Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་།

Posted on 2016-11-082016-11-13 By ཁ་བརྡ་ 14 Comments on བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་།

ཡོང་ཁུངས། བོད་ཀྱི་དུས་བབ།
མདང་དགོང་མཚན་གུང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ལ་ལི་ཀེ་ལའི་བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཚོང་ཁང་ ༡༣༨ ཀྱི་ཚོང་རྫས་ཡོད་ཚད་ཚིག་ཡོད་འདུག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལ་ལི་ཀེ་ལ་བོད་མི་སུད་ཚོང་ཚོགས་པའི་ཚོགས་གཞོན་བསོད་ནམས་སྟོབས་རྒྱལ་ལགས་སུ་སྐད་ཆ་དྲིས་པར། མདང་དགོང་མཚན་གུང་ཆུ་ཚོད་༡༢།༣༠ ནས་དང་པོའི་བར་དུ་ཁྲོམ་རའི་གློག་སྐུད་ལ་མེ་སྐྱོན་བྱུང་ཡོད་པ་དང་། དེའི་ཐོག་ལྷག་པ་ཆེན་པོ་བརྒྱབ་སྟེ་མེ་གསོད་མ་ཐུབ་པར་བརྟེན། འཕྲོས་འདི་ནས་གཟིགས། http://tibettimes.net

གསར་འགྱུར།

Post navigation

Previous Post: དོ་ནུབ། ངས་བདུད་བྷེ་དྲན་བྱུང་།
Next Post: ཨ་རིའི་འོས་བསྡུས་འཛམ་གླིང་ལ་འདར་སིག་ཅིག་རྒྱག་ཏུ་བཅུག

Comments (14) on “བོད་མིའི་ཁྲོམ་རར་མེ་སྐྱོན་ཚབས་ཆེན་བྱུང་།”

  1. བྱང་ཆུབ་ལོ་མ། says:
    2016-11-08 at 8:17 pm

    ལོ་ངོ་ཞེ་བརྒྱད་རིང་ལ་ཚོང་ལས་གཉེར་བའི་ཁྱིམ་ཚང་ངམ་སྡེ་ཁག་ཅིག་ཆགས་ཡོད་སྟབས། ཁྱིམ་གྱི་འཚོ་རྟེན་རྦད་དེ་བརླག་པ་ལྟ་བུའི་དཀའ་ངལ་ནི་ཡོད་མདོག་མི་ཁ་ཡང་། ད་ལོའི་ཚོང་རྩའི་ཐད་ནས་ཀླད་ཀོར་རང་ཆགས་ཡོད་པ་རེད། དེར་བརྟེན། གཞུང་མང་གཉིས་ནས་ད་ལོའི་ཚོང་རྩའི་གྱོང་གུད་རྩིས་སྐོར་གསལ་པོ་ཞིག་གནང་ནས་རོགས་རམ་གྱི་འབོད་སྐུལ་སྣེ་ཁྲིད་གནང་བའི་ངེ་བ་ཡོད། ཚང་མས་གདུང་མཉམ་སྐྱེད་གནང་རོགས།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-08 at 9:14 pm

    གདུང་སེམས་མཉམ་བསྐྱེད་ཡོད་བལ་ཚོང་སྒྲིག་འཛུགས་ནས་མ་འོངས་བོད་མི་བལ་ཚོང་གི་
    ཚོང་ཟོག་དེ་དག་ཉེན་སྲུང་བྱ་དགོས་པ་ནི་ཤིན་ཏུ་ནས་གལ་ཆེ་བ་དང་བོད་མིའི་ཁྲོམས་ར་སོ་སོར་སྐམ་གློག་ལས་གློག་འཐེན་མི་ཆོག་པའི་ལམ་སྟོན་ཡང་གནང་དགོས་པ་དེ་གལ་ཆེན་ལ་ངོས་འཛིན་ཞུ་གི་ཡོད་།

  3. ཁྱུང་སེ། says:
    2016-11-08 at 9:16 pm

    ང་ཚོའི་སྤྱི་ཚོགས་ཀྱི་ནང་ལ་བླ་ཆེན་མི་ཆེན་ཚོང་ཆེན་དེ་ཚོར་རོགས་རམ་སློང་བའི་ཐེབ་རྩ་ཚོགས་པ་དེ་འདྲ་མང་པོ་ཡོད་པ་རེད། དེ་བཞིན་རང་རང་ལ་སྣུམ་འཁོར་སྒོར་འབུམ་བརྒྱ་ཕྲག་ཅན་ཀྱང་ཡོད་མཁན་ཡོད་པ་རེད་དེ་ཚོས་ད་ལམ་ཚོང་ར་མེས་འཚིགས་པའི་ཉམ་ཆུང་རྣམས་ལ་རོགས་རམ་བྱེད་ཐུབ་པ་ཡིན་ན་དུས་ལ་བབ་པའི་ཕན་ཐོགས་ཤིག་འབྱུང་ངེས།
    དྷི་ལི་མ་ཇུ་ནུ་ཀ་ཏྲི་ལའི་མགྲོན་ཁང་ཟ་ཁང་ཚོང་ཁང་བདག་པོ་དེ་ཚོས་ཀྱང་རང་རང་གི་ས་གནས་ལ་བྱུང་བའི་གོད་ཆག་ཕོག་པ་རྣམས་ལ་རོགས་རམ་བྱེད་དགོས་པའི་འགན་ཡོད་པ་རེད། དེ་ལྟར་བྱེད་པའི་རེ་བའང་ཡོད།

  4. རྟ་བདུན་དབང་བོ says:
    2016-11-08 at 9:45 pm

    གདུང་སེམས་མཉམ་བསྐྱེད་ཡོད། ཁྱིམ་ཚང་རེ་རེ་ནས་མ་མཐའ་ཡང་ཧིན་སྒོར་ས་ཡ་ཡས་མས་གྱོང་གུད་ཐེབས་ཡོད་ས་རེད། ཁོང་ཚོར་ད་ལོ་འཚོ་བརྟེན་མེད་པ་ཆགས་པ་རེད། ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་ཚང་མས་ཞལ་འདེབས་གང་ནུས་ཤིག་རྒྱག་ཐུབ་ན་ཡག་པོ་འདུག ངས་ཀྱང་ཨ་སྒོར་བརྒྱ་ཕྲག་ཁ་ཤས་འབུལ་ངེས་ཡིན། །

  5. ཅང་ཤེས་རྟ་མཆོག says:
    2016-11-08 at 11:01 pm

    སྲིད་སྐྱོང་བློ་བཟང་སེང་གེ་སྐབས་དེར་ལྡི་ལིར་ཡོད་ཀྱང་། ལྡི་ལིའི་ཆུ་བཞིའི་སྒང་དྲུག་ལ་ཞལ་པར་བཏང་སྟེ་བལ་ཚོང་ཁྲོམ་ས་དེར་མདོ་སྟོད་མིའི་ག་ཚད་ཡོད་མི་བརྩད་གཅོད་བཏང་བ་ཙམ་ལས་དཀའ་ངལ་འཕྲད་པའི་བལ་གོས་འཚོང་མཁན་མི་དམངས་ལ་སེམས་གསོའི་འཚམས་འདྲི་ཙམ་ཡང་མ་གནང་བར་རྡ་སར་ཕྱིར་ལོག་ཕེབས་པའི་གནས་ཚུལ་ཐོན་གདའ། བོད་མིའི་སྤྱི་མཐུན་གྱི་བསོད་ནམས་ཟད་པའི་་་་་་་་་་་་་་་

  6. ཀརྡོ་རབ་འབྱམས་པ་ says:
    2016-11-08 at 11:11 pm

    ཁུངས་དག་པར་འབྲི་འདོད་ན། དྷ་རམ་ཤ་ལ། དིལླི། ལྰལ་ཀི་ལ། མཛྣུ་ཀ་ ཊི་ལ་ཞེས་འབྲི་དགོས།

  7. ཀརྡོ་རབ་འབྱམས་པ་ says:
    2016-11-08 at 11:16 pm

    དཔེར་ན། ང་གུང་གསེང་སྐབས་ལ། དྷ་རམ་ཤ་ལ་ནས། དིལླིར་ཕྱིན་པ་ཡིན། དིལླིར་མཛྣུ་ཀ་ ཊི་ལའི་མགྲོན་ཁང་ནང་ལ་བསྡད་ནས། དེ་ནས་རི་ཥའི་ནང་ལ་བསྡད་བྱས། ལླལ་་ཀི་ལ་མཁར་རྫོང་དམར་པོ་དེ་ལྟ་རུ་ཕྱིན་པ་ཡིན། ལྟ་བུའོ།།

  8. ཀརྡོ་རབ་འབྱམས་པ་ says:
    2016-11-08 at 11:32 pm

    བོད་ཀྱི་དུས་བབ། > བསམ་ཚུལ། > ཤེས་རབ་དགའ་ཚལ་སློབ་གླིང་དང་དཔེ་སྟོན་སློབ་གྲྭའི་ལས་དབང་།
    ཤེས་རབ་དགའ་ཚལ་སློབ་གླིང་དང་དཔེ་སྟོན་སློབ་གྲྭའི་ལས་དབང་།
    བོད་ཀྱི་དུས་བབ། སྐར་མ ༤༡ སྔོན་ལ། རིག་པ། (༠)
    http://tibettimes.net/%E0%BD%A4%E0%BD%BA%E0%BD%A6%E0%BC%8
    B%E0%BD%A2%E0%BD%96%E0%BC%8B%E0%BD%91%E0%BD%82%
    E0%BD%A0%E0%BC%8B%E0%BD%9A%E0%BD%A3%E0%BC%8B%E0%BD%A6%E0%BE%B3%E0%BD%BC%E0%BD%96%E0%BC%8B%E0%BD%82%E0%BE%B3%E0%BD%B2-8/
    ་
    ་་་་་་་་་་་་ མདོར་བསྡུས་ཏེ་བཤད་ན་ད་ལྟའི་ཆར་དཔེ་སྟོན་གྱི་དཀའ་ངལ་སེལ་ཐུབ་མཁན་ནི་གསོག་སྒར་གྱི་སློབ་ཕྲུག་རྣམས་ལས་གཞན་གྱིས་འགན་འཁུར་ལེན་རེ་བྲལ་བས། ད་མུས་བཞིན་གནས་ཚེ་དཔེ་སྟོན་གྱི་ཕྲུ་གུའི་ཕ་མ་རྣམས་ཀྱང་རང་གི་ཕྲུ་གུ་བོད་ཁྱིམ་མམ་ཨིན་ཇིའི་སློབ་གྲྭ་གང་རུང་ཞིག་ཏུ་མི་གཏོང་ཐབས་མེད་རེད་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཞེན་ཆགས་བྱེད་ཐབས་བྲལ་བ་ཞིག་ཏུ་འགྱུར་ངེས་སོ།། ་་་་་་་་་་་་་་
    གངས་ཚས།

  9. བློ་བཟང་། says:
    2016-11-11 at 5:22 pm

    ཕྱི་རྒྱལ་ཁག་ན་ཡོད་པའི་བོད་མི་ཚང་མས་ཞལ་འདེབས་གང་ནུས་ཤིག་རྒྱག་ཐུབ་ན་ཡག་པོ་འདུག ཁོ་རེད་རྟ་བདུན་དབང་བོ། ཧ་ཧ་ཧ་ག་རེ་བྱས་ནས་འ། ང་དང་པོ་རྒྱ་གར་ལ་ཡོང་དུས་དཀའ་ངལ་འདི་ལས་མང་བ་ཕྲལ་མྱོང་དེ་དུས་གཞི་འཆག་འདི་ཚོ་སུ་ཞིག་གི་ཡང་རོགས་པ་བྱས་མེད། ད་སྐབས་ཁོ་ཚོ་ལ་དཀའ་ངལ་ཕྲལ་དུས་བོད་ནས་ཡོང་མཁན་ཀ་ཅ་ཚོས་རོགས་པ་བྱེད་དགོས་དོན་མེད།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-11 at 8:59 pm

    ལྡི་ལི་བོད་པའི་ཁྲོམས་རར་མེ་ཤོར་ནས་དྲ་རྒྱའི་ནང་མ་གནས་ས་ཡ་མང་པོ་ཡོད་པ་འཐོན་ཡོང་གི་འདུག་ན་ང་ཚོའི་ཟབ་ཟབ་མ་བྱས་ན་རྒྱ་གར་གཞུང་གི་ཡོང་འབབས་ཁྲལ་བསྡུ་ལས་ཁུང་ནས་བོད་མིའི་བལ་ཚོང་ཚང་མར་ཡོང་འབབས་ཁྲལ་འགེལ་བའི་ཉེན་ཁ་ཡོད་ན་ཟབ་ཟབ་གནང་དགོས་།

  11. ཀརྡོ་རབ་འབྱམས་པ་ says:
    2016-11-11 at 11:29 pm

    མེ་ཤོར་དུས། མཐོང་མཁན་མི་དང་པོ་དེའི་ཁ་ནས། མེ་འབར་སོང་ལབ་ན། དེ་ནས་སྦྱིན་བདག་གམ་ཚོང་བདག་རྣམས་ད་དུང་ཕྱུག་ཏུ་འགྲོ་བ་དང་། མེས་འཚིག་་སོང་ཁ་ནས་དང་པོར་ལབ་ན། ཁྱིམ་ཚང་དེ་དབུལ་པོར་འགྲོ་བའི་རྟན་འབྲེལ་ངན་པར་བརྩི། བློ་བཟང་ཁྱོད་རང་གིས། བསམ་ཚུལ་བཤད་པ་ཡག་པོ་རེད། ཡིན་ན་ཡང་་་་་་་་་་

  12. ཀརྡོ་རབ་འབྱམས་པ་ says:
    2016-11-12 at 2:11 am

    བོད་སྐད་སྡེ་ཚན། | གསར་འགྱུར།
    བོད་མིའི་ཁྲོམ་སར་མེ་སྐྱོན་བྱུང་བར་གཟིགས་ཞིབ་དང་འབོད་སྐུལ།
    http://www.rfa.org/tibetan/sargyur/speaker-of-tibetan-exile-parliament-visited-the-victims-of-market-fire-in-delhi-11112016133455.html
    ་་་་་་་་་ བོད་མིའི་སྒྲིག་འཛུགས་དང་། ཕྱི་རྒྱལ་བཞུགས་པའི་བོད་མི་རྣམས། རྒྱ་གར་གནས་བཞུགས་བོད་མི་ཡོངས་ནས་རྒྱ་མཚོ་ཆུ་ཐིགས་ཟེར་བའི་དཔེ་ལྟར་ཞལ་འདེབས་གང་ཐུབ་གནང་རོགས་ཞེས་འབོད་སྐུལ་ཡང་གནང་འདུག ་་་་་་་་་

  13. ཁྱུང་སེ། says:
    2016-11-12 at 5:28 am

    བོད་ཀྱི་སྲོལ་རྒྱུན་ལ་མེ་འབར་ན་རྟེན་འབྲེལ་བརྩི་གི་རེད་ད་ལན་ཁོང་ཚོ་བསོད་ནམས་མེ་འབར་ཞིག་ཡོང་ཐག་ཆོད་རེད། གཅིག་བྱས་ན་མར་རྩ་ལས་མང་བའི་ཞལ་འདེབས་ཐོབ་སྲིད། རྟེན་འབྲེལ་ལེགས་སོང།

  14. ཏི་སི། says:
    2016-11-13 at 2:02 am

    ཧཧཧ་། ཅང་ཤེས་རྟ་མཆོག་མི་ལྐུག་པ་རང་རེད་འདུག་དེ་ཁ་པར་ཁྱོད་གོ་ཡོད་ན་ཁྱོད་དྷ་སིའི་ལས་ཁུང་གི་གསང་ཉུལ་བ་ཡིན་པས། དོན་དག་ནག་ཁུང་ཁྱེད་རང་འགྲོ་ཉེན་འདུག་བུ་ཆུང་བསམ་བློ་བཏང་མཆན་བྲིས་ན་བཟང་། མ་གཏོགས་འགྲོ་འདུག་མི་ཤེས་ནས་སྐུ་ལ་ཡོང་ངོ། ངས་བསམ་ཚུལ་ཡིན་དགོངས་འགལ་མ་གནང་མ་གཞི་ཁྱེད་རང་འངོད་པ་རེད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme