Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག

Posted on 2016-10-252016-10-25 By ཁ་བརྡ་ 10 Comments on གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག

ཡོང་ཁུངས། བོད་ཀྱི་དུས་བབ།

 
གངས་ཅན་སྐྱིད་གཤོངས་ལ་ལས་ཁུངས་ཆེན་པོ་ཞིག་རྒྱག་གི་ཡོད་པ་དང་། ལས་ཁུངས་དེའི་ཐོག་བརྩེགས་བཞི་པར་བོད་མིའི་སྒྲིག་འཛུགས་དང་བོད་དོན་ངོ་སྤྲོད་བྱེད་སའི་འགྲེམ་སྟོན་ཁང་། ལྔ་པར་མི་དྲུག་བརྒྱ་ལྷག་ཤོང་བའི་ཚོགས་ཁང་བཅས་འཆར་འགོད་བྱས་ཡོད་འདུག
ད་ལོའི་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ལ། ལས་ཁུངས་གསར་རྒྱག་གི་ལས་གཞི་ཞིག་འགྲོ་བཞིན་ཡོད་པ་དང་། འདས་པའི་ཟླ་ངོ་དྲུག་ལ་ཉེ་བའི་རིང་འཛུགས་སྐྲུན་ལས་གཞི་དེ་གང་འཚམས་གྲུབ་ཡོད་སྟབས། འདི་གའི་གསར་འགོད་པས་ལས་གཞི་དེར་འགན་འཁུར་མཁན་ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱངས་ལགས་སུ་བཅར་འདྲི་ཞུས་པ་ལྟར་ན། འཛུགས་སྐྲུན་ལས་གཞི་དེའི་རྒྱ་ཁྱོན་ལ་ཧྥི་ཊི་གྲུ་བཞི་མ་ ༩༦༠༨ (9608 sq.ft.)ཡོད་པ་དང་། ཁང་པ་ཐོག་བརྩེགས་ ༥ རྒྱག་འཆར་ཡོད་འདུག ཁང་པའི་འོད་ཤོད་དུ་རླངས་འཁོར་འཇོག་ས་དང་། ཉིས་ཐོག་དང་སུམ་ཐོག་ལས་ཁུངས་བཀོད་སྒྲིག བཞི་ཐོག་གི་ཕྱེད་ཀར་འགྲེམ་སྟོན་ཁང་དང་། ལྔ་ཐོག་ཧྲིལ་བོ་ཚོགས་ཁང་བཅས་ཡིན་འདུག ལས་གཞི་འདིའི་འགྲོ་གྲོན་ཧིན་སྒོར་འབུམ་ ༧༠༠ ཡི་འཆར་གཞི་ཡིན་པ་དང་། ད་ལོའི་ཕྱི་ཟླ་ ༥ ཚེས་ ༡ ནས་མགོ་འཛུགས་གནང་སྟེ། ལས་གཞི་ལེགས་འགྲུབ་ཀྱི་དུས་ཡུན་ཟླ་བ་ ༡༨ ཡིན་འདུག

dsc02761ནང་སྲིད་དྲུང་འཕར་ཀརྨ་ཆོས་དབྱངས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སྔོན་མ་བོད་མིའི་སྒྲིག་འཛུགས་ལ་ལས་ཁུངས་འདང་གི་མེད་པ་དང་། ལྷག་པར་དུ་ཚོགས་ཁང་ཚད་ལྡན་ཞིག་མེད་པའི་དཀའ་ངལ་ཡོད་སྟབས། བཀའ་ཤག་གིས་གོ་བསྡུར་གནང་སྟེ་སྲིད་སྐྱོང་མཆོག་གིས་སྣེ་ཁྲིད་དེ་ལས་ཁུངས་དང་ཚོགས་ཁང་གསར་རྒྱག་གི་ལས་གཞི་འདི་མགོ་འཛུགས་གནང་བ་ཡིན་འདུག

ཐོག་བརྩེགས་འོད་ཤོད་དུ་གངས་སྐྱིད་ལས་ཁུངས་ཁག་གི་རླངས་འཁོར་ ༣༠ ལྷག་ཤོང་བའི་འཆར་འགོད་བྱས་ཡོད་པ་དང་། ཐོག་བརྩེགས་གཉིས་པ་དང་གསུམ་པར་ཆོས་རིག་ལས་ཁུངས་དང་། རྩིས་ཞིབ་ལས་ཁུངས། སྲིད་བྱུས་ཉམས་ཞིབ་ཁང་། གངས་སྐྱིད་གློག་ཀླད་སྡེ་ཚན་(ཊི་སི་ཨར་སི།)བཅས་སྤོ་རྒྱུའི་འཆར་གཞི་ཡོད་འདུག་ལ། ཐོག་བརྩེགས་ལྔ་པར་མི་ ༦༠༠ ལྷག་ཤོང་བའི་ཚོགས་ཁང་རྒྱག་རྒྱུ་ཡིན་པ་དང་ས྄ ཁང་བརྩེགས་དཀྱིལ་མ་ནས་ཐོག་བརྩེགས་ལྔ་པའི་བར་གློག་སྐས་དང་རྐང་པ་རྒྱག་ས་བཅས་སྐས་འཛེག་རིམ་པ་གཉིས་བཟོ་རྒྱུ་ཡིན་འདུག

ཀརྨ་ཆོས་དབྱངས་ལགས་ཀྱིས་བརྗོད་དོན། “ཐོག་བརྩེགས་ལྔ་པའི་ཚོགས་ཁང་དེ་ཧ་ཅང་ཆེན་པོ་ཡོད་པ་རེད། ཧ་ལམ་མི་དྲུག་བརྒྱ་བདུན་བརྒྱ་ཤོང་རྒྱུར་རྩིས་བརྒྱབ་ཡོད་ས་རེད། ནམ་རྒྱུན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ཚོགས་འདུ་འཚོགས་ས་དང་། མཚམས་རེར་རྒྱལ་ཡོངས་ཚོགས་ཆེན་དང་། དམིགས་བསལ་ཆོགས་ཆེན་དེ་འདྲ་ཚོགས་སྐབས། བེད་སྤྱོད་གཏོང་ཐུབ་པ་ཞིག་ལ་རྩིས་བརྒྱབ་ཡོད་པ་རེད། གང་ཡིན་ཟེར་ན། སྔོན་ཆད་རྟག་པར་དྷ་སྟེང་བོད་ཁྱིམ་དང་། དྷ་ཤོད་སློབ་གྲྭའི་ཚོགས་ཁང་གཡར་བསྡད་ཡོད་པ་རེད།” ཅེས་བརྗོད་སོང་།

dsc02814ཡང་ཁོང་གིས་ཐོག་བརྩེགས་བཞི་བའི་འགྲེམས་སྟོན་ཁང་གི་སྐོར་བརྗོད་དོན། “ཐོག་བརྩེགས་བཞི་པར་འགྲེམས་སྟོན་ཁང་ཞིག་ཕྱེ་རྒྱུའི་འཆར་གཞི་ཡོད་པ་རེད། གངས་སྐྱིད་དུ་ཕྱི་ལོགས་ནས་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཞིག་ཕེབས་ཀྱིན་ཡོད་པ་རེད། ད་ལྟའི་འཆར་དཔེ་མཛོད་མ་གཏོགས་གངས་སྐྱིད་དུ་ལྟ་ས་དེ་འདྲ་མེད་དུས། རྒྱ་གར་དང་ཕྱི་རྒྱལ་སོགས་ཡུལ་སྐོར་སྤྲོ་འཆམ་པ་དེ་འདྲ་ཕེབས་སྐབས། བོད་མིའི་སྒྲིག་འཛུགས་དང་བོད་དོན་སྐོར་ངོ་སྤྲོད་གནང་ས་དེ་འདྲ་ཞིག་གི་འཆར་གི་ཡོད་པ་རེད།” ཅེས་བརྗོད་བྱུང་།

ལས་གཞི་འདིར་སྤྱིའི་འཆར་འགོད་ཚོགས་ཆུང་ཡོད་མེད་དྲིས་པར། “ ཚོགས་ཆུང་དེ་འདྲ་ཡོད་པ་མ་རེད། འཆར་གཞི་མང་ཆེ་བ་ཞིག་སྐུ་ངོ་སྲིད་སྐྱོང་སྐུ་སྒེར་རང་གིས་ཐུགས་འགན་བཞེས་བསྡད་ཡོད་པ་རེད། ཁོང་ཐེངས་མང་པོར་དངོས་སུ་ཕེབས་ཏེ་འགྲིག་དང་མ་འགྲིག་ལམ་སྟོན་གནང་བ་དང་། ཁ་ཤས་ཏོག་ཙམ་འགྱུར་བ་གཏོང་དགོས་པ་དང་སྤུས་དག་པོ་ཡོང་དང་མ་ཡོང་གི་གནས་ཚུལ་ཡོད་ན་ལམ་སྟོན་གནང་གི་ཡོད་པ་རེད།” ཅེས་བརྗོད་སོང་།

ལས་གཞི་འདི་བཀའ་ཤག་གི་ཐག་གཅོད་དང་། ནང་སྲིད་ལས་ཁུངས་ཀྱིས་ལག་བསྟར་གནང་སྟེ། འཛུགས་སྐྲུན་འཆར་འགོད་བྱེད་མཁན་རྒྱ་གར་བ་ཨ་མར་ཌེཔི་(Amar Deep)ཞུ་བ་ཡིན་པ་དང་། ཁོང་ནི་དེ་སྔ་བཀའ་ཤག་ལས་ཁུངས་གསར་པའི་འཆར་འགོད་པའང་ཡིན་འདུག ལས་གཞི་འདི་བོགས་མར་གཏོང་ཡུལ་རྒྱ་གར་པུ་རམ་ཅན་ཌི་(Puram Chand)ཞུ་བ་ཡིན་པ་དང་། ཁོང་དེ་སྔ་གངས་སྐྱིད་སྤྱི་ཐབ་གཉའ་ཁྲི་ཚོགས་ཁང་དང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་གཞན་ཡང་རྒྱག་མྱོང་ཡོད་འདུག འཛུགས་སྐྲུན་ལས་དོན་འདིར་ལྟ་རྟོག་བྱེད་མཁན་བོད་མིའི་སྒྲིག་འཛུགས་ས་ཁང་འགན་འཛིན་ཚེ་དབང་བཀྲ་ཤིས་ལགས་ཡིན་འདུག

མཇུག་ཏུ་ཀརྨ་ཆོས་དབྱངས་ལགས་སུ། ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བརྒྱ་ཆ་ག་ཚོད་ཅིག་ལ་ལས་ཤག་དང་བགྲེས་ཤག་གོ་སྒྲིག་གནང་ཐུབ་ཡོད་མེད་དྲིས་པར། ལས་བྱེད་བརྒྱ་ཆ་ག་ཚོད་ལ་ལས་ཤག་རེག་ཡོད་མེད་ཞུ་རྒྱུ་མེད། ད་ལྟ་སྤྱི་འཐུས་རྒྱུན་ལས་ལ་ལས་ཤག་གསར་རྒྱག་གནང་གི་ཡོད་པ་རེད། དེ་ཧིན་སྒོར་འབུམ་བཞི་བརྒྱ་ལྔ་བརྒྱ་ཞིག་གི་ལས་གཞི་རེད། བཀའ་ཤག་གི་དགོངས་པར་ད་དུང་ལས་ཤག་གསར་པ་རྒྱག་རྒྱུའི་འཆར་གཞི་བང་སྒྲིག་བསྡད་ཡོད་ས་རེད། ཤེས་རིག་དཔར་ཁང་གི་བར་དེར་ས་ཆ་ཞིག་ཡོད་པའི་སྐད་ཆ་འདུག ཅེས་བརྗོད་སོང་།

dsc02798

ས་ཁང་འགན་འཛིན་ཚེ་དབང་བཀྲ་ཤིས་ལགས་སུ་ལས་ཁོང་གསར་རྒྱག་དེའི་སྐོར་བཅར་འདྲི་ཞུས་པར། ད་ལྟ་ལས་གཞི་ཧ་ཅང་ཡག་པོ་འགྲོ་བཞིན་ཡོད་པ་དང་། འཆར་གཞིའི་ནང་ཟླ་བ་བཅོ་བརྒྱད་འཁོད་ཡོད་ཀྱང་ལོ་གཅིག་ནང་ཧ་ལམ་ཚར་རྒྱུ་ཡིན་པ། དེ་བཞིན། ལས་ཁུངས་ཀྱི་ཕྱི་དབྱིབས་བོད་པའི་བཟོ་བཀོད་བྱ་རྒྱུ་ཡིན་པ་དང་། ཁང་བརྩེགས་དཀྱིལ་གྱི་སྐས་འཛེག་གི་ཕྱི་དབྱིབས་ནི། དབྱིན་ཡིག་ནང་བོད་ Tibet ཅེས་པའི་ཊི་ T ཡི་བཟོ་ལྟ་གཏོད་རྒྱུ་ཡིན་སྐོར་སོགས་ངོ་སྤྲོད་གནང་སོང་།

ཡང་ཁོང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཤག་དང་བགྲེས་ཤག་སྐོར་དྲིས་པར། “ད་ལྟ་ལས་བྱེད་བརྒྱ་ཆ་ ༨༠ ཙམ་ལ་ལས་ཤག་གོ་སྒྲིག་གནང་ཐུབ་ཡོད་པ་རེད། བགྲེས་ཤག་དྷ་རམ་ས་ལའི་ལྷ་རྒྱལ་རིར་མི་བརྒྱད་དགུ་ཞིག་གི་བགྲེས་ཤག་ཡོད་པ་རེད། དེ་ནས་ལྷོ་ཕྱོགས་སུ་མི་བཅུ་གྲངས་ཤིག་ལ་བགྲེས་ཤག་བཟོ་བཞིན་ཡོད་པ་རེད། དེ་མ་གཏོགས་ད་ལྟའི་ཆར་བགྲེས་ཤག་མང་པོ་ཞིག་རྒྱག་ཐུབ་ཡོད་པ་མ་རེད། ཡིན་ནའང་གཞུང་ཞབས་ལས་བྱེད་ཚོ་རྒན་ཡོལ་འཐོན་ཁར། བགྲེས་ཤག་བཞེས་རྒྱུ་ཡིན་ནམ། བགྲེས་ཤག་གི་དོད་དུ་དངུལ་ལེན་རྒྱུ་ཡིན་སོ་སོའི་འདོད་པ་རེད། གལ་སྲིད་དངུལ་ལེན་རྒྱུ་ཡིན་ན་ཁོ་ལ་བགྲེས་ཕོགས་ག་ཚོད་འབབ་པ་ཡིན་ན་དེའི་ལོ་བཅུ་ལྡབ་དེ་རྡོག་གཅིག་ལ་སྤྲོད་ཀྱི་ཡོད་པ་རེད།” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

གསར་འགྱུར།

Post navigation

Previous Post: ཀརྨ་པ་མཆོག་གིས་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་སྩལ་བའི་བཀའ་སློབ།
Next Post: སྦྲ་ཆེན་རུས་མཛོད་རྩོམ་རིག་ཚོགས་འདུ་ལ་གཏམ་བཤད་མཁའ་འགྲོའི་དབང་དར།

Comments (10) on “གངས་སྐྱིད་དུ་ཧིན་སྒོར་འབུམ་བདུན་བརྒྱའི་ལས་ཁུངས་གསར་རྒྱག”

  1. ཀརྡོ་རབ་འབྱམས་པ་ says:
    2016-10-25 at 11:25 am

    དེ་སྔ་ཡིན་ན། བཙན་བྱོལ་བོད་གཞུང་གི་འགྲོ་གྲོན་དེ། དང་བླངས་དཔྱ་ཁྲལ་མ་དངུལ་དང་གཅིག ཕྱི་མི་གཞུང་དང་ཚོགས་པ་དང་སྒེར་སོགས་དང་། དེིའ་སྒང་སྐུ་སྒེར་ཡིག་ཚང་ཞལ་འདེབས་གང་དགོས་ཤིག་གནང་ནས་ མི་ཚེ་ཕུད་པ་རེད། ད་ཆ་ཡིག་ཚང་ངམ། སྤྱི་ཁང་གང་མང་དང་གང་ལེགས་བསྐྲུན་བཞིན་པ་འདི་དགའ་སྤོབས་འོས་པ་ཞིག་རེད་དོ།།
    འོནད་ཀྱང་། བོད་རིགས་མི་མངས་ཉམས་ཐག་རྣམས་ལྟོག་ཤི་མི་ཐེབས་པ་དང་། སྨན་གྲོན་སོགས་མ་ཆད་མ་ལུས་པ་བྱ་རྒྱུ་དེ་ནི། ཁང་པ་རྫིག་པོ་གསར་རྒྱག་ལས་ཀྱང་གལ་ཆེ་བ་ཡིན་པ་དེ་མ་བརྗེད་གནང་དགོས་རེད་དོ།། །།

  2. ཨ་འབར་འཇིགས་དབང། says:
    2016-10-25 at 10:44 pm

    ༅༅། ཀརྡོར་བྱམས་པ་ནས་་་བོད་མི་ཉམས་ཐག་རྣམས་ལྟོག་ཤི་ཐེབས་སྐོར་བྲིས་པ་དེ་ནི་ཧ་ཅང་གི་
    སྐྱག་རྫུན་བཤད་འདུག་ ལྟོག་ཤི་ཐེབས་པའི་བོད་མི་སུ་དང་སུ་འདུག་བཀའ་ཤག་ལ་ཐད་ཀར་གསུང་
    དགོས་པ་ཡིན། དངོས་གནས་ཡིན་ན་ས་གནས་དང་མི་མིང་། གཞིས་འགོ་སུ་ཡིན་གསལ་པོ་དྲ་ཐོག་ཏུ་
    བྲིས་དང་། དྲང་བདེན་ཡིན་མིན་བལྟ་ཆོག་ དེ་མིན་དྲ་ཐོག་ཏུ་སྐྱག་རྗུན་གྱི་གནས་ཚུལ་འགོད་པ་ནི་
    དགྲ་ལ་དགའ་རྒྱུ་དང་གཉེན་སྐྱོ་དགོས་པ་ཞིག་རེད། མ་རེད་པས།

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-26 at 10:45 pm

    སྤྱི་ཚོགས་ཀྱི་འཕེལ་རིམ་དང་བསྟུན་ནས་གསར་གཏོད་ཀྱི་ལས་གཞི་རླབས་ཆེན་འདི་རིགས་སྤེལ་བར་དགའ་བསུ་ཡོད་ལ་ཐུགས་རྗེ་ཆེ་ཞུ་གི་ཡོད་འོན་ཀྱང་རྡ་ས་རི་འདེབས་ལ་སོང་དུས་ཐུང་ནང་ཁང་པ་ཐོག་རྩེགས་མང་པོ་དེ་འདྲ་རྒྱག་རྒྱུ་མ་འོང་བསྲ་བརྟན་ཇི་ཆགས་བརྗོད་དཀའ་ན་ཨར་ལས་འཆར་འགོད་མཉམ་ཕུགས་འཕེར་བསྲ་བརྟན་ཐུབ་པའི་ཆོད་འགན་བཞག་རྒྱུ་ནི་གལ་ཆེན་ཞིག་མ་རེད་དམ་།

  4. ཀརྡོ་རབ་འབྱམས་པ་ says:
    2016-10-27 at 1:23 am

    བཙན་འབྱོལ་བོད་གཞུང་ནང་ལ་ལྐོག་ཟ་རུལ་སུངས་བརྒྱ་ཆ་ལྔ་མ་ལོངས་ན་ཡང་། བརྒྱ་ཆ་གསུམ་ཟིནད་ཚར་ཡོད་རེད། བོད་རིགས་ཉམ་ཆུང་མང་པོ་དྲང་བདེན་གྱིས་རོགས་རམ་མ་བྱས་པར། སེམས་ནད་དང་ལྟོག་ཤི་ཐེབས་མ་བྱུང་བ་མ་རེད། ངས་ཕྱི་རྒྱལ་མི་རིགས་ཚོ་ལ། ང་བཙན་བྱོལ་བ་ཧོམ་ལེས་ Home-less གཅིག་ཀྱང་མེད་པའི་སྐད་གྲགས་ཡོད་ཅེས་ཡང་ཡང་ངོམ་མྱོང་། འོནད་ཀྱང་་་་་་་་་་ ད་མི་ལབ་་་ མི་འབྲི་་་་་་་མི་སྨྲ་་་་་

  5. གཡུ་ཐོག says:
    2016-10-27 at 1:42 am

    ཁང་པ་གསར་རྒྱག་ཆེད་སྲོད་སྐྱོང་ནས་ཧིན་སྒོར་འབུམ་བདུན་བརྒྱ་གཏོང་འོས་ཀྱང་དེ་ནི་དུས་ཀྱི་དགོས་མཁོ་རེད་བསམ་གྱིན་མེད། དེ་བས་འཕྲོད་བསྟེན་བལྟ་སྐྱོང་དང་བོད་མིའི་གཞི་སྒར་ཁག་ཏུ་ཡོད་པའི་ཉམ་ཐག་དང་ནད་པ་མགོན་མེད་སྐྱབས་མེད་རྣམས་ཀྱི་ཆེད་དུ་འགྲོ་སོང་ཇི་དགོས་གཏོང་ཐུབ་ཚེ་ཕུགས་ཀྱི་དགེ་མཚན་ཆེ། ལས་ཁུངས་གསར་རྒྱག་དེ་སེང་གེའི་རྗེས་བྱས་ཡིན་པ་བཤད་ངེས་རེད་ལ་ཁོ་རང་ཡང་དེ་སྐད་ཤུགས་མཐོ་པོའི་ངང་སྒྲོག་གི་རེད། དེ་ལས་མང་བའི་འགྲོ་སོང་དངོས་གཏོང་དགོས་པའི་གནས་ལུགས་གཞན་མང་པོ་ཡོད། གང་ལྟར་ཕྱོགས་གང་ནས་བལྟས་ཀྱང་གཟི་བརྗིད་ཁོག་སྟོང་ཕྱི་མཛེས་ནང་རུལ་ལྟ་བུ་ཆག་བཞིན་ཡོད་པ་དངོས་རེད། ད་བོད་མི་རིགས་ཀྱི་རིག་གཞུང་སྐད་ཡིག་དང་། རྩ་དོན། མདུན་ལམ་སོགས་ཆུའི་ནང་མ་འཆོར་བའི་རེ་སྨོན་བྱ་བཞིན་ཡོད། དེ་མིན་མདོང་པ་མཐོང་བ་དང་སྐྱུག་བྲོ་བའི་གནས་སུ་བསླེབས་སྲིད།

  6. ཀརྡོ་རབ་འབྱམས་པ་ says:
    2016-10-27 at 2:13 am

    ་་་་་་་་་ དེ་ལས་མང་བའི་འགྲོ་སོང་དངོས་གཏོང་དགོས་པའི་གནས་ལུགས་གཞན་མང་པོ་ཡོད། གང་ལྟར་ཕྱོགས་གང་ནས་བལྟས་ཀྱང་གཟི་བརྗིད་ཁོག་སྟོང་ཕྱི་མཛེས་ནང་རུལ་ལྟ་བུ་ཆག་བཞིན་ཡོད་པ་དངོས་རེད། ་་་་་་་་་་

  7. ཀརྡོ་རབ་འབྱམས་པ་ says:
    2016-10-27 at 2:15 am

    ༸གོང་ས་མཆོག་གིས།
    ཐབ་ཆུང་ཆུང་ལ་མེ་ཚ་བོ། གཏོང་དགོས་གསུངས་པ་དེ། མ་བརྗེད་པ་གནང་རོགས་གནོངས།། །།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-27 at 3:16 am

    རྟ་རྒྱུགས་མཁན་དང་བལྟ་མོ་ལྟ་མཁན་ལ་ཁྱད་པར་ཡོད་རེད་།
    རྟ་མི་གི་རྒྱུགས་དུས་ལས་སླ་འདོག་མཐོང་ཡང་རང་གི་
    རྒྱུགས་དུས་ཁག་ཙམ་ཡོང་ངོ་།

  9. ཤངས་སྟོན། says:
    2016-10-27 at 6:50 am

    ཧིན་སྒོར་འབུམ་བདུན་བརྒྱའི་ཁང་པ་ཞིག་ལས་པར་ཧ་ལས་རྒྱུ་ཅི་ཡོད། དགོན་པ་ཆུང་ངུ་དེ་ཚོས་ཀྱང་སྒོར་འབུམ་སྟོང་ཕྲག་བཏང་ནས་ལྷ་ཁང་ག་ཚོད་བརྒྱབ་འདུག མིག་གདངས་ནས་ལྟོས་དང་། དགོས་སར་ཆད། མི་དགོས་སར་ཐོལ་ཞེས་པ་དེ་ངོ་མ་རེད་གདའ། དཔེ་སྟོན་སློབ་གྲྭ་ག་རེ་བྱས་ནས་གཏོར་བཤིག་བཏང་བ་རས། འགྲོ་སོང་གཏོང་ཡས་ཡོད་ན་དེ་ལ་གཏོང་དང་། ངོ་མ། མྱི་ཀྲག་མོ་གཅིག་རེད་གདའ།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-27 at 7:32 am

    མི་ཡུལ་དུ་ས་ཆ་ལག་ཐིལ་ཙམ་མེད་ས་ཞིག་ཏུ་
    སྐྱབས་བཅོལ་བའི་མིང་ཁྱེར་ནས་ལོ་ལྟར་གནས་
    ཡུལ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་ཁང་གི་ས་གནས་སོ་སོར་ཡོད་པའི་ལས་ཁུང་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་བཀའ་འཁྲོལ་ཞུ་དགོས་མཁན་གྱི་མི་རིགས་ཞིག་ལ་ཟུར་དུ་ཤེས་ཡོན་སྲིད་ཇུསཟེར་བ་དང་དཔེ་སྟོན་སློབ་གྲ་ཟེར་བ་སྲོལ་རྒྱུན་སོ་ནམ་ལས་གཞི་ཟེར་བ་དེ་ཚོ་ཡོང་རྒྱུ་མེད་པའི་སྤྱི་ཚོགས་ནག་པོ་བཟོ་རྒྱུའི་ཁ་སྒྲུང་ཙམ་མ་རེད་།
    ི

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme