Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་དུས་ཀྱི་གླིང་ག (སྙན་ངག་ཚན་པ་གཉིས།)

Posted on 2016-10-232016-10-24 By སྙན་བཟང་གཡུང་དྲུང་ཚེ་རིང No Comments on སྟོན་དུས་ཀྱི་གླིང་ག (སྙན་ངག་ཚན་པ་གཉིས།)

སྙན་བཟང་གཡུང་དྲུང་ཚེ་རིང་།

དེ་རིང་བདག་ལ་གློ་བུར་ཉིད་དུ་སྐྱོ་གདུང་དྲག་པོས་རབ་ཏུ་མནར་བ་ཡིད་ཀྱིས་མ་བཟོད་གླིང་ག་ཞིག་ཏུ་དབུགས་རིང་འབྱིན་པར་ཕྱིན་པའི་ཚེ། །
སྟོན་གྱི་རླུང་བུས་ཆེར་སྐྱེས་ལྗོན་པའི་ཡལ་གར་མཛེས་པའི་དམར་སེར་མདངས་ལྡན་ལོ་མའི་ཕུང་པོ་དལ་བུར་སྤྲུགས་པས་ཉིལ་ཉིལ་ས་ལ་ཟགས་པར་རྩོམ། །
ཆུ་ཡི་ངོགས་སུ་དལ་བུར་གཤེགས་པའི་ངང་མོའི་རྗེས་སུ་གཤོག་རྩལ་གཉོམ་པའི་ངང་ཕྲུག་དག་ནི་ཕྲེང་བར་བསྒྲིག་ནས་རྩོལ་བ་ཆེན་པོས་དལ་གྱིས་བགྲོད། །
ལྡེམ་མྱུར་ཆེ་བའི་ཐང་ལི་འགའ་ཡིས་ས་ལ་ལྷུང་བའི་ཤིང་འབྲས་འཁུར་བཞིན་སྐྲག་པའི་ཉམས་ཀྱི་འཇིགས་པ་དང་བཅས་མིག་གཉིས་ཧྲིག་ཧྲིག་གཡོ་བ་མཐོང་། །
ཤིན་ཏུ་སྐྱོ་བའི་སྦྲང་མ་ཞིག་གིས་རྙིད་པར་གྱུར་པའི་ཉི་ཧོང་རྒྱ་སེའི་ཟེའུ་འབྲུའི་ཕོན་པོར་དྲག་ཏུ་འཐམ་ནས་ཟ་ཟིའི་གདུང་དབྱངས་སྒྲོག་པར་བྱེད། །
རི་དྭགས་ཤྭ་བ་མ་སྨད་གཉིས་ནི་ད་དུང་མི་ཡི་དྲི་ལ་མ་ལོབས་འདྲོགས་པའི་ཟོལ་གྱིས་མགོ་བོ་འདེགས་བཞིན་འཇིགས་པ་ཞིག་ལ་སྒུག་དང་མཚུངས། །
རབ་ཏུ་གདུངས་གྱུར་གྲོག་མའི་སྡེ་ཞིག་བདེ་བའི་ཆེད་དུ་གང་སར་རྒྱུག་ཀྱང་དམིགས་པ་མ་རྙེད་ལུས་ཟུངས་ཟད་པས་འཆི་བའི་གནས་ལ་ཐག་མི་རིང་། །
རྒས་ཤིང་འཁོགས་པའི་ཉམ་ཐག་རྒད་པོ་འཁར་བར་བསྙེས་ཏེ་སྟེགས་བུར་སྡོད་ཅིང་ཁེར་ལབ་རྒྱག་བཞིན་ངུ་མ་དགོད་ཀྱིས་ལས་ཀྱི་རྒྱལ་མོར་ལེ་བདའ་གཏོང་། །
ལྗོན་པའི་རྩེ་ནས་ཤིང་འབྲས་ལྷུང་བའི་སྒྲ་ལ་འཇིགས་པའི་རི་བོང་སྐོར་ཞིག་སྲོག་བསྡོས་བྱེད་པར་ཤིན་ཏུ་སྐྲག་ནས་ཁུང་བུ་ཆུང་ངུར་འཚང་ཁ་རྒྱག །
ཁེ་ཉིན་བབས་པའི་ཆར་ཆུས་ཡིན་ནམ་ཤ་མོ་སུལ་ཅན་དཀར་སེར་སྐོར་ཞིག་སྤང་དང་ནགས་སུ་སྐྱེས་པར་འདུག་ཀྱང་ལ་ལ་རྙིད་ཅིང་ལ་ལ་གསོན། །
དབྱར་དགུན་གང་དུ་འགྱུར་ལྡོག་མེད་པའི་ཤུག་སྡོང་ཚོགས་ཀྱིས་སྡོང་ལོ་སེར་ཞིང་ལོ་མ་དམར་པོའི་ལྗོན་པའི་གསེང་ན་སྔོ་ལྗང་ལང་ཚོའི་རྣམ་འགྱུར་སྟོན། །
སྡོང་ལོ་དག་གིས་བཀབ་པར་གྱུར་པའི་ལམ་ཕྲན་ཟུར་དུ་མེ་ཏོག་རྐང་གཅིག་སྐྱེ་བོ་ཡིད་ཀྱི་འདོད་པ་འཕེལ་བར་བཞད་པའི་བཀྲག་མདངས་སྙིང་དུ་སྡུག །
ཤིན་ཏུ་སྲེད་པའི་འདོད་ལྡན་གཞོན་ནུས་སྒེག་ཅིང་སྙེམས་པའི་གཞོན་ནུ་མ་ཞིག་པང་དུ་བཟུང་སྟེ་མགྲིན་པར་འཁྱུད་ཅིང་འོ་སོགས་འདོད་པའི་གནས་ལ་རོལ། །
དབྱར་དུས་ཕ་གིའི་ལྗོན་རྩེར་གནས་པའི་བྱ་ཁྱུ་དག་གིས་གནས་སྐབས་བདེ་བའི་ཡུལ་ཞིག་འཚོལ་ཆེད་རྒྱང་རིང་གནས་ལ་གཤོག་པ་བརྐྱངས་ནས་འཕུར་བར་དེངས། །
ལུས་པོ་དྲང་ཞིང་ཞལ་ཁྱིམ་མཛེས་པའི་བགྲེས་མོ་དེ་ཡིས་ཁྱུ་གུ་ཞིག་ལ་ཧ་ཅང་གཅེས་པའི་མིང་གིས་འབོད་ཀྱིན་ས་ཡི་སྡོང་ལོ་བསྒུལ་བཞིན་འགྲོ །
དེ་ཚེ་ཤར་གྱི་འཐོར་སྤྲིན་ལེབ་མོ་ལྷོ་རུ་རྒྱུ་བའི་སྤྲིན་པར་འདྲེས་པས་སྟོང་བའི་ནམ་མཁའ་དལ་བ་དལ་བུར་ཆར་སྤྲིན་ནག་པོས་གཡོག་པར་གྱུར། །
སྨུག་པ་ཞིག་ཀྱང་གློ་བུར་ཉིད་དུ་ཆར་གྱིས་བརླན་ལ་ཉེ་བར་འགྱུར་བའི་གླིང་གར་འཐིབས་པས་ཕྱི་རོལ་ཡུལ་ལྗོངས་མིག་སྟོང་སྤྲུལ་ཀྱང་མཐོང་རེ་བྲལ། །

༢༠༡༥ལོའི་ཟླ་༡༠པའི་ཚེས་༢༣ཉིན།

མཚོ་འགྲམ་གྱི་མཚན་མོ།

དགོང་ཁའི་ཉི་མ་ནུབ་རིར་དཔྱངས་པས་རི་ལུང་ཁང་ཁྱིམ་དལ་བའི་འགྲོས་ཀྱིས་རབ་རིབ་མུན་པའི་ཀློང་དུ་ཉལ། །
ཟླ་བའི་འོད་སྣང་མཚོ་འགྲམ་ལ་ཕོག་གྲོང་ཁྱེར་གཟུགས་བརྙན་ཆུ་ཡི་ངོས་སུ་གཉེར་མ་ཤིག་ཤིག་འདར་ཞིང་འགུལ། །
སྲང་ལམ་ཉུལ་བའི་མི་ཚོགས་དག་ཀྱང་ཁྱིམ་དུ་ལོག་པས་ལྷིང་འཇགས་རིང་མོ་རྒྱང་ནས་རྒྱང་ལ་འཕྲེད་དུ་བསྲིངས། །
གློ་བུར་ཡེ་ཤུའི་ལྷ་ཁང་ཅོང་སྒྲ་སྙན་པའི་ཟོལ་གྱིས་གཅིག་འཕྲོར་གཅིག་ཏུ་ལྷང་ལྷང་ཐེངས་འགའ་གྲག་པའི་ཚེ། །
ཉ་པ་དག་གིས་གྲུ་ཐག་གློད་དེ་རེ་སྙེག་དང་བཅས་རྒྱ་མཚོའི་ཀློང་དུ་འཕྱོ་ཞིང་ཉུལ་བཞིན་ཡོམ་ཡོམ་བགྲོད། །
ཨེ་མ་སྟོན་ཁའི་མཚན་མོ་བསིལ་བས་རླུང་བུ་འཇམ་པོས་ཟིལ་བ་ཁྲོམ་ཁྲོམ་ཆུ་ཡི་པད་མོ་གཡོ་སྙམ་བྱེད། །
དེ་ཚེ་ང་ཡིས་རྒུན་ཆང་དམར་པོ་མགྲོན་པོར་བཏེགས་ཤིང་དགོད་སྒྲ་རེ་རེ་སྙན་པའི་ངག་གི་ཟོལ་གྱིས་བབས། །
རེ་ཞིག་བོད་ཀྱི་བདེ་སྡུག་གླེང་བས་སྐྱོ་སྣང་འཕྱུར་བའི་ན་ཟུག་མེ་ཡིས་སྙིང་ཁུང་བསྲེགས་པའི་ཚོར་བ་བརྡོལ། །
གོས་རྐྱང་གསེང་ན་འོ་འཛིན་འདར་བའི་གཞོན་ནུ་མ་ཡིས་སྙན་ངག་གྱེར་པ་སེམས་རྩ་འཁོལ་བའི་གྲོགས་སུ་གྱུར། །
ད་དུང་ཤར་དང་ནུབ་ཀྱི་སྲོལ་རྒྱུན་ཕན་ཚུན་གཏམ་དུ་ཡང་ཡང་བཤད་པས་དགའ་སྤྲོ་སྣང་བའི་སྤྲིན་དཀར་ལྡང་། །
མཚན་གུང་ཡོལ་བས་མགྲོན་པོ་ལོག་མཚམས་ཅི་འདི་མེད་པར་སེམས་ཀྱི་རྟ་ཕོ་ཕྱིར་དྲན་ཀློང་དུ་བརྒྱུགས་པའི་ཚེ། །
མཚན་མོར་འཕུར་བའི་སྒྲོན་འབུ་སྐོར་ཞིག་སྒུག་བཟོད་མེད་པར་གློག་ལ་ལྕེབས་པའི་ངང་ཚུལ་མཐོང་བས་ཤིན་ཏུ་སྐྱོ། །
ག་ཤེད་ཅིག་ཏུ་འདོད་ལྡན་སྐྱེས་བུའི་ཤུགས་དང་ལྷན་ལྡེམ་བུད་མེད་ཅིག་གི་ཆགས་པའི་སྐད་ཀྱང་རྣ་བར་འཛུལ། །
འོན་ཀྱང་བར་སྣང་སྤྲིན་ནག་འཁྱོམས་པས་གློག་དམར་དང་བཅས་འབྲུག་གི་སྒྲ་ཡིས་མཚན་མོའི་ཟ་ཟི་མནན་པར་བྱས། །
ནམ་མཁའི་རུམ་ནས་བཞུར་བའི་ཆར་དང་སེར་བ་ནག་པོ་མཚམས་མི་ཆད་པར་ཤག་ཤག་དྲག་ཏུ་བྱོ་གྱུར་པས། །
བརྩེ་བ་འཁྱིལ་བའི་མལ་ས་དྲོན་མོར་དལ་བུར་འཛུལ་ཀྱང་ཅི་ཞིག་བརྗེད་པའི་སྟོང་སྣང་ཞིག་གིས་སེམས་པ་གཟིར། །
དེ་བས་འོག་འགྱུའི་རྟོག་པ་སྤྱད་དེ་ཚིག་ཕྲེང་འདི་དག་ཤར་མར་བྲིས་ཀྱང་ད་དུང་སྙིང་ཁ་ལྡིང་བ་ཅི། །

༢༠༡༦/༩/༡༧ མཚན་མོར།

སྙན་ངག

Post navigation

Previous Post: ཀིརྟིའི་དགེ་རྩ་ཚོགས་པ་ནི་ཆོས་ཕྱོགས་ཁོ་ནའི་སྒྲིག་འཛུགས་ཤིག་ཡིན།
Next Post: ཉེའུ་ཞིག་གི་ལས་དབང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme