Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

འབོལ་རྩོམ་ཚན་པ་བཞི།

Posted on 2016-10-312016-10-31 By ཁ་བརྡ་ 6 Comments on འབོལ་རྩོམ་ཚན་པ་བཞི།

དོལ་སྨྱོན། (ཧྥ་རན་སི།)
 
1༽  ཁ་བའི་བུ་མོ།

ཁ་བའི་ལྗོངས་ནས་སྐྱེས་ཤིང་ས་མཐར་འཁྱམས་པའི་ཁ་བའི་བུ་མོ་ཟེར་བ་ཁོང་།།
ང་ཡིས་ཧྥ་རན་སི་ནས་ངོ་ཤེས་ཤིང་རིམ་པས་གྲོགས་པོར་གྱུར་པ་ཞིག་རེད།།
མོ་རང་གླུ་ལེན་པ་ལ་དགའ་ཞིང་ད་དུང་གོམ་པ་རྒྱག་པར་དེ་བས་དགའ།།
མ་འདྲིས་ན་ཁ་མི་གྲགས་ལ་འདྲིས་ན་རྫོགས་རྒྱུ་མེད་པར་གྲགས་མཁན་ཞིག་རེད།།

མོ་རང་སྐུ་གཟུགས་ཡག་པོ་ཡོད་པས་ཡིན་ནམ་དུག་ལོག་ཚད་ལྡན་གྱོན་པར་དགའ།།
ཕྲ་ས་ལ་ཕྲ་ཞིང་སྦོམ་སར་སྦོམ་པའི་ལུས་པོ་དེས་མོ་ལ་སྤོབས་པ་སྦྱིན།།
ད་དུང་མོ་ནི་འཕྲོད་བསྟེན་ཞེས་པའི་ཐ་སྙད་དེ་ལག་ཏུ་ལེན་མཁན་ཞིག་དང་།།
རང་ལུས་འདོམ་གང་གྲུ་བཞི་ལ་བདག་པོ་སྤུས་དག་གིས་རྒྱག་མཁན་ཞིག་ཀྱང་རེད།།

མོ་རང་”སེམས་བཟང་”ཁ་པར་ལག་ཏུ་བཟུང་ནས་ནམ་ཡང་”ཀུ་ཤུ་”ཁ་པར་ལ།།
ཁྲོ་བའི་སྡང་མིག་བགྲད་ཅིང་སྨད་ར་གཏོང་བར་ཧ་ཅང་གིས་དགའ་མཁན་ཞིག་རེད།།
ད་དུང་ཞར་དང་ཞོར་ནས་དབྱིན་ཡིག་ཀློག་པར་སྤྲོ་སྣང་དང་དོ་སྣང་ཆེ་ཞིང་།།
བོད་ཡིག་ཀློག་པར་དོ་སྣང་དང་སྤྲོ་སྣང་དེ་ཙམ་གྱིས་མེད་མཁན་ཞིག་ཀྱང་རེད།།

མོ་རང་ནི་ཁ་ཁུ་སིམ་ཞིང་ལས་ལ་བརྩོན་པའི་བུད་མེད་ཚུལ་ལྡན་ཞིག་སྟེ།།
མོ་རང་ནམ་ཡང་སྤྲོ་སྣང་དང་བདེ་སྣང་གིས་འཚོ་བར་འབད་བརྩོན་བྱེད་བཞིན་ཡོད།།
ཞར་དང་ཞོར་ནས་རང་ཉིད་ཀྱི་མིང་ནས་བཏོན་ཏེ་ཁ་ཕོ་འཐེན་ཙམ་བྱེད་ཅིང་།།
སྐབས་དང་མཚམས་སུ་རང་ཉིད་ཀྱིས་ཅི་ཡང་མི་ཤེས་པའི་སེམས་ཁྲལ་བྱེད་པ་ཡིན།།

ཁྱེད་རང་ཚོས་ལྟོས་དང་མོ་རང་གི་འགྲོ་སྟངས་དེ་དངོས་གནས་ཁྱད་མཚར་ཞིག་སྟེ།།
གོམ་ཟུང་སྤོ་བ་དང་ལྷན་དུ་ལག་ཟུང་ཡང་ཡར་མར་གཡོ་བར་བྱེད་པ་ཡིན།།
མཚམས་རེར་ལམ་ཟུར་གྱི་ཀ་བ་དག་ལ་ལག་པ་བརྡབ་ནས་ན་ཡང་སྲིད་ལ།།
ལན་རེར་ཉེ་འགྲམ་གྱི་མི་དག་ལ་ལག་པ་ཕོག་ནས་དགོངས་དག་ཞུ་དགོས་སྲིད།།

ད་ལྟ་མོ་རང་རང་མགོ་ཐོན་ནས་འགྲོ་ཤེས་པ་ནི་ས་ཆ་བཞི་ལས་མེད།།
གཅིག་ནི་”སར་ཇི་”དང་གཉིས་པ་ནི་”སན་ལ་ཛ་”གསུམ་པ་དེ་”འགག་སག་སེལ་”དང་།།
བཞི་པ་ནི་”འོལ་དྷེ་ཕོན་ཏེ་ནི་”བཅས་རེད་གཞན་ལ་གཏན་ནས་འགྲོ་མི་ཤེས།།
མཐའ་ན་བོད་པ་ཡོད་ཚད་འཛོམས་སའི་”ལ་ཤ་པེལ་”ལའང་གཅིག་པུར་འགྲོ་མི་ཤེས།།

མོས་རང་ཉིད་ལ་དམ་བཅའ་འགའ་བྱས་ཡོད་སྲིད་ངས་མི་ཤེས་ལ་ཤེས་པ་ནི།།
མོ་རང་ཡར་ལ་ལངས་ནས་མི་ཚོགས་ལྷན་ཞབས་བྲོ་འཁྲབ་མི་སྲིད་པ་དེ་རེད།།
མི་ཚོགས་ཁྲོད་ལངས་ན་མོ་རང་གནམ་ལ་ལྡིང་ཞིང་ས་ལ་ཟགས་པའི་སྣང་བ་སྟེར།།
མོས་གཏན་ནས་མི་ཐུབ་ཅིང་འབད་དེ་མི་ནུས་པའི་བྱ་བའང་དེ་ཉིད་རེད།།

ད་ལྟ་མོ་མེ་འཁོར་འཛིན་གྱི་ཕྱེད་བཅག་དང་དྲི་བ་དྲིས་ལན་ལ་སྒུག་ཡོད།།
ད་དུང་སྐྲ་ལོ་རིང་པོ་ཆགས་རྒྱུར་སྒུག་ཡོད་གླུ་དབྱངས་སྙན་མོ་ལེན་རྒྱུར་སྒུག་ཡོད།།
ལས་ཀ་ལས་རྒྱུ་བུ་ལོན་སེལ་རྒྱུར་སྒུག་ཡོད་རེ་བ་དང་སྤྲོ་བས་སྒུག་ཡོད།།
མི་ཚེར་སྒུག་ཡོད་མདུན་ལམ་ལ་སྒུག་ཡོད་ད་དུང་སེམས་ཀྱི་མི་དེར་སྒུག་ཡོད།།

ད་ལྟ་མཚན་གྱི་ཆུ་ཚོད་དང་པོ་དང་སྐར་མ་ཞེ་གསུམ་ལ་ཏག་ཏག་སླེབས་འདུག།
མོ་རང་གཉིད་ཀྱི་ཞིང་ཁམས་ནང་རྨི་ལམ་གྱི་ལྟད་མོ་ལ་གཡེངས་ནས་ཡོད་ངེས།།
ང་ཡང་ཡི་གེ་འབྲི་མཚམས་བཞག་ནས་ད་ནི་ངེས་པར་དུ་གཉིད་ལ་འཇུག་དགོས།།
སང་ཉིན་སྔ་པོ་སྔ་པོ་ལངས་ནས་སུ་ཞིག་ལ་ཞོགས་པ་བདེ་ལེགས་ཞུ་དགོས།།

23-09-2016

 

2 ༽  ལམ་ཟུར་ནས་བཏུས་པ།

ང་རང་གཞུང་ལམ་གྱི་ཟུར་ན་ལངས་ནས་ནམ་མཁར་བལྟས།།
ནམ་མཁའ་སྔོ་ཞིང་དྭངས་ལ་ནག་ནོག་གི་དྲི་མ་མེད།།
དྲི་མ་མེད་པའི་ནམ་མཁའ་དེ་སུ་ཞིག་གི་སེམས་དང་མཚུངས།།
སེམས་པ་དམར་པོའི་འཇམ་ཤ་དེ་ངས་ཡང་ནས་བསྐྱར་དུ་དྲན།།

ཕུག་རོན་འགའ་ཞིག་འཕུར་མ་རྒྱུགས་ཀྱིས་ཉེ་འགྲམ་ན་བབས།།
ཁོ་ཚོས་མགྲིན་པ་མདུན་ལ་བསྲིངས་ཅི་ཞིག་འཚོལ་བར་བྲེལ།།
ང་ཡང་མི་ཚོགས་ལ་ཅེར་ནས་ཅི་ཞིག་འཚོལ་གྱིན་ཡོད།།
ངས་འཚོལ་བཞིན་པ་དེ་འདི་ན་ཡོད་དམ་གང་ན་ཡོད།།

ངས་ཁང་པ་གསེར་ཏོག་ཅན་དེར་པར་ཞིག་བརྒྱབ་ཡང་བསྐྱར་བརྒྱབ།།
དྲ་གྲོགས་སུ་ཞིག་ལ་བརྩེ་བས་བསྐུར་ཡང་དང་བསྐྱར་དུ་བསྐུར།།
དེ་ནི་པར་རྩལ་ངོམ་པ་ཡིན་ནམ་ཡང་ན་ཅི་ཞིག་ཡིན།།
ཁོ་མོས་མི་ཤེས་ང་ཡིས་མ་ཤེས་སུ་ཡི་གསང་བ་ཞིག།

འཇིག་རྟེན་ནི་གསང་བ་ཁོ་ནས་གྲུབ་པའི་ལྕགས་ཐག་ཅིག།
ཐག་པ་དེས་ཁྱོད་དང་ང་ད་དུང་ཡོད་ཚད་བཅིངས་ཡོད།།
སེམས་པ་གཉིས་གཅིག་ཏུ་འདྲེས་པའི་ཉིན་མ་དེ་ནས་བཟུང་།།
ཁྱོད་དང་ང་ལ་གསང་བ་ཞེས་བར་ཐག་དེ་གཏན་ནས་མེད།།

ཁང་པ་གསེར་ཏོག་ཅན་དེ་འོད་དུ་འཚེར་ཁྲ་ལམ་ལམ།།
ལོ་མ་ལྗང་མདོག་ཅན་དེ་རླུང་གིས་བསྒུལ་ལྗང་སིབ་སིབ།།
བསིལ་རླུང་དྲི་ངད་ཅན་དེ་གདོང་ལ་ཕོག་དགའ་ལྷང་ལྷང་།།
ང་རང་སུ་ལ་འཁྲེང་བའི་སེམས་པ་འདི་སྟོང་སང་སང་།།

ལག་པས་ལག་པར་འཇུས་པའི་མཛའ་བ་དེ་མཛེས་པ་ལ།།
འགྲམ་པས་འགྲམ་པར་སྦྱར་བའི་འོ་སྦྱོར་དེ་དུང་བ་ལ།།
སེམས་པས་སེམས་པར་འཁེན་པའི་བརྩེ་བ་དེ་ཞིམ་པ་ལ།།
ངོ་ལ་སྤྲོ་སྣང་ཁེངས་པའི་འཛུམ་མདངས་དེ་སྐྱིད་པ་ལ།།

14-09-2016

 

 
3 ༽  ཉལ་ཁ་མའི་སྙན་ངག

ཁ་རྩང་དེ་རིང་ངས་སུ་ཞིག་ལ་སྙན་ངག་འབྲི་བཞིན་ཡོད།།
ང་ཡི་སྙན་ངག་ནི་ང་ཡི་སེམས་པ་ལྟར་དཀར་པོ་ཡིན།།
འོན་ཀྱང་བློ་ཕམ་པ་ཞིག་ལ་མི་དེས་སྙན་ངག་མི་ཤེས།།
ཐ་ན་གསལ་བྱེད་སུམ་ཅུའི་རིན་ཐང་ཙམ་ཡང་མི་ཤེས།།

ང་ནི་ནམ་ཡང་ང་རང་ལ་སྤོབས་པ་བྱེད་བཞིན་ཡོད།།
ང་ཡི་སྤོབས་པ་ནི་གསལ་བྱེད་སུམ་ཅུ་ཡིས་གནང་ཞིང་།།
ང་རང་མི་གྲལ་ལ་ཡང་གསལ་བྱེད་སུམ་ཅུ་ཡིས་བཅུག།
དེ་བས་ང་རང་གསལ་བྱེད་སུམ་ཅུ་ལ་ཧ་ཅང་དགའ།།

ང་ཡི་ཉེ་ཁོར་ན་ཡོད་པའི་མི་དག་ང་ལ་ཧ་ཅང་བརྩེ།།
ཁོ་ཚོས་ནམ་ཡང་ང་ཡི་ལྟ་སྤྱོད་ལ་སེམས་ཁུར་བྱེད་ཀྱིན་ཡོད།།
ཁོ་ཚོས་མཚམས་སྤྲིན་ཞེས་བརྩེ་བས་འབོད་དུས་ང་ལ་དགའ་སྣང་སྟེར།།
ང་ཡིས་ནམ་ཡང་ཁོ་ཚོ་དུང་སེམས་ཀྱི་ཟབ་ས་ན་བཞག་ཡོད།།

ང་ནི་ནམ་ཡང་ང་རང་ལ་ཞིབ་འཇུག་བྱེད་མཁན་ཞིག་ཡིན།།
ངས་རང་གི་བྱ་སྤྱོད་ལ་རང་ཉིད་ཀྱིས་སྟངས་འཛིན་བྱེད་ཐུབ།།
ང་ནི་ནམ་ཡང་ང་རང་ལ་སྤོབས་པ་དང་དགའ་སྣང་ལས།།
ང་རང་ལ་གནོང་འགྱོད་དང་ངོ་ཚ་གཏན་ནས་མེད་པ་དེའོ།།

ང་ལ་དགོས་པ་ནི་བཅོས་ལྷད་མེད་པའི་འཛུམ་མདངས་ཡིན།།
ང་ཡིས་ངོ་གདོང་གྲངས་མེད་ལས་འཛུམ་མདངས་འཚོལ་གྱིན་ཡོད།།
འཛུམ་མདངས་ཁོ་ནས་ང་ཚོ་གསོན་པར་བྱས་ད་དུང་ཡང་།།
འཛུམ་མདངས་ཁོ་ན་ཡིས་འཇིག་རྟེན་འདི་བརྟན་པར་བྱས་ཡོད།།

ང་ལ་མཚོན་ན་སྙན་ངག་རེ་བྲིས་པའི་དགའ་བ་ལས།།
ང་ལ་བརྩེ་བའི་ཀློག་པ་པོ་ཡོད་པ་དེ་བས་དགའ།།
ཀློག་པ་པོ་ཁྱེད་རྣམ་པའི་ཐུགས་རྗེ་དང་བཀའ་དྲིན་ལས།།
ད་གཟོད་ང་ལ་སྙན་ངག་འབྲི་བའི་སྤོབས་པ་སྐྱེ་འོངས།།

མེས་པོ་གོང་མ་ཚོའི་བཀའ་དྲིན་ལས་ང་ལ་སྤོབས་པ་ཡོད།།
ངས་ནམ་ཡང་མེས་པོའི་ཞབས་རྗེས་ལ་མིག་ཟུང་ཅེར་བཞིན་ཡོད།།
ད་དུང་ཡང་གངས་རི་དང་རྩྭ་ཐང་འབྲོང་གཡག་གི་རྭ་རྩེ།།
འདི་དག་ནི་ང་ཡི་སྤོབས་པའི་འབྱུང་ཁུངས་ངོ་མ་དག་ཡིན།།

01-09-2016

 

 
4 ༽  སུ་ཞིག་ལ་སེམས་གཏམ་བཤད་པ།

དེ་རིང་ཉིན་གང་བྲེལ་བ་ཧ་ཅང་ཆེ་ནས།།
ང་ཡིས་སུ་ཞིག་ལ་འཚམས་འདྲི་ཞུ་མ་ཐུབ།།
ཁྱོད་རང་བདེ་ཐང་དང་ཧུར་ཐག་ཡིན་པར་སྨོན།།
འཛུམ་མདངས་དེ་ངོ་ལ་བཞད་པར་ཡིད་ཆེས་བྱེད།།

མི་ཚོགས་མང་ས་ན་ཁྱོད་རང་སྤོབས་པས་ལོངས།།
སྤོབས་པ་ནི་ཕ་མས་གནང་བའི་མགོ་འཕང་དེར།།
གུས་བརྩི་ཞུ་སྟངས་ཤིག་བདག་པོ་རྒྱག་སྟངས་ཤིག།
ད་དུང་རང་གི་རྐང་པའི་སྟེང་ལངས་སྟངས་ཤིག།

ཁྱོད་རང་ཞོགས་པ་ལང་དུས་རང་ཉིད་དྲན་དགོས།།
རང་ཉིད་བཙན་པོའི་མི་རྒྱུད་ཡིན་པ་དྲན་དགོས།།
ཕ་ས་ཕ་ཡུལ་གཞན་ལ་ཤོར་བ་དྲན་དགོས།།
ད་ལྟ་ས་མཐར་འཁྱམས་པ་དེ་ཡང་དྲན་དགོས།།

ས་མཐའ་ན་ཁྱོད་ལ་ཅི་ཡང་མེད་ནའང་ཆོག།
འོན་ཀྱང་གངས་རི་དྲན་པའི་སེམས་པ་ཡོད་དགོས།།
ནམ་ཞིག་ཁྱོད་རང་གངས་རི་དྲན་མཚམས་ཆད་ན།།
ཁྱོད་རང་མི་ཡི་ལྷག་མ་ཙམ་ཞིག་ཡིན་ངེས།།

མི་ཞིག་ཡིན་ནས་བཟུང་དེར་སྤོབས་པ་ཡོད་དགོས།།
མི་རིགས་ཀྱི་སྤོབས་པ་རིག་གཞུང་གི་སྤོབས་པ།།
ང་ཚོའི་མི་རིགས་ནི་བཙན་པོའི་གདུང་རྒྱུད་ཡིན།།
ང་ཚོའི་རིག་གཞུང་ནི་ཞི་བདེའི་འོད་སྣང་ཡིན།།

ཁྱོད་ཀྱིས་ཏཱ་ལའི་བླ་མའི་ཞལ་རས་དྲན་དགོས།།
ཁོང་གིས་སྐུ་ངལ་བསྐྱོན་པའི་རྒྱུད་རིམ་སེམས་དགོས།།
རེ་བ་ཆེན་པོས་ཡང་དང་བསྐྱར་དུ་གསུངས་པའི།།
སེམས་ཀྱི་སྐད་ཅ་དེ་ལག་ཏུ་ངེས་པར་ལེན་དགོས།།

ཁྱོད་ཀྱིས་རང་གི་སྐད་ཡིག་ལ་གཅེས་དགོས་ཏེ།།
གསལ་བྱེད་སུམ་ཅུ་ནི་ང་ཚོའི་བླ་སྲོག་ཡིན།།
ནམ་ཞིག་གསལ་བྱེད་སུམ་ཅུའི་ཚེ་སྲོག་ཆད་ན།།
དེ་དུས་ཁྱོད་རང་ཡོད་པས་ཅི་ཡང་མི་ཕན།།

ཁྱོད་ཀྱིས་ནམ་ཡང་རང་ཉིད་ལ་ཞིབ་འཇུག་བྱོས།།
རང་ཉིད་ཀྱི་མི་གཞི་རང་ཉིད་ཀྱི་ཀུན་སྤྱོད།།
རང་ཉིད་ལ་ཡིད་སྨོན་ཤོར་བའི་ཉིན་མོ་ནས།།
ཁྱོད་རང་ད་གཟོད་མི་གྲལ་དུ་ཚུད་པ་ཡིན།།

མི་ཚོས་ཅི་ཞིག་ཟེར་ན་ཡང་ཟེར་དུ་ཆུགས།།
ཁྱོད་ཀྱིས་རང་ཉིད་ལྟ་དགོས་རང་ཉིད་སྐྱོང་དགོས།།
སོ་སོའི་རྐང་པར་སྤོབས་པས་ལངས་པའི་ཉིན་དེར།།
ང་ཡིས་ཁྱོད་ལ་བསྟོད་པའི་སྙན་ངག་འབྲི་ངེས།།

21-09-2016

སྙན་ངག

Post navigation

Previous Post: ཤོག་བུ་དཀར་པོ།
Next Post: དཔེ་ཀློག་གི་རིན་ཐང་དང་ཤེས་ཡོན་ལ་འཇུག་ཚུལ་གྱི་གསུང་བཤད།

Comments (6) on “འབོལ་རྩོམ་ཚན་པ་བཞི།”

  1. ཀླུ་སྨྱོན། says:
    2016-10-31 at 10:54 pm

    ཧོབ་སྟེ་བཀླགས་ན་ཆུ་ཡི་བྲོ་བ་འདུག །
    ཡང་སྐྱར་བཀླགས་ན་ཇ་ཡི་བྲོ་བ་འདུག །
    སང་ཉིན་བཀླགས་པའི་བྲོ་བ་ཅི་ཡིན་དེ། །
    མི་བཤད་རང་གིས་ལྷ་ལ་གསོལ་བ་ཐོབས། །

  2. ཀརྡོ་རབ་འབྱམས་པ་ says:
    2016-10-31 at 11:11 pm

    འདི་ཡང་གཅིག་མཚུངས་མི་འདུག
    སྔ་དྲོ་བདེ་ལེགས།
    ཉིན་གུང་བདེ་ལེགས།
    ཕྱི་དྲོ་བདེ་ལེགས།
    གཟིམ་འཇམ་གནོངས།

  3. ཀརྡོ་རབ་འབྱམས་པ་ says:
    2016-10-31 at 11:12 pm

    ད་ལྟ་ལ། ཡིག་སྐད་ཀྱི་ད་གཟོད་དང་། དུས་རྟག་ཏུ་ལ། ནམ་ཡང་ཚིག་འདི་གོ་མི་བདེ་བ་ཡོད།

  4. གནམ་ says:
    2016-11-01 at 3:08 am

    (ནམ་མཁའ་སྔོ་ཞིང་དྭངས་ལ་ནག་ནོག་གི་དྲི་མ་མེད།།)

    ག་རེ་ཟེར་གིན་ཡོད་པའི་ཁུལ་རེད།

    ནམ་མཁའ་སྔོ།
    ནམ་མཁའ་སྔོ་ཞིང་དྭངས།
    ནམ་མཁའ་དྭངས།
    ནམ་མཁའ་ལ་ནག་ནོག་མེད།
    ནམ་མཁའ་ལ་ནག་ནོག་གི་དྲི་མ་མེད།
    ནམ་མཁའ་ལ་དྲི་མ་མེད།

    ཤེས་ན་གསེར་ཡུམ་བརྒྱ་ཐམ་པ། སྙན་ངག་པའི་སྙན་ངག་འདི་ཚོའི་གཏིང་ཟབ་པ་ལ།

  5. ཁྱུང་སེ། says:
    2016-11-01 at 5:20 am

    བུ་མོ་འདོམ་གང་གྲུ་བཞི་ཞིག་ལ་སེམས་པ་ཤོར་བ་འདྲ། གྲུ་བཞིའི་གཟུགས་ལ་མཛེས་མར་མཐོང་བ་ཁྱོད་རང་འཁྲུལ་པ་ཡིན་པར་ཤེས་དགོས།

  6. ཨ་འབར་འཇིགས་དབང། says:
    2016-11-08 at 10:16 pm

    ། དྲ་གྲོགས་ཚོ་ལ་ཞུ་རྒྱུར།
    ༅༅། སངས་རྒྱས་བཅོམ་ལྡན་འདས་ཀྱི།
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད།
    སུ་ལ་བསྟན་ཡང་གོ་བར་མི་ནུས་པས།
    མི་སྨྲ་ནགས་ཀྱི་ནང་དུ་གནས་པར་བྱ་་་ཞེས་གསུངས་པ་ནས་ཚིགས་བཅད་དང་པོ་དེ་བརྗེད་འདུག་
    པ་དྲ་ནང་དུ་འབྲི་བར་མཛོད་དང་ང་ལ་ཤིན་ཏུ་ནས་ཕན་ལ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme