Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ང་རང་ཀྲུང་གོ་བ་མིན་པའི་བདེན་དཔང་བྱས་ཡོད།

Posted on 2010-05-072010-05-08 By དབང་ཕྱུག་ 11 Comments on ང་རང་ཀྲུང་གོ་བ་མིན་པའི་བདེན་དཔང་བྱས་ཡོད།

བོད ལྷ་ཀླུ་གཉན་གསུམ།

ང་རང་གི་ལས་ཀ་བྱེད་ས་ནས་རྟག་དུ་ང་ཚོ་ལས་མི་དག་གི་ཉིན་གུང་གི་ཁ་ལག་ལྷན་དུ་ཟ་བཞིན་ཡོད་ལ། ཁ་ལག་ཟ་བའི་སྐབས་སུ་མང་ཤོས་ཤིག་ལ་ང་རང་གི་འགྲམ་དུ་རྒྱ་ནག་ཧོས་ཆེན་ནས་ཡོང་བའི་རྒྱ་མི་ལས་ཀ་ཇོས་ཆེན་ཟེར་བ་དེ་ཁེལ་གྱི་ཡོད་ལ། ཁོ་རང་ཡང་དུས་རྒྱུན་དུ་ང་རང་ལ་བོད་རྒྱའི་སྐོར་གླེང་རྒྱུར་ཧ་ཅང་དགའ་བ་མ་ཟད། ཁོ་རང་གིས་དུས་ནམ་ཡིན་ཡང་བོད་ནི་རྒྱ་ཁུངས་ཡིན་པ་ཁོ་ན་འདོད་ཀྱི་ཡོད་ལ། རྒྱུན་དུ་ང་རང་ལ་དེ་ཡི་སྐོར་མང་བོ་ཞིག་ཀྱང་གླེང་གི་ཡོད།

ང་རང་གིས་རང་གི་རྒྱ་སྐད་ཡག་པོ་ཞིག་མི་ཤེས་ཀྱང་། ཤེས་པ་དེ་རྒྱུད་ནས་ཁོ་ལ། ཁྱེད་རང་གིས་དུས་རྒྱུན་དུ་རྒྱ་ནག་གི་བརྙན་འཕྲིན་གསར་འགྱུར་ཁོ་ན་ལ་ཡིད་ཆེས་བྱས་པ་ཡིན་ན་ནི། ནམ་ཡང་བོད་ཟེར་བའི་མི་རིགས་དེ་ནི་ལོ་རྒྱུས་ཀྱི་སྟེང་ནས་རྒྱ་ནག་དང་ཐ་དད་ཡིན་པ་ཞིག་གཏན་ནས་ཤེས་ཐུབ་ཀྱི་མ་རེད་ལ། ཁྱེད་རང་གིས་ད་ལྟ་བོད་ཟེར་ནས་གླེང་བཞིན་པ་དེ་ཁོ་ན་ལ་བོད་པ་ངེས་འཛིན་བྱས་པ་ཡིན་ན། ང་རང་ཡོང་སའི་ས་ཁུལ་དེ་ཡང་བོད་པ་མ་ཡིན་པ་དང་། ང་རང་ཡང་བོད་མི་མ་ཡིན་པ། ཉེ་སྔོན་ཁྱེད་རང་གི་ཏྰ་ལའི་བླ་མ་མི་ཡག་པོ་ཞིག་རེད་ཟེར་ནས་གླེང་བ་ཁོང་ཡང་བོད་མི་མིན་པ་ཆགས་ཀྱི་རེད་ཅེས་བཤད་པ་ཡིན།

ཁོ་རང་སྐབས་དེར་ཧང་སངས་པའི་ཉམས་དང་བཅས། དེ་ན་བོད་མིའི་ས་ཁུལ་གང་གང་རེད་ཅེས་དྲིས་པའི་ལན་དེར། ངས་ཁྱེད་རང་གིས་གསལ་བོ་ཉོན། དཔེར་ན་ཟེར་ཞོར་དུ་ངས་ཅོག་རྩེ་སྒང་གི་དཀར་སྡེར་ཞིག་ཚུར་བླངས་ནས། བོད་ཀྱི་ས་ཁུལ་འདི་རེད། ད་ལྟ་བོད་མི་དག་རྒྱ་ནག་གི་ས་ཁུངས་མང་བོ་ཞིག་ལ་འགོས་ཚར་བ་དང་། མིང་དེ་ཡང་རྒྱ་ནག་རང་གི་ཀྲུང་གོ་ཟེར་བའི་རྒྱལ་ཁབ་གསར་བ་དེ་བཙུགས་པའི་ཉིན་ནས་བཏགས་པ་རེད། སི་ཁྲོན། ཀན་སོའུ། མཚོ་སྔོན་སོགས་ཞིང་ཆེན་ལྔའི་ཁུངས་སུ་བཅུགས་དེ། དེ་དག་གི་ཁུངས་སུ་ཡོད་པའི་བོད་མི་དེ་དག་ལ་ཁོང་ཚོས་གཏན་ནས་བོད་ཀྱི་ས་ཁུལ་ཟེར་ནས་གསར་འགྱུར་ནང་དུ་བཤད་ཀྱི་ཡོད་པ་མ་རེད་ལ། ད་ལྟ་ཁྱེད་རང་གི་བཤད་བཞིན་པའི་ཤིས་ཚང་ཟེར་བ་དེ་གཅིག་བུ་བོད་ས་ཡིན་པ་དང་བོད་མི་ཡིན་པ་ཆགས་བཞག་པ་ཡིན་ན། བོད་ཀྱི་ས་ཁུངས་མང་ཤོས་ཤིག་བོད་ཡུལ་མིན་པ་ཆགས་ཀྱི་ཡོད་པ་རེད།

ཁོ་རང་གིས་མགོ་བོ་ཐད་དུ་གཡུགས་ཞོར་དུ། དེས་ན་བོད་ཀྱི་ས་ཆ་དེ་འདྲའི་ཆེན་པོ་ཞིག་ཡོད་པ་རེད་དམ། དེ་འདྲ་ཡིན་དུས། བོད་ལ་རང་བཙན་སྤྲད་པ་ཡིན་ན། ད་དུང་། མི་རིགས་གཞན་པ་ཁ་ཤས་ཤིག་ལ་ཡང་དཀའ་རྙོག་གི་ནང་དུ་འཕྲད་ཡོད་པ་རེད། དེ་ཕྱིར་སྤྲད་པ་ཡིན་ན། ཀྲུང་གོ་རྒྱལ་ཁབ་ཐོར་འགྲོ་ངེས་མ་རེད་དམ། ལྷག་པར་དུ་ཐེ་བན་ནི་ཀྲུང་གོའི་མངའ་ཁུངས་ཆགས་ཡོད་པ་ཡིན་དུས། མི་རིང་བར་དེ་ཡང་ཕྱིར་རང་གི་མེས་རྒྱལ་གྱི་བང་དུ་ལོག་ངེས་ཡིན་ལ། ཁོང་ཚོས་ཀྱང་ཀྲུང་གོ་ནི་ད་ལྟའི་འཆར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་དུ་གྱུར་བཞིན་པ་དེར་ངེས་ཟིན་གྱི་ཡོད་པ་རེད།

སྐབས་དེར་ང་རང་དངོས་ནས་དགོད་རྒྱུ་ཡོང་ནས་གསན་མི་ཚུགས་པར་དགོད་ཞོར་དུ། ཁྱེད་རང་གིས་དངོས་ནས་དེ་འདྲ་ཞིག་འདོད་ཀྱི་ཡོད་པ་དེ་ནི་ཁྱེད་རང་གི་ནོར་འཁྲུལ་རེད། རྒྱ་ནག་གི་དཔལ་འབྱོར་གྱི་ཆ་ནས་བཤད་པ་ཡིན་ན། ཡར་རྒྱས་ཅུང་ཙམ་འགྲོ་བཞིན་ཡོད་པ་བདེན་ན་ཡང་། མི་དམངས་ནི་སྔར་ལས་ཀྱང་སྐྱོ་རུ་སོང་མེད་ཀྱང་ཡག་དུ་སོང་མེད་པར་ཉིན་རེ་བཞིན་ལས་མི་དང་ལས་བཟོ་བ་མི་ཉུང་བ་ཞིག་གིས་རྒྱལ་ཁབ་དང་བཟོ་གྲྭ་ཁག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་ནང་དུ་མི་ལ་རང་དབང་མེད་སྟབས། ངས་གོང་དུ་བཤད་པའི་བོད་མི་འཇུ་བཟུང་སྐོར་གཅིག་བུ་མ་ཡིན་པར། རྒྱ་ནག་རང་གི་མི་རིགས་ཀྱི་རྩོམ་པ་པོ་དེ་ཚོ་ཡང་ཁྲིམས་ཐག་གཅོད་པ་དང་། དོན་མེད་དུ་མནར་གཅོད་གཏོང་བཞིན་ཡོད་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་བྱུང་བཞིན་ཡོད་པ་རེད།

དེ་དུས་ཁོ་རང་གིས། རེད་རེད། རང་དབང་གི་ཐད་ནས་དངོས་ནས་རྒྱ་ནག་ནང་དུ་འགྱུར་བ་འགྲོ་ངེས་རེད་ལ། འགྱུར་བ་འགྲོ་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད། འོན་ཀྱང་། ཁྱེད་ཅག་གིས་བོད་ཀྱི་དབུ་ཁྲིད་༧རྒྱལ་བ་པན་ཆེན་ཟེར་ནས་གཉིས་འདུག དེ་གཉིས་ཀྱི་སུའི་གོ་གནས་མཐོ་བ་ཡོད་རེད།

ང་ཚོ་བོད་མི་དག་གི་སེམས་ནང་དུ་དད་པ་བྱེད་མིན་དེ་ནི་རང་དབང་ཡིན་དུས། ༧རྒྱལ་བ་པན་ཆེན་གཉིས་ལ་དད་ཞེན་ཡོད་མཁན་དག་གི་སེམས་ཁུངས་་དུ་ཁོ་གཉིས་ལ་མཐོ་དམན་ཡོད་པ་མ་རེད། དེ་ནི་ཁྱེད་རང་གི་ནམ་རྒྱུན་གོ་བཞིན་པའི་རྒྱ་ནག་གི་གསར་འགྱུར་དང་བསྡུར་ནས་ཡོང་བ་ཡིན་ན། བོད་མི་དག་གིས་རང་གི་བླ་མ་ལ་དད་མིན་དེ་ནི་རང་དབང་ཡིན་པ་ལས། སུ་གང་གིས་བཀའ་གཏོང་མཁན་ཡོད་པ་མ་རེད། རྒྱ་ནག་སྲིད་གཞུང་གིས་དེ་ཡང་ཆབ་སྲིད་ཀྱི་ངོ་བོར་སྒྱུར་ནས་ཐ་ན་པན་ཆེན་རིན་པོ་ངོ་མ་དེ་ཡང་ད་ལྟའི་བར་དུ་ཤི་གསོན་ཡང་མ་ཤེས་པར་ཡོད་པ་རེད།

ཁོ་རང་གིས། ག་རེ། པན་ཆེན་རིན་པོ་ཆེ་ཡོད་པ་མ་རེད། ག་རེ་བྱས་ནས་མེད་སོང་བ་རེད་དམ།

དེ་ནི་རྒྱ་ནག་གི་ཁོང་དགུང་ལོ་དྲུག་ཡིན་དུས་བཙན་ཁྲིད་བྱོས་དེ། ད་ལྟའི་བར་དུ་གར་སོང་ཆ་མེད་དུ་གྱུར་ནས་ཐ་ན་ཤི་གསོན་ཡང་ཤེས་སུ་འཇུག་གི་ཡོད་པ་མ་རེད། ད་ཁྱེད་རང་གིས་ལྟོས་དང་། ངེད་ཅག་གིས་རང་གི་དད་མོས་ཙམ་ལ་ཡང་རང་དབང་མི་སྤྲོད་པའི་སྲིད་གཞུང་དེར་ཡིད་ཆེས་ཇི་ལྟར་བྱེད་དགོས་པ་རེད།

དེ་དུས་ཁོ་རང་དགོད་ཞོར་དུ། ལག་ནང་དུ་དཀར་ཡོལ་སྟོང་བ་དེ་བཟུང་ནས་ཕྱིར་ཐབ་ཚང་དུ་འགྲོ་ཞོར། ང་རང་སོང་ནས་པན་ཆེན་རིན་པོ་བཙལ་ཡོང་ཟེར། ངས་སྐབས་དེར་གདོང་ཡོངས་ལ་འཛུམ་གྱིས་འཁང་བཞིན། དེ་ནི་ཁྱེད་རང་གི་རྨི་ལམ་ནང་དུ་ཤར་ཐུབ་ཀྱི་མ་རེད་ཅེས་ལན་བཏབ་དེ་ང་རང་ཡང་ག་ལེར་ཡར་བླངས།

ཞབས་ཞུ་མ་ཞིག་གིས་ང་རང་ལ་འགན་འཛིན་བུད་མེད་དེས་འབོད་ཀྱི་འདུག་ཟེར་བ་ལྟར་སོང་དུས། ཁོ་མོས་ང་རང་གི་ལག་ཁྱེར་ཁུར་ནས་ཤོག་དང་། མིང་དང་ཁ་བྱང་སོགས་ཐོ་འགོད་ཅིག་བྱེད་དགོས་ཀྱི་འདུག་ཟེར་བ་ལྟར། ངས་ཁུར་ཡོང་ནས་ཁོ་མོ་ལ་སྟོན་བཞིན་པའི་སྐབས་སུ། རྒྱ་མི་ངས་གོང་དུ་ཁ་བརྡ་བྱེད་ས་ཁོ་རང་ངའི་འགྲམ་དུ་སླེབས་སོང་། དེ་དུས་ངའི་ལག་ཁྱེར་སེར་བོ་ལ་བལྟ་བཞིན་འདི་ཁྱེད་རང་གི་ལག་ཁྱེར་རེད་དམ་ཟེར།

ངས་རེད། འདི་ནི་རྒྱ་གར་གཞུང་དང་བོད་གཞུང་གི་མཉམ་འབྲེལ་འོག་ང་ཚོ་ལ་སྐྱབས་བཅོལ་ལག་ཁྱེར་རེག་པ་རེད་ཅེས་བཤད་དུས། དེས་ན་ཁྱེར་རང་ལ་ཀྲུང་གོའི་ལག་ཁྱེར་མེད་དམ།

ངས་སྐབས་དེ་ནི་རང་ཉིད་ནི་ད་ལྟའི་འཆར་ཀྲུང་གོ་བ་མིན་པའི་བདེན་དཔུང་རྙེད་པ་ལྟར། རེད། ང་ཚོའི་ལག་ཁྱེར་གཅིག་གི་མ་རེད། ང་ཚོའི་གཞུང་ཡང་རྒྱ་གར་དུ་སྐྱབས་་བཅོལ་བྱས་ནས་བསྡད་ཡོད་པ་རེད་ལ། ལས་ཀ་གང་ཞིག་བྱེད་དགོས་པ་ཡིན་ན་གཞུང་བརྒྱུད་ནས་བྱེད་ཐུབ་ཀྱི་རེད། ལག་ཁྱེར་འདི་ཀྲུང་གོ་མ་་གཏོགས། རྒྱལ་ཁབ་གང་ནས་མགྲོན་ཤོག་འབྱོར་བ་ཡིན་ན་འགྲོ་ཐུབ་ཀྱི་རེད་ཅེས་བཤད་དུས་སུ། ཁོ་རང་ཧང་སངས་སངས་ཀྱིས་ཚུལ་དང་བཅས། དེས་ན་བོད་གཞུང་ལ་སྤྱི་བདེ་གཉེན་རྟོགས་པ་ཡོད་པ་རེད་དམ་ཟེར།

ངས་ཡོད་པ་མ་རེད། སྐྱབས་བཅོལ་གཞུང་ཞིག་ཡིན་དུས། སྤྱི་བདེ་གཉེན་རྟོགས་པ་ཡོད་ཆོག་གི་ཡོད་པ་མ་རེད་ཅེས་བཤད་དུས། ཁོས་སླར་ཡང་། དེས་ན་བོད་ལ་དམག་མི་ཡོད་པ་རེད་དམ་ཟེར།

ཡོད་པ་རེད། དེ་ཡང་བོད་དམག་ཟེར་ནས་ལོག་དུ་ཡོད་པ་མ་རེད། རྒྱ་གར་གྱི་དམག་མི་དང་མཉམ་དུ་ཡོད་པ་རེད་ཅེས་ལན་བཏབ་པ་ཡིན།

ཁོས་དེས་ན་རྒྱ་གར་གྱི་དམག་མི་དང་། རྒྱ་ནག་གཉིས་ལས་སུ་སྟོབས་ཤུགས་ཡོད་སྲིད་དམ་ཟེར།

དེ་དུས་ང་རང་དངོས་ནས་ཁོ་རང་གི་དྲི་བ་དེ་ཚོ་བྱིས་པ་ཞིག་གི་དྲི་བ་ལྟ་བུ་ཞིག་མཐོང་ན་ཡང་། དགོད་ཞོར་དུ། དེ་ནི་བཤད་ཁག་པོ་རེད། དམག་མི་ལ་སྤྱོང་བརྡར་སྤྲོད་སྟངས་སུ་བཟང་བ་ཡོད་མིན་ད་ལྟའི་འཆར་འུ་གཉིས་ཀྱིས་སུ་ཡིན་ཡང་བཤད་མི་ཤེས་དུས། དེ་ནི་བཤད་ཚོད་ཐུག་གི་མ་རེད། ཁྱེད་རང་འཐབ་འཁྲུགས་བྱེད་རྒྱུར་དགའ་བོ་ཡོད་དམ།

ཁོ་བོས་ལག་པ་གཉིས་ཀ་གནམ་ལ་གཡུགས་ཞོར་དུ། མེད་མེད་ཟེར།

སྣ་ཚོགས།

Post navigation

Previous Post: བཞི་བཅུ་བཞིའི་མྱ་ངན་རྩོམ་ཡིག་ཕྱོགས་བསྒྲིགས་གསལ་བསྒྲགས་ཕྱིར་འཐེན།
Next Post: བོད་ཀྱི་གོད་ཆག་དང་རྒྱ་ནག་གི་མཛའ་གླུ།

Comments (11) on “ང་རང་ཀྲུང་གོ་བ་མིན་པའི་བདེན་དཔང་བྱས་ཡོད།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2010-05-07 at 10:59 am

    སྤུན་ཟླ་ཚོ། འབྲེལ་ཐག་འདི་ལ་གསན་རོགས་ཞུ།

    http://www.youtube.com/watch?v=PuKXnoT9YsU

  2. ལོ་ལོན says:
    2010-05-07 at 12:05 pm

    ངར་གི་ཨ་རོ་བོད། ལྷ་ཀླུ་གཉན་གསུམ་། ང་རང་ལ་ཆ་བཞག་ན་སྤྱིར་རྒྱ་སྐད་མི་ཤེས་པས་ཐོག་མི་དགའ་། དེ་ཕྱིར་ཚིག་གཅིག་གཉིས་ཞིག་ཤེས་བ་དེ་ཡང་རྐང་བཙུག་ནས་བེད་སྤྱོད་བྱེད་གིན་མེད་། ཆང་ཧེ་ནས་ཡིན་ཞེས་ལབས་པས་གོན་པ་གཉིས་པར་། ཕ་རོལ་བས་འོ་ཁྱོད་ཀྲུང་གོ་བ་རེད་། ཟེར་བས་སྐད་ཆ་དེ་ཡོང་གི་རེད་། ཁོར་ཚོར་མཚོན་ས་ཕྱོག་ས་གཅིག་པས་འདུ་ཤེས་འཛིན་པ་ཡིན་ནམ། གང་ཡིན་་མི་ཤེས་མོད་། འོན་ཀྱང་ང་ཚོར་མཚོན་ན་སྐད་ཆ་དེས་དེ་ག་འདྲས་ལྗིད་དིག་དིག་ཞིན་པ་བཤད་མི་དགོས་པ་རེད།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2010-05-07 at 3:13 pm

    ལོ་ལོན་ལགས། ངེད་ཅག་གིས་དགྲ་བོ་ཟེར་ན་འདྲ། རང་གི་ཁ་གཏད་དེ་ངོ་ཤེས་པ་ལ་ཐོག་མར་ཁ་གཏད་ཀྱི་མི་དམངས་དེ་ཤེས་པ་ལ་རང་གིས་གང་ཐུབ་ཅི་ཐུབ་ཀྱིས་ཕར་ཕྱོགས་ཀྱི་མི་དམངས་གང་ལ་གང་འཕྲད་པ་དེ་དག་བརྒྱུད་ནས་ཁོང་ཚོས་བོད་མི་དམངས་ལ་འཛིན་བཞིན་པའི་བསམ་བློ་དེ་གང་ནས་བྱུང་གི་ཡོད་མེད་སྐོར་དེ་ཤེས་རྒྱུ་ནི་དངོས་ནས་གལ་ཆེན་ཡིན་པ་མ་ཟད། དེ་དང་ལྷན་དུ་ཁོང་ཚོས་དེ་ལྟར་ཡིད་ཆེས་བྱེད་བཞིན་པ་དེ་ལ་རྒྱུ་མཚན་དང་གནས་ལུགས་ཡོད་མེད་དེར་ཞིབ་དུ་ལྟ་དགོས་པ་དང་འགྲོག གང་ཐུབ་ཅི་ཐུབ་ཀྱིས་ཁོང་ཚོ་ལ་གསལ་བཤད་བྱེད་ཐུབ་སར་གསལ་བཤད་བྱེད་རྒྱུ་དེ་ནི་དངོས་ནས་གལ་ཆེན་པོ་ཡིན་དུས། ཚུར་ཡུལ་ཕྱོགས་གཅིག་པ་ཟེར་ནས་བཤད་དེ་འོང་དུས། ཡུལ་ཕྱོགས་གཅིག་པ་མིན་པའི་སྒྲུབ་བྱེད་རྒྱག་དགོས་པ་རེད་ལ། མི་སུ་ཞིག་ཡིན་ཡང་རང་ཉིད་ལ་རང་ཉིད་ཀྱི་འཚོ་གནས་གླེང་བའི་ཐོབ་ཐང་ཡོད་བཞིན་དུ། རྒྱ་ནག་སྲིད་གཞུང་གིས་བོད་མི་རིགས་ལ་དེ་དག་སྤྲོད་ཀྱི་མེད་པའི་སྒང་ལ་བོད་མི་ཟེར་བའི་མི་རིགས་ཤིག་གི་ལོ་རྒྱུས་ཀྱང་མེད་པར་གཏོང་འདོད་ཀྱི་རྒྱུ་མཚན་རེ་ཟུང་རེ་ཁོང་ཁྲོ་མེད་པའི་སྒོ་ནས་བཤད་ཐུབ་པར་འབད་ཨེ་ཐུབ་ལ་ལྟ་ཐུབ་པ་ཡིན་ན་ཕན་པར་འདོད།

  4. ཟླ་བ་གཞོན་ནུ། says:
    2010-05-08 at 3:06 am

    ང་རང་ཡང་སྔོན་མ་ཞིག་ལ་པེ་ཅིན་ནས་ཡོང་བའི་རྒྱ་མི་བཟའ་ཟླ་གཉིས་ལ་ས་ར་ནཱ་ཐའི་གནས་བཤད་རེ་བྱེད་དགོས་ཞེས་ལས་ཁུངས་ནས་སྐད་བཏང་བ་ལྟར་སོང་དུས།
    ང་རང་ཚོའི་བར་ལའང་དེ་ག་ནང་བཞིན་གྱི་གླེང་མོལ་ཞིག་བྱུང་མྱོང་མོད། ང་རང་གིས་བོད་ལྷ་ཀླུ་གཉན་གསུམ་ལགས་ལྟར་ཀྲུང་གོ་བ་མིན་པའི་བདེན་དཔང་བྱེད་འདོད་མ་བྱུང་།

    ཁོ་གཉིས་ཀྱིས་ང་གང་ནས་ཡིན་ཟེར་བར། ངས་མཚོ་སྔོན་ནས་ཡིན་ལབ་མ་ཐག
    ཁྱོ་ག་དེས་བཤད་རྒྱུར་དེས་ན་ང་ཚོ་ཚང་མ་ཀྲུང་གོ་བ་རེད་འདུག་ག་ཟེར་བར། ངས་ལན་ཅི་ཡང་མ་བརྒྱབ།
    ང་ཅི་ཐུབ་ཀྱིས་གད་མོ་ཞིག་ཤོར་བ་ཡིན། དེས་ཁོང་གཉིས་ཀྱང་དོགས་མི་བདེ་ཞིག་བཟོས་སོང་།

  5. ཟླ་བ་གཞོན་ནུ། says:
    2010-05-08 at 3:12 am

    ཁ་བྱང་ལ་བདེན་དཔུང་ཞེས་པ་ཅི་ཞིག་རེད་དམ། བདེན་དཔང་ཡིན་ནམ།
    ཁ་བརྡ་དྲ་རྒྱས་ཡིག་ནོར་ལ་དོ་སྣང་རེ་བྱེད་ཐུབ་ན་ཀློག་པོ་གང་མང་ལ་ཕན་པར་འདོད།
    རྩོམ་ཡོངས་ལ་བལྟ་ཁོམ་མེད་པར་ཆ་བཞག་ནའང་། ཁ་བྱང་ཙམ་ལ་ཏ་བལྟ་ཁོམ་ཡོད་རྒྱུ་རེད་འདོད།

  6. བོད། ལྷ་ཀླུ་གཉན་གསུམ། says:
    2010-05-08 at 4:27 am

    ཟླ་བ་གཞོན་ནུ་ལགས། ཉིད་ཀྱིས་གསུངས་པ་དེ་བདེན་པ་རེད་འདུག ཡིག་ནོར་འབྲི་མཁན་ནི་ང་རང་ཡིན་དུས། ང་རང་ལ་འགན་ཡོད་པ་རེད། བདེན་དཔུང་དང་བདེན་དཔང་གཉིས་ལ་གོ་བ་མ་འདྲ་བ་འདུག ཉིད་ཀྱིས་དེ་ལྟར་གསལ་བཤད་བྱས་པ་བཀའ་དྲིན་ཆེ། ཡིན་ཡང་། ཉིད་རང་རྒྱ་ཡིག་རྒྱ་སྐད་ཤེས་མཁན་ཞིག་གིས་རྒྱ་མི་ཞིག་གིས་ངེད་ཚོ་ཚང་མ་ཀྲུང་གོ་བ་རེད་ཟེར་ནས་ཚུར་གསུངས་དུས། ང་ཚོ་ཚང་མ་མ་རེད། ཁྱེད་གཉིས་རེད་ཟེར་ནས་བདེན་པའི་ལན་ཞིག་མ་བཏབ་པ་དེར་བསམ་དུས། དེང་སང་གི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ཚོང་ལས་དེ་ཚོ་དེ་ལས་ཀྱང་ཁག་མེད་པ་ཞོར་ནས་རྟོགས་ཀྱི་འདུག རང་དོན་རང་གཅེས་ཟེར་བ་དང་། དྲང་བདེན་རང་གི་མགོ་ནས་སྐྱོང་དགོས་པ་རེད་ལགས། འདི་ནི་ང་རང་གི་བསམ་ཚུལ་ཙམ་ཡིན། ཐུགས་ལ་འཕོག་ཐུག་འདྲ་་བྱུང་ན་དགོངས་དག་ཞུ།

  7. གཞིས་ལུས་བོད་པ། says:
    2010-05-08 at 9:02 am

    དྲ་གྲོགས་ཚོ། འབྲེལ་ཐག་འདི་ལ་ཞིག་གསན་རོགས། http://www.tbmtv.com/html/channel1/2434.html

  8. བོད། ལྷ་ཀླུ་གཉན་གསུམ། says:
    2010-05-08 at 2:15 pm

    གཞིས་ལུས་བོད་པ་ལགས། ཉིད་ནས་དྲ་བྱང་ངོ་སྤྲོད་བྱས་པ་ལྟར་ཉན་ཚར་བ་ཡིན། རྗེས་ཕྱོགས་ཀྱང་འདི་འདྲའི་རིགས་མང་ཙམ་ངོ་སྤྲོད་རེ་བྱེད་རོགས།

  9. ཁ་བརྡ་ཚང་། says:
    2010-05-08 at 5:15 pm

    ཟླ་བ་གཞོན་ནུས་དགོངས་འཆར་གནང་བར་བཀའ་དྲིན་ཆེ།
    དེ་ལྟར་བཅོས་ཡོད།
    ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།

  10. ཁ་ཕྱོགས་མེད says:
    2010-05-09 at 12:59 am

    རེད་རེད། ས་ཆ་གང་དུ་ཡོད་ན་དེ་ན་རྒྱ་མི་མི་ཉུང་བ་རེ་ཡོད་ཀི་དེ་དག་དང་ཕན་ཚུན་ངོས་སྤྲོད་བྱེད་དགོས་བྱུང་ཚེ་ངས་ང་བོད་པ་ཡིན་ཞེས་བརྗོད་ཚེ་ཚུར་ལན་དུ་ཁྱོད་ཀྱང་ཀྲུང་གོ་བ་རེད་འདུག་ཟེར་གི། ལན་དུ་ངས་ཡང་བསྐྱར་ང་བོད་པ་ཡིན་ཞེས་བརྗོད་ཀྱི་ཡོད་ཡ། དེ་ནི་ཅང་ཟེར་གྱི་མི་འདུག།

  11. ཟླ་བ་གཞོན་ནུ། says:
    2010-05-10 at 3:59 am

    བོད། ལྷ་ཀླུ་གཉན་གསུམ་ལགས།
    ང་རང་གིས་ལན་མ་བརྒྱབ་པ་དེའང་ལན་རེད་ཡ།
    ངས་མིན་ཚུལ་གྱི་གསལ་བཤད་མ་བྱས་ཀྱང་རྒྱུ་མཚན་ཁོ་རང་ཉིད་ནས་འཚོལ་ངེས་པས་དེ་ལྟར་འཚལ་ན་ད་གཟོད་གསལ་བཤད་བྱས་པ་ལས་ཀྱང་གསལ་བོ་ཆགས་རྒྱུ་མ་རེད་དམ།

    སྤྱིར་ཀྲུང་གོ་བ་ཟེར་བ་རྒྱ་མི་གཅིག་པུ་ལྟ་བུར་མི་གོ་བར་རྒྱ་ནག་གི་མི་རིགས་ང་དྲུག་ཆ་ཚང་ལ་ཀྲུང་གོ་བ་ཟེར་གྱིན་འདུག
    དེའི་རྐྱེན་གྱིས་ཁོང་ཚོས་ང་ཚོ་ཡང་ཀྲུང་གོ་བ་ཡིན་བཤའ་བྱེད་ཀྱིན་ཡོད་རེད་འདོད།
    དེ་ཡང་བསམ་བློ་གཏོང་ཐུབ་པ་ཞིག་རེད་ལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme