བ་དེ་འགྲིག་ན་ཡང་། སྡིག་ར་གཏོང་མཁན་གྱིས་གྲི་ཁུར་ནས་འཇིགས་སྐུལ་བྱེད་པ་དང་། ཚིག་གང་སྡུག་འཛེམས་མེད་དུ་བེད་སྤྱོད་གཏོང་བ་སོགས་ནི་མ་འགྲིག་པ་རེད། དེས་ནོར་འཁྲུལ་གྱི་ཆ་ཤས་ཤིག་རང་ཉིད་ཀྱིས་དང་ལེན་བྱེད་བཞིན་ཡོད་པ་རེད། ཁྱོད་ཀྱིས་མངོན་གསལ་དོད་པོས་ཁྲིམས་ལས་བརྒལ་བའི་ལས་ཀ་ལ་བརྟེན་ནས་ཕ་རོལ་པོ་ལ་ཁྲིམས་ལུགས་དྲན་བསྐུལ་བྱེད་པ་ནི་མི་ཚོས་བསམ་ན་ཧ་ཅང་ཟུར་ཟ་ཆེན་པོ་ཞིག་རེད་བསམ་གི་རེད། འོན་ཀྱང་ད་ཐེངས་རྒྱལ་ཁབ་ཀྱི་ཁྲིམས་རང་གི་སྐད་ཆ་བཤད་སྟངས་བེད་སྤྱོད་བཏང་བ་འདིས་བཟང་ཕྱོགས་ཀྱི་ནུས་པ་ཞིག་ཀྱང་ཐོན་ཡོད་པ་རེད།

བརྒྱད། ༽

ང་ཚོ་བོད་ནི་གླ་གློ་མིན། འགྲོ་སྟངས་ཡོད། ཁྱད་པར་དུ་དད་མོས་དང་ནང་བསམ་བློའི་རིག་གནས་ཡོད་ཟེར་ན། སྐབས་དེར་ཁྱོད་ཀྱི་རྣམ་འགྱུར་གྱིས་ཚད་ངེས་ཅན་གྱི་ཐོག་ནས་བོད་རིགས་ཀྱི་ཚབ་བྱེད་ཀྱི་ཡོད་པ་རེད། མ་གཞི་ང་ཚོ་དད་པ་ཡོད་ཟེར་དུས་ཀུན་སྤྱོད་དང་བསམ་བློའི་རིན་ཐང་གི་འདུ་ཤེས་དང་ཡང་དག་པའི་ཁ་ཕྱོགས་ཡོད་ཅེས་བརྗོད་ཀྱི་ཡོད་པ་འདི་སེམས་ལ་ངེས་དགོས། དེས་ན་ཁྱོད་ཀྱིས་རིན་ཐང་དེ་མ་བརླགས་པའི་ཐོག་ནས་ལན་འདེབས་གནང་རྒྱུ་དེ་འགན་འཁྲི་ཡིན། རིན་ཐང་གི་ལྟ་བ་མ་འདྲ་བ་ཞིག་ཡོད་ས་དེར་ཀུན་སྤྱོད་ཀྱི་འགན་འཁྲི་ཡང་མ་འདྲ་བ་ཞིག་ཡོད་པ་རེད།

དགུ། ༽

བོད་ཀྱི་གཞོན་སྐྱེས་ཚོས་སེམས་སུ་ང་བོད་ཡིན་སྙམ་པའི་ཤ་ཞེན་གསེར་འདྲ་བ་ཞིག་ཡོད་པ་དེ་སྐད་ཆ་དག་ལས་རྟོགས་ཐུབ་ན་ཡང་། སྐད་ཆ་བཤད་ན་བཤད་སྟངས་དང་། རླུང་སྟོན་ན་སྟོན་སྟངས། ཐ་སྙད་བེད་སྤྱོད་གཏོང་སྟངས་མང་པོ་ཞིག་ལ་ད་ལྟའི་རྒྱ་ནག་གི་ཤུགས་རིག་གནས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པའི་མཐོང་སྣང་བྱུང་། དེ་ནི་ཆའོ་ཟན་གྱི་ངན་དམོད་བརྒྱ་ལས་ཀྱང་ཚབས་ཆེ་བའི་ཉེན་ཁ་ཞིག་རེད། གཞོན་སྐྱེས་ཚོའི་གཏམ་སྤྱོད་ཀྱི་ཁྲོད་ནས་བོད་མི་རིགས་ཀྱི་གོམས་གཤིས་ཀྱི་ཞག་རྩི་དེ་ཅི་ཙམ་ཞིག་ཉུང་དུ་འགྲོ་གིན་ཡོད་པ་དེར་ང་ལ་སེམས་ཁུར་བྱུང་། ངས་འདིར་ལབ་བཞིན་པའི་ཞག་རྩི་དང་གོམས་གཤིས་ནི་ལར་ཞེན་ཙམ་དང་གཅིག་པ་མ་རེད། དེ་ནི་ཁྱོད་ཀྱི་མིག་གི་འོད་མདངས་དང་སྐད་ཆའི་རྣམ་འགྱུར་སོགས་ལས་རང་ཤུགས་ཀྱིས་མངོན་པའི་ཐུན་མོང་མ་ཡིན་པའི་སྣང་ཚུལ་ཞིག་རེད།

ང་དུས་རྒྱུན་ཐའེ་ཝན་དང་ཨོ་སི་ཁྲི་ལི་ཡ་སོགས་ནས་སྤུས་ཀ་ཡག་པོ་ཡོད་པའི་རྒྱ་རིགས་ཀྱི་སྤྱི་ཚོགས་དང་རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་གཉིས་ཀྱི་མི་འདྲ་བའི་བར་ཁྱད་ལ་མཚུངས་བསྡུར་གྱི་གོ་སྐབས་མང་པོ་ཡོང་གི་ཡོད། དེའི་ཐད་ང་ལ་གོ་རྟོགས་འདང་ངེས་ཡོད། སྡུག་ས་ནས་བཤད་ན་རང་རེའི་གཞོན་སྐྱེས་དག་གི་བཀའ་མོལ་གནང་སྟངས་དང་རྣམ་འགྱུར་སྟོན་སྟངས་འགའ་ཞིག་ལ་འཛམ་གླིང་གི་མིའི་ནང་གི་སྤུས་ཀ་སྡུག་ཤོས་གྲས་སུ་བརྩི་བཞིན་པའི་རྒྱ་ནག་གི་རྒྱ་མི་དག་གི་ཤུགས་རྐྱེན་མངོན་གསལ་ཧ་ཅང་མངོན་གསལ་དོད་པོ་འདུག

བཅུ།༽

མི་རིགས་བར་ལ་མཐུན་ལམ་དང་འགྲོག་འབྲེལ་སོགས་དགོས་ངེས་ཅན་ཡིན་ན་ཡང་། རང་གི་ངོ་ཚབ་མཚོན་པའི་བསམ་བློ་དང་གོམས་གཤིས་གང་ཡིན་པ་དེ་ངེས་པར་དུ་བདག་ཉར་ཡག་པོ་དགོས། དེང་སང་ཐོད་བརྒལ་གྱིས་དྲ་ལམ་དུ་ཞུགས་མཁན་དང་གིས་ནི་དེ་བས་ཀྱང་། དྲ་ཐོག་གི་ཀུན་སྤྱོད་ཀྱི་ཕྱོགས་ལ་བསམ་བློ་ཡག་པོ་ཞིག་གཏོང་དགོས་པ་འདུག

མདོར་ན། ད་ནས་ང་ཚོས་ཆའོ་ཟན་ལ་ཁ་གཏད་གཅོག་དགོས་ན། གོ་མེད་ཚོར་མེད་དུ་འབོར་བཞིན་པའི་རང་ཉིད་ཀྱི་བླ་སྲོག་འཚོལ་དགོས། བཀའ་མོལ་འཇམ་རྩུབ་ག་འདྲ་གནང་ནའང་ཆོག ཆེ་མཐོང་ལྡན་པའི་རྣམ་འགྱུར་དང་བསམ་བློ་ནི་ཧ་ཅང་མེད་དུ་མི་རུང་བ་ཞིག་རེད།

ངས་གོང་དུ་བཤད་པའི་སེམས་ཁྲལ་འདི་ཕལ་ཆེར་ཁྱེད་ལའང་གཅིག་མཚུངས་སུ་བྱུང་ཡོད་སྲིད།

ལྷུག་རྩོམ།

Post navigation

Previous Post: ལྡི་ལི་གསར་པའི་སྲང་ལམ་གྱི་མགྱོགས་བྲིས། 
Next Post: མི་རིགས་རིང་ལུགས་ཀྱི་ལས་འགུལ།

Comments (17) on “ཆའོ་ཟན་ཏེ—སེམས་ཁྲལ་འདི་ཁྱོད་ལ་ཡང་བྱུང་ངམ།”

  1. ཨ་ཁུ་འབྲོག་པ། says:
    2016-11-22 at 12:27 pm

    འཆི་བ་མེད་པའི་བདུད་རྩི་དང་། ན་བ་གསོ་བའི་བདུད་རྩི་ལས། འདི་ནི་གཉིས་ཀའོ། ། ཞེས་ང་སྨྲའོ།།

  2. ཨ་ཁུ་འབྲོག་པ། says:
    2016-11-22 at 12:43 pm

    སྨྱུག་ཐོགས་དབང་པོ་རྫ་ཚེའི་གསུང་། །འཆི་བ་མེད་པའི་བདུད་རྩི་དང་། ནད་པ་གསོ་བའི་བདུད་རྩི་ལས། འདི་ནི་གཉིས་ཀའོ་ཞེས་ང་སྨྲའོ། །

  3. ཀླུ་སྨྱོན། says:
    2016-11-22 at 12:50 pm

    འདིའི་སྐོར་ཅིག་བཤད་ཡོད། ཉན་འདོད་ན་སྐད་འཕྲིན་ནང་ཡོད།

  4. བློ་བཟང་། says:
    2016-11-22 at 3:25 pm

    རྒྱ་མོ་མཛེས་མ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དགོངས་དག་ཡང་ཞུ། གང་ཡིན་ཟེར་ན་ང་ཚོ་བོད་པ་མང་པོ་ཞིག་གི་རང་གི་མིང་ཡང་བོད་ཡིག་གི་མི་འབྲི་བར་ཁྱོད་ཚོའི་རྒྱ་ཡིག་བཀོད་བཞིན་པ་དང་བོད་ཡིག་ལས་རྒྱ་ཡིག་ལ་དུང་བ་འདུག དེ་ན་ཁྱོད་ཀྱིས་བཤད་པ་འདི་གནད་ལ་འཁེལ་འདུག ཐུགས་རྗེ་ཆེ་རྒྱ་མོ་མཛེས་མ་ལགས། མ་ཚད་ཆོས་བ་ཚོ་ཡང་རྒྱ་ཡུལ་དང་རྒྱ་སྒོར་ལ་དགའ་བས་རང་ཚུགས་ཤོར་ཡོད།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2016-11-22 at 5:53 pm

    དོན་ངོ་མ་རྒྱ་མོ་དེས་བོད་རྗེས་ལུས་རེད་ཟེར་ནས་ཇི་ལྟར་བཤད་འདུག དྲ་གྲོགས་ཚོས་ཁ་བརྡ་དྲ་ཐོག་ཏུ་འགོད་རོགས་ཞུས། ཀློག་འདོད་འདུག །

  6. ནོར་བུ says:
    2016-11-22 at 10:17 pm

    上海美女=ཧྲང་ཧྭེ་མཛེས་མ ་་ཟེར་་

    乔三爹 =ཆོལ་གསུམ་ཕ་ཡི་དོན་ནི་རྒྱ་མོའི་མིང་རེད་འདུག་གོ

    一 = གཅིག 二 = གཉིས 三 = གསུམ

  7. ཨ་འབར་འཇིགས་དབང། says:
    2016-11-22 at 10:49 pm

    ༅༅། བོད་རྗེས་ལུས་རེད་ཟེར་མཁན་རང་ཉིད་རྗེས་ལུས་ཡིན་པ་ཤེས་དགོས།
    བོད་ཡུལ་གྱི་ལོ་རྒྱུས་ལོ་ཁྲི་བརྒལ་ནས་འགྲོ་གི་ཡོད་། བོད་ཀྱི་ལོ་རྒྱུས་གཏིང་ཟབ་པོ་ཡོད་པ་
    དེ་ཀློག་ནས་བསམ་བློ་གཏིང་ཟབ་པོའི་ཐོག་ནས་སྦྱོང་བརྡར་བྱེད་ན་མ་གཏོགས་་་་ཧོབ་ཏེ་བལྟས་ནས་
    ཤེས་པར་དཀའ། དེ་ལ་རྒྱ་མཚོ་རྕ་བ་ནས་མ་མཐོང་པར་་་ཁྲོམ་པའི་སྦལ་པ་རྗིགས་མདོད་བཤད་པ་དེ་རེད།
    རྗེས་ལུས་ཟེར་བ་་་ག་རེ་རྗེས་ལུས་རེད་ཟེར་གྱི་ཡོད། ཟ་རྒྱུ་ འཐུང་རྒྱུ་། གྱོན་རྒྱུ་བཅས་ལ་རྗེས་ལུས་བྱུང་འདུག་
    ཟེར་རམ། ཡང་ན་མདོ་སྔགས་རིག་གནས་ཧ་ཅང་ཕྱུག་པོ་དང་གཏིང་ཟབ་པོ་ཡོད་པ་རྣམས་རྩ་བ་ནས་
    ཤེས་ཀྱི་མེད་པར་སོང་་་རྗེས་ལུས་རེད་ཟེར་རམ། འདིར་ལན་ཞིག་བྲིས་དང།

  8. ཏི་སི། says:
    2016-11-22 at 11:49 pm

    འཇིག་རྟེན་གྱི་ཁམས་སུ་འདི་ཡོད་འདི་མེད་ཅེ་མེད་པ་རེད། ཧང་སང་ནས་བྱུང་མ་མྱོང་བའི་ཚོར་བ་ཅི་དགོས། དམ་ཆོས་རྣ་ལ་མ་ཐོས་པའི་ལས་ལེན་འདི་རིགས་འབྱུང་དང་འབྱུང་བཞིན་པ་རེད། མི་ཚེ་ཆུང་ངུའི་ནས་དམ་ཆོས་རྣ་ཁྲིབ་ཅན་སོགས་ལའང་། ལྟ་སྒོམ་སྤྱོད་གསུམ་ཐམས་ཅད་དྲ་ལམ་ཁོ་ནར་འཛུལ་ནས་ད་དུང་བོད་ཀྱི་རིག་གཞུང་དང་། སྐད་ཡིག་ཡར་རྒྱས་ཟེར་ནས་མྱུལ་བཞིན་སྟེ་དེང་སང་ངོ་དེབ་དང་། སྐད་ཕྲིན་སོགས་རེ་དོགས་སམ། མཆན་བུ་ངོ་བསྟོད་སོགས་ཁོ་ནར་རེ་བཞིན་པ་འདི་ལ་ལྟོས་ན་། གཞན་རྣམས་ནི་ཁག་ཡོད་མ་རེད་བསམ། འོན་ཏེ་ངས་བསམ་ནོར་འདུག་ན་བཟོད་གསོལ་ཞུ།

  9. བཀྲ་ཤིས། says:
    2016-11-23 at 12:15 am

    མཁན་པོ་ཚེ་རིང་བཀྲ་ཤིས་ཀྱི་དྲན་བསྐུལ་འདི་ཡང་དོན་གནས་ཤིག་རེད། ཟང་ཟིང་ཁྲོད་དུ་ཞི་འཇམ་དགོས་རྒྱུ་གལ་ཆེ།

  10. ཀརྡོ་རབ་འབྱམས་པ་ says:
    2016-11-23 at 12:33 am

    བོད་པ་འཚེ་མེད་ཞི་བདེ་བ་རྗེས་ལུས་མ་རེད། རྒྱ་མི་དང་རྒྱ་རིགས་གཞང་ཚོང་མ་དེ་ཚོ་མི་ཚེ་རྗེས་ལུས་རེད་དོ།།

  11. བདེན་པའི་ཕོོ་ཉ་། says:
    2016-11-23 at 3:50 am

    རྒྱ་མོ་ཞིག་གི་སྐད་ཆར་ཧང་གསང་དགོས་པ་
    གང་ཡང་མ་མཐོང་སྐྱག་པར་ལག་པ་འཆང་
    ན་སྐྱག་དྲི་བྲོ་བ་ཆོས་ཉིད་རེད་།།

  12. ཁྲི་རལ་པ་ཅན། says:
    2016-11-23 at 3:52 am

    མཁས་དབང་རྫ་ཚེས་ཡག་པོ་བྲིས་འདུག།བོད་པ་ཚོས་རྣམ་ཀུན་ཁོང་ཚོ་ལས་ལྷག་གི་མི་རིགས་ཡ་རབས་དང་།སེམས་བཟང་ཞིག་མེད་ལུགས་དང་།རྒྱ་མི་དང་ཕྱི་རྒྱལ་ཚོར་དངུལ་ཡོད་ཀྱང་བསམ་བློ་བོད་པ་ཕྱུག་པོ་ཡིན་ལུགས་རྟག་པར་ངོ་ཚ་དོར་ཏེ་བཤད་བསྡད་ཡོད་མོད།ད་གཞན་གྱིས་ཚུར་ཀྱལ་ཀ་ཅུང་བྱས་ཡོང་དུས་ནས་རང་མདོག་ཕྱི་ལ་བསྟན་ཡོང་བ་འདི།བོད་པ་ཚོས་རང་རྐུབ་རང་རྡོལ་དང་རང་གི་རྫུན་རྔ་རང་གིས་ཕྱི་ལ་བཏོན་བཞིན་པ་དེ་རེད།
    ལར་དེང་སང་བོད་ཕྱི་ནང་གཉིས་ཀར་བོད་པ་ཚོས་ཕན་ཚུན་མཁྲུག་འཛིང་དང་ཚིག་ངན་བཤད་རེས།འགྲོ་སྟངས་དང་རྒྱུ་མཚན་མེད་པར་ཆེ་ས་བོད་མི་རིགས་དང་བོད་ཀྱི་ཆོས་རིག།ཆུང་ས་ངོ་མི་ཤེས་པའི་མི་ཕན་ཚུན་དབར་ཚུན་ལ་མཐོང་ཆུང་དང་ཁྱད་བསོད།སྡིག་དམོད་བྱེད་རེས་སོགས་བོད་སྐད་ཤེས་མཁན་གྱི་མི་རིགས་གཞན་གྱིས་ཉན་ས་ཧོན་འཐོར་བ།རྒྱ་རྒན་མ་དེས་ཚིག་ངན་ལས་ཀྱང་ལྡབ་བརྒྱ་འགྱུར་གྱིས་སྡུག་པོ་དེ་འདྲ་བཤད་ཀྱིན་འདུག་ན།རྒྱ་རྒན་མ་དེ་ལ་བོད་པ་ཚོ་ཧ་ལས་མདོག་དེ་འདྲ་གང་ཡང་བྱ་དགོས་མེད་པར་སྙམ།

  13. ཏི་སི། says:
    2016-11-23 at 7:50 am

    ཁྲི་རལ་གསུངས་དོན་སྙིང་ཅན་འདུག་མོས་མཐུན་ཡོད།

  14. རྡོ་རྗེ says:
    2016-11-23 at 9:33 am

    ཧྲང་ཧེ་བུ་མོ་ཟེར་བོས་བྱུང་གྲ་རྒན་འདིས་ཡང་། རྒྱ་ནག་གི་བུ་མོའམ་རྒྱ་མིའི་བུ་མོ། རྒྱ་མོ་སོགས་ཀྱང་བོས་མེད། ང་མི་འདི་ཚོ་མི་དགའ། ག་དུས་ཡིན་ན་རྒྱ་ནག་དང་གཅིག་པ་ཡིན་པའི་བཤད་སྟངས་ཤིག་རང་ཤུགས་སུ་ཡོད་འདིར་ང་སྙིང་ན་གི་ཡོད།

  15. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-23 at 11:24 am

    སྟོད་ནས་དགའ་རྒྱུ་གང་ཡོད་སྨད་ནས་སྡུག་རྒྱུ་གང་ཡོད་དེ་ལས་
    སོ་སོའི་ཕ་ཡུལ་ལེན་ཐབས་བྱས་ན་དགའ་ལེ་རེད་རྒྱ་མོ་ཞིག་གི་
    ཁ་དང་རྐུབ་ལ་ལྟ་རྒྱུ་གང་ཡོད་ང་ནི་ལྟས་ངན་ལ་བལྟ་སྐྱོར་དང་

    དྲི་ངན་ལ་སྣུམ་སྐྱོར་ནམ་ཡང་མི་བྱ་།

  16. སྲོང་བཙན། says:
    2016-11-23 at 11:52 am

    མཁན་པོ་མཆོག་གི་རྩོམ་ཡིག་གང་འདྲ་ཞིག་འབྲི་རུང་རྩོམ་གཤིས་དང་ནང་དོན། གཏན་ཚིགས་དང་རྒྱུན་ཤེས། ཕྱོགས་མང་པོ་ནས་གནད་དོན་ཐོག་ཏུ་བཀོལ་ཏེ་སྙན་པོ་དང་ཟབ་པོ་དཔེ་འདྲ་འབྲི་གི་འདུག ལྷག་པར་དུ་གྲོང་སྐད་དགོས་ནི་རེད་དང་ཡིན་ནི་རེད་ལྟ་བུ་སོགས་གཏན་མི་སྤྱད་པ་འབྲི་ལུགས་འདི་ལ་བལྟ་དུས་ཁམས་པའི་རྩོམ་གཤིས་ངོ་མ་ཞིག་རྒྱུན་འཁྱོངས་གནང་ཐུབ་ཡོད་པའི་ཚོར་བ་བྱུང་།

  17. བེ་རེ་གདོང་ནག says:
    2016-11-24 at 5:27 am

    རྒྱ་མོ་དེ ལ་སེམས་སྟེང་ནས་ཐུགས་རྗེ་ཆེ་ཞུ། རྩོམ་པ་པོ་རྫ་ཚེ་ལ་ཡང་ཐུགས་རྗེ་ཆེ་ཞུ། ཁ་བརྡ་དྲྭ་བར་གནས་རིན་ཐང་ཡོད་པའི་རྩོམ་རེ་ཀློག་རྒྱུ་ཡོད་པ་དེ་ནི་་ཁོང་ཉིད་ཀྱི་རྩོམ་ཁོ་ན་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme