Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་༢༣་གནང་གཏན་འཁེལ་བ།

Posted on 2016-10-212016-10-21 By ཁ་བརྡ 14 Comments on ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་༢༣་གནང་གཏན་འཁེལ་བ།

ཡོང་ཁུངས།   ཨེ་ཤ་ཡ་རང་དབང་རླུང་འཕྲིན།

 

༄༅། །ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལེ་ཚན་ནང་དུ། དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རི་གཞུང་གི་རོགས་རམ་ཐེབས་རྩ་ཁང་ USAID ཞེས་པ་བརྒྱུད་ཨ་སྒོར་ས་ཡ་ཉི་ཤུ་རྩ་གསུམ་ལོ་ལྔའི་རིང་གནང་རྒྱུ་ཞལ་བཞེས་ཐོབ་པ་དང༌། དེ་བཞིན་ཨ་རི་གཞུང་གིས་བོད་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་ལ་རོགས་རམ་གནང་བ་སོགས་དང་འབྲེལ་བའི་སྐོར། བོད་ཀྱི་ ཐེབས་རྩ་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་དང་ལྷན་དུ། འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས་ལགས་ཀྱིས་གླེང་མོལ་གནང་བར་གསན་རོགས་ཞུ༎

འདིར་ནན་ནས་གསན་རོགས། 

བཅར་འདྲི།

Post navigation

Previous Post: ཡིག་རྙིང་ཁྲོད་ཀྱི་གི་གུ་ཕྱིར་ལྡོག་( ཨྀ )གི་སྐོར་རགས་ཙམ་གླེང་བ།
Next Post: ༅༅།། རཱ་ཧུལ་མཉམ་དུ་བོད་བསྐྱོད་ཟིན་ཐོ་བཀླགས་རྗེས་ཀྱི་འཆར་སྣང་།

Comments (14) on “ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ལ་ཨ་སྒོར་ས་ཡ་༢༣་གནང་གཏན་འཁེལ་བ།”

  1. ནུབ་ཕྱོགས་གངས་ཕྲུག says:
    2016-10-21 at 12:59 pm

    བཅར་འདྲི་ཉན་ལོང་མ་བྱུང་། ཡིན་ནའང་འདི་ཚོ་ཚང་མ་མི་ལོ་༦༠ རིང་སྐུ་ལས་སྐྱོན་མཁན་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དང། ཨ་རི་གཞུང་ནས་བོད་པ་ཙམ་མ་མ་ཡིན་པར། འཛམ་གླིང་རྒྱལ་ཁབ་མང་པོར་རོགས་པ་གནང་དང་གནང་བཞིན་པ་རེད། ཐ་ན་ཨཕ་གྷ་ནིསྟན་་དང་པ་ཀིསྟན་གཉིས་ལ་རོགས་དངུལ་ཌོ་ལར་ཐེར་འབུམ་མང་གནང་བཞིན་པ་རེད། རོགས་རམ་གནང་དགོས་པའི་དམིགས་ཡུལ། དགོས་པ། རྒྱུ་མཚན། ཁེ་ཕན་སོགས་རྣམ་པ་མི་འདྲ་བ་ཡོད་རེད། བོད་པ་གླེན་པ་ཚོ་ཧ་ལས་མདོག་མ་བྱེད་ཨ།

  2. སེང་གེ་རབ་བརྟན། says:
    2016-10-21 at 4:26 pm

    ནུབ་ཕྱོགས་གང་ཕྲུག་གི་བཤད་པ་དེ་བདེན་པ་རེད། གཙོ་ཆེ་ཤོས་༧གོང་ས་མཆོག་ནས་ད་བར་སྐུ་ལས་བསྐྱོན་པ་ལ་བརྟེན་ནས་ཐོབ་པ་ཡིན་པ་བརྗོད་མི་དགོས་ཤིང་། སྲིང་སྐྱོང་བློ་སེང་ལགས་ནས་ཐོབ་ཐབས་འབད་བརྩོན་གནང་ཡོད་སྟབས་དེར་མངགས་བརྗོད་ཞུ་རྒྱུ་ཡིན། ཨ་རི་གཞུང་ནས་རྒྱལ་ཁྱབ་རང་བཙན་ཡོད་མཁན་ལའང་ཨ་སྒོར་འཐེར་འབུམ་མང་པོ་གནང་བཞིན་པ་ས་རི་ཐང་གསལ་ཡིན་པས་ཧང་སང་དགོས་དོན་མེད་ནའང། རང་ཉིད་ལ་བློ་ཚབ་ཞིག་ཡོང་བཞིན་པ་ནི་རོགས་དངུལ་འབོར་ཆེན་དེ་དག་འཆར་གཞི་ལྟར་བདེ་སྤྱོད་གཏོང་ཐུབ་མིན་དེ་ཡིན་པས་བོད་མི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་ནས་ཤ་ཁུ་ཤ་འཐིམ་ཐོག་ལས་འཆར་ཚགས་འཚུད་གནང་བའི་རེ་བ་ཞུ། བདེན་པ་ཉིད་རྣམ་པར་རྒྱལ་རྒྱུར་ཅིག

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-21 at 10:14 pm

    ཨ་སྒོར་ས་ཡ་23དེ་ལོ་ལྔའི་རིང་གཡར་བ་རེད་དམ་གནང་བ་རེད་གསལ་པོ་བཟོ་དགོས་པ་མཐོང་?

  4. སེང་ཕྲུག་བརྟན་པ། says:
    2016-10-21 at 10:36 pm

    རོགས་དངུལ་རྐྱང་གིས་འཚོ་ད་དུང་ལྐོག་ཟ་བྱེད། རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ནང་ལ་ལྐོག་ཟ་བྱེད་དང་། རང་བཙན་མེད་པའི་སྒྲུག་འཛུག་ཞིག་གི་ནང་ལྐོག་ཟ་བྱེད་ལྕི་ཡང་གི་ཆ་ནས་ཤིན་ཏུ་ལྕི་བ་རེད་དེ། དེ་ཚོར་བརྩི་མེད་བཏང་། མ་དགོས་པ་མི་ཉམས་ཆུང་གིས་ཀན་སློང་་་་ལ་མེད་ནའང་་ནོར་འཁྲུལ་དབང་གིས་མཐོ་དམན་ཅུང་ཙམ་ཕྱིན་པ་ཧ་ལམ་འཛམ་གླིང་གཏོར་བ་ལྟ་བུའི་མ་ཉན་ཁ་གཡོགས་བྱས། རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བ་ལྟ་བུ་རེད།

  5. ཀརྡོ་རབ་འབྱམས་པ་ says:
    2016-10-22 at 12:20 am

    ་་་་་་་་་་ རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་གི་ནང་ལ་ལྐོག་ཟ་བྱེད་དང་། རང་བཙན་མེད་པའི་སྒྲུག་འཛུག་ཞིག་གི་ནང་ལྐོག་ཟ་བྱེད་ལྕི་ཡང་གི་ཆ་ནས་ཤིན་ཏུ་ལྕི་བ་རེད་་་་་་་་་་
    ་
    འདི་བདེན་པ་རེད། དངུལ་ལ་དགའ་པོ་ཡོད་མཁན་གྱི་ལས་བྱེད་དེ་ཚོ་ལས་བྱེད་ནས་མར་ཕུད་དགོས་རེད་དོ།།

  6. ཅོ་རི་ཉི་མ། says:
    2016-10-22 at 7:58 am

    སེང་ཕྲུག་གི་སྐད་ཆ་དེ་ལ་རྒྱབ་སྐྱོར་ཡོད། མི་ལོ་ལྔ་བཅུ་ལྷག་གི་རིང་དུ་དད་པ་ཡོད་མདོག་བྱས། དམ་ཚིག་ཡོད་མདོག་བྱས། ཆོས་ཞུ་མདོག་བྱས། བྱས་ཀྱིན་བྱས་ཀྱིན་ཉམ་ཐག་བཙན་བྱོལ་བོད་གཞུང་གི་སྤྱི་རྒྱུ་ལྐོག་ཟ་བྱས། ཉམ་ཐག་བཙན་བྱོལ་མི་དམངས་ཀྱི་སྤྱི་རྒྱུར་ལྐོག་བཟའ་བྱེད་མཁན་གྱི་ལྐོག་ཟ་རུལ་སུངས་ཚོ་ལས་ཐབས་སྡུག་པའི་མྱི་ཞིག་འཛམ་གླིང་ཏུ་མེད། ལས་འབྲས་ངན་པ་ཞིག་འཁོར་དགོས་ངེས་ཡིན་་་་ད།

  7. ཅོ་རི་ཉི་མ། says:
    2016-10-22 at 8:10 am

    CNN དང་་་་New york times་སོགས་ཨ་རིའི་དཔོན་རིགས་ཚོས་སྟངས་འཛིན་འོག་ཏུ་ཡོད་པའི་དྲ་རྒྱ་ཁོ་ནའི་རྗེས་སུ་རྒྱུགས་མཁན་བོད་མི་ཚོས་འདི་ལ་གཟིགས་ཙམ་བྱོས།

    https://www.youtube.com/watch?v=0rRphAnSpBs

    མ་འོངས་པའི་ཨ་རིའི་སྲིད་འཛིན་ཕོ་རྒོད་ཁྲོམ་པི་ལགས་ཀྱི་རྒྱབ་སྐྱོར་བའི་སྟོབས་ཤུགས་ལ་ལྟོས།

  8. ཀརྡོ་རབ་འབྱམས་པ་ says:
    2016-10-22 at 8:44 am

    ཊོམ་རོམ་པོལ་སྨྱོན་པར་རྒྱབ་སྐྱོར་བྱེད་མཁན་ཡང་་་་་་་་་་་

  9. ཅོ་རི་ཉི་མ། says:
    2016-10-22 at 9:05 am

    https://www.youtube.com/watch?v=DA_KQaViAzk

    ཧེ་ལི་རི་་་རྫུན་སྐྱ་ཡི་རྒྱབ་སྐྱོར་བ་ཁྱོད་ཀྱིས་འདི་ལ་ལྟོས་་་ཧཧཧ སྐུ་ཞབས་bill clinton་ལགས་ཀྱིས་ཨ་རིའི་སྲིད་འཛིན་གནང་སྐབས་སུ་་་་སྤྱི་ལོ་༡༩༩༧ལོར་བོད་འདི་ཀྲུང་ཧྭ་མི་དམངས་སྤྱི་འཐུས་རྒྱལ་ཁབ་ཀྱི་ཁུངས་གཏོགས་རེད་ཅེས་ཐོག་མར་སྤྱི་བསྒྲགས་བྱས། ཁྱི་རྒན་ཁོས་སྤྱི་བསྒྲགས་བྱས་ནས་བོད་ལ་གནོད་ཆེན་པོ་བསྐྱལ་ཡོད། ངས་རེ་བ་ལ་་་་ལྕམ་ཧེ་ལི་རི་ལགས་སུ་ཁྲིམས་ཆད་ཡག་པོ་ཞིག་ཕོག་ན་བསམས་ཀྱི་ཡོད། རབ་བྱུང་ན་མོ་བཙོན་ཁང་ནང་དུ་བཅུག་ཏག་ཏག་རེད།

  10. ཀརྡོ་རབ་འབྱམས་པ་ says:
    2016-10-22 at 11:35 pm

    ་་་་་་་་་་ ངས་རེ་བ་ལ་་་་ལྕམ་ཧེ་ལི་རི་ལགས་སུ་ཁྲིམས་ཆད་ཡག་པོ་ཞིག་ཕོག་ན་བསམས་ཀྱི་ཡོད། རབ་བྱུང་ན་མོ་བཙོན་ཁང་ནང་དུ་བཅུག་ཏག་ཏག་རེད། ་་་་་་་་་ འདི་ལ་བལྟས་ན། ཅོ་རིས་བྱང་ཆུབ་ཀྱི་སེམས་སྒོམ་བགྱིད་མེད་པ་འདྲ། ཧ་ཧ། ཀུ་རེ་ཡིན་ནོ།།

  11. ཀརྡོ་རབ་འབྱམས་པ་ says:
    2016-10-24 at 5:52 am

    བོད་རིགས་སློབ་གསོའི་བགྲོ་གླེང་དང་། ལོ་ཉི་ཤུ་འཁོར་བའི་དུས་དྲན་གྱི་སྐོར་ལ།
    https://www.facebook.com/6millionstars/videos/692905814157658/?hc_ref=NEWSFEED

  12. སྤྱང་ཤོག says:
    2016-10-24 at 2:58 pm

    འགྲོ་བ་མི་ཞིག་གིས་འབད་བརྩོན་བྱས་པའི་འབྲས་བུ་མ་རེད། མི་ལོ་མང་པོའི་རིང། མ་རག་པ་ཞིག ད་ལོ་བོད་པ་ལ་དཀོན་མཆོག་གསུམ་གྱི་ཐུགས་རྗེས་བཀའ་དྲིན་གྱི་རག་པ་རེད། གཞན་ཡང་། ཐ་ན་ཨཕ་གྷ་ནིསྟན་་དང་པ་ཀིསྟན་གཉིས་ལ་རོགས་དངུལ་ཌོ་ལར་ཐེར་འབུམ་མང་པོ་ཞིག་དཀོན་མཆོག་ཨ་ལག་སྐུ་དྲིན་གྱི་རག་བྱུང་ཟེར་གྱི་འདུག

  13. རླུང་ནག་པོ། says:
    2016-10-27 at 8:22 pm

    དོན་དངོས་སུ་རོགས་དངུལ་དེ་ནི་ལོ་རེ་བཞིན་གནང་བཞིན་པའི་རོགས་དངུལ་རྣམས་ལོ་ལྔ་སྔ་འདོན་གྱིས་བླངས་བཞག་པ་ཞིག་རེད་འདུག ཡོང་འགྱུར་གྱི་ལོ་ལྔའི་ནང་ལ་འཆར་ཅན་ལྟར་ལོ་རེར་གནང་བཞིན་པའི་རོགས་དངུལ་དེ་ལེན་རྒྱུ་མེད་པར་གྱུར་བ་རེད། སྟབས་གཅིག་ལ་བླངས་པ་དེ་འུར་རྒྱག་རྒྱུ་དང་མི་དམངས་ལ་མགོ་སྐོར་ཆེད་ཙམ་ལས་གཞན་གང་ཡང་མ་རེད།

  14. ཨ་འབར་འཇིགས་དབང། says:
    2016-10-27 at 10:54 pm

    ༅༅།ཨ་རི་གཞུང་ནས་བོད་མིའི་སྒྲིག་འཛུགས་ལ་རོགས་དངུལ་གནང་བ་དེར་རླུང་ནག་པོ་ཞེས་པ་ནས་
    མི་མང་ལ་མགོ་སྐོར་གཏོང་རྒྱུ་ཙམ་ལས་གཞན་ཅི་ཡང་མེད་ཅེས་བྲིས་པའི་ནང་དོན་གང་ཡིན་རྟོགས་
    མ་སོང། ག་དུས་ཡིན་ཡང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་བརྗོད་ཤ་སྟག་བཤད་ཀྱི་འདུག་པ་དེའི་རྒྱབ་ལ་
    སུ་ཡོད་དམ་། བོད་ཞེན་སྐྱེས་ནས་དགའ་བསྟོད་མེད་ཀྱང་་་རྒྱ་དམར་པོ་ལྟར་ག་དུས་ཡིན་ཡང་སྐྱོན་འཛུགས་
    ཤ་སྟག་མ་ཤོད་། འབྲས་བུ་གང་ཡང་སྨིན་མི་ཡོང་ཨ་རོག་
    མ་གཞི་མིང་ཁོ་རང་ལའང་རླུང་ནག་པོ་ཞེས་འཁོད་འདུག་པ་་་་རླུང་ནག་པོ་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme