Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

མང་གཙོའི་སྐོར།

Posted on 2016-10-122016-10-12 By ཁ་བརྡ་ 13 Comments on མང་གཙོའི་སྐོར།

སེང་ཕྲུག་བརྟན་པ།

 
གངས་ལྗོངས་བོད་ཀྱི་བསྟན་སྲིད་ཆེས་སྲུང་སླད།
ཡང་དག་མང་གཙོའི་ལུགས་བཟང་སྲོལ་གཏོད་མཛད།
རྟག་ཏུ་གཞན་ཕན་ཁོ་ནར་ཆེད་གཞོལ་བའི།
སྙིང་རྗེའི་རང་གཟུགས་ཕྱག་ན་པདྨོར་བསྟོད

སྥྱིར་མང་གཙོ་ཞེས་པ་དེ་རྒྱལ་པོ་དང་། སྐུ་དྲག འབྱོར་ལྡན་ས་བདག་སོགས་རིང་ལུགས་ལ་མི་འདོད་མཁན་ཚོས་འཐབ་རྩོད་ངལ་བ་དུ་མས་གཏན་ཕབས་པའི་ལམ་ལུགས་ཡང་དག་ཅིག་ཡིན། རྩོལ་མེད་རང་བཞིན་གྱི་བྱུང་བ་ཞིག་མིན་པར་དེའི་ཕྱོགས་སུ་འཛིན་པའི་དཔའ་བོ་དཔའ་མོ་མང་པོས་སྙིང་སྟོབས་ཞུམ་མེད་ངང་རང་སྲོག་བློས་བཏང་གིས་བསྐྲན་པའི་ལྟ་བ་ཞིག་ཡིན།

མང་གཙོ༑ ཁྲག་གི་རྒྱ་མཚོའི་ནང་བཞད་པའི་པདྨ་དང་འདྲ། དེའི་རང་བཞིན་གྱི་རོ་ཡོངས་སུ་མངའ་འདོད་པའི་བློ་གསར་བུང་བ་ཚོས་ཐབས་ཤེས་ཟུང་འབྲེལ་གྲེལ་བཞིན་གྱི་རོ་ཡོངས་སུ་མངའ་འདོད་པའི་བློ་གསར་བུང་བ་ཚོས་ཐབས་ཤེས་ཟུང་འབྲེལ་གྱི་གཤོག་རྩལ་རྒྱས་པ་མ་བྱས་ན་ཁྲག་གི་རྒྱ་མཚོའི་ནང་ལྷུང་བས་ཕན་པ་ལས་གནོད་པ་མང་བ་སྨོས་ཅི་དགོས། མི་མང་ཚོས་རྒྱུན་དུ་མང་གཙོའི་ལམ་ལུགས་དང་ཐོབ་ཐང་ཤེས་ཐོག་སྥྱི་ཚོགས་ལ་ཕན་སེམས་རྒྱུད་ལྡན་གྱི་འོས་མི་ཚད་ལྡན་ཞིག་ལ་འོས་འཕེན་དགོས་པ་ནི་མི་སྒེར་སོ་སོའི་ལན་འགན་ཆེ་ཤོས་དེ་ཡིན། དཔེར་ན་རི་མོ་མཛེས་མ་མཛེས་འབྲི་མཁན་གྱི་ལག་རྩལ་ཡག་མ་ཡག་རག་ལས་པ་ལྟར་འགོ་ཁྲིད་བཟང་མབཟང་དམངས་ཀྱི་ཤེས་ཡོན་དང་ལག་བསྟར་བཟང་ངན་ལ་རག་ལས་སོ།

 

མང་གཙོའི་བྱུང་བ་བརྗོད་པ།

སྤྱིར་ཚང་མས་མཁྱེན་གསལ་རེད། ཡིན་ནའང་མཁྱེན་ལྡན་རྣམས་ལ་དྲན་སྐུལ་དང་མ་ཐོས་མ་མཁྱེན་པ་རྣམས་ལ་མཁྱེན་རྟོགས་ཀྱི་པདྨ་བློ་གསར་གྱི་མཚོ་མོའི་རང་བཞིན་དཔལ་དུ་བཞད་སླད་སྔར་དྲ་རྒྱའི་ཐོག་ཡི་གེའི་གཟུགས་སུ་བཀོད་འདོད་ཆེ་ཡང་ཁྱེད་རྣམས་ཀྱི་བློ་གྲོས་ཀྱི་དྲི་མ་གཅོད་པའི་བློ་སྟོབས་དང་བྲལ། ད་ལན་མི་བཟོད་ཉམས་རྟོགས་ཆུང་ངུ་ལས་བྱུང་བའི་ལྷག་བསམ་དང་སེམས་ཤུགས་ཀྱིས་རྒྱབ་ཕྱོགས་ནས་མ་འོངས་སོན་རྩ་བོད་ཀྱི་གཞོན་ནུ་ཡོངས་ལ་ཕན་སྨོན་སྔོན་བཏང་གིས་སྤྱིར་མང་གཙོ་དང་། ཁྱད་པར་དུ་༸གོང་ས་༸་སྐྱབས་མགོན་མཆོག་གིས་བོད་ཀྱི་ལམ་ལུགས་དེ་བཞིན་མང་གཙོ་ཙམ་མིན་པར་ཡང་དག་མང་གཙོའི་ལམ་སྲོལ་དུ་བསྒྱུར་རྒྱུའི་བླ་ན་མེད་པའི་ཐུགས་དགོངས་ལྟར་འཕོ་བསྒྱུར་གྱིས་གཏན་ལ་འབེབས་གནང་བའི་བོད་ཀྱི་ཡང་དག་པའི་མང་གཙོའི་ལམ་ལུགས་ཀྱི་སྐོར་སོགས་བརྗོད་ཀློག་གོ་བདེ་གསུམ་གྱིས་མཛེས་པའི་འགྱུར་རྩོམ་ཞིག་བློ་གསར་དོན་གཉེར་ཚོའི་སྤྱན་གྱི་དབང་པོའི་རྒྱན་དུ་འབྲི་བར་འཚལ།

མང་གཙོ་ཞེས་པ་དེ་གཞུང་གི་ཆབ་སྲིད་ཀྱི་རྣམ་པ་ཞིག་རེད། དེ་ལ་དབྱེ་ན། དབང་ཆ་མི་མང་གིས་ཐད་ཀར་ལག་བསྟར་བྱས་པས་ཐད་ཀའི་མང་གཙོ་དང་། དབང་ཆ་ཐོག་དངོས་མིན་པར་སྐུ་ཚབ་འཐུས་མི་བསྐོས་བརྒྱུད་ལག་བསྟར་བྱས་པས་སྐུ་ཚབ་འཐུས་མི་ཅན་གྱི་མང་གཙོ་སྐུ་ཚབ་འཐུས་མི་ཅན་གྱི་མང་གཙོ་དང་གཉིས། དེང་སང་རྒྱལ་ཁབ་ཕལ་ཆེ་བའི་ནང་ལག་བསྟར་བྱེད་བཞིན་པའི་མང་གཙོ་དེ་རེད། འདིར་ཐོག་མར་མང་གཙོ་ཞེས་པའི་ཐ་སྙད་སྐོར་ཅུང་གླེང་ན། དེ་ཡང་མང་གཙོ་ཞེས་པའི་ཐ་སྙད་དེ་གྷྲིཀ་ (Greek) ཡི་ཡུལ་སྐད་ལས་བྱུང་བ་ཞིག་ཡིན། (Demos) ཟེར་ན་མི་མང་དག (Kratos) ཟེར་ན་དབང་སྒྱུར་ཞེས་མདོར་ན་ཚིག་འདིའི་གཞི་རྩའི་གོ་དོན་ནི་མི་མང་གི་དབང་སྒྱུར་ཞེས་པ་དེ་ཡིན་པ་དང་། དེས་དུས་རབས་བཞི་པ་དང་ལྔ་པའི་གྷྲིཀ་ནང་མང་གཙོ་ཞེས་པའི་ལམ་ལུགས་ཤིག་ཡོད་པ་གསལ་པོ་མཚོན་ཐུབ། དབྱིན་སྐད་དུ་( Democracy) ཞེས་ཡོངས་གྲགས་ལྟར་རོ།

མང་གཙོ་ལ་འཛམ་གླིང་ཡོངས་ཀྱིས་མགྲིན་གཅིག་ཏུ་འདོན་པའི་དམིགས་བཀར་གྱི་མང་གཙོའི་མཆན་ཉིད།མེད། འོན་ཀྱང་དེ་ལ་འདྲ་མཉམ་དང་རང་དབང་བཅས་རྩ་དོན་གཉིས་ཀྱིས་མང་གཙོ་ཞེས་པའི་ཚིག་གི་མཆན་ཉིད་འཇོག་ཐུབ་ཅེས་སྲིད་དོན་མཁས་དབང་ཁག་གི་བཞེད་པ་འདྲ་མིན་སྣ་ཚོགས་ཥིག་མཆིས། མི་མང་ཁྲིམས་ཀྱི་མདུན་སར་འདྲ་མཉམ་དང་དབང་འཛིན་གྱི་ཐོབ་ཐང་འདྲ་མཉམ་སོགས་ཀྱིས་གོང་གི་རྕ་དོན་དེ་དག་མངོན་ཐུབ། མི་མང་གི་རང་དབང་དེ་ཁྲིམས་མཐུན་གྱི་རང་དབང་དང་ཐོབ་ཐང་གིས་བརྟན་བཟོ་བྱས། ཁྲིམས་མཐུན་གྱི་ཐོབ་ཐང་དང་རང་དབང་དེ་དག་རྩ་ཁྲིམས་ཀྱིས་སྲུང་སྐྱོབ་བྱེད་པའི་རྒྱུན་སྲོལ་བཟང་པོ་དེ་ད་ལྟའང་མཐོས་ཆོས་སུ་ཡོད། མང་གཙོ་ལ་འདྲ་མིན་སྣ་ཚོགས་ཡོད། མི་མང་ལ་རང་དབང་ཆེ་བ་དང་། བརྒྱུད་ལམ་བཟང་བ། ཡང་དག་པའི་མང་གཙོ། གཞན་ལས་ཁྱད་དུ་འཕགས་པ། ལེགས་པའི་ཡོན་ཏན་དུ་མ་དང་ལྡན་པའི་མང་གཙོ་མང་མང་དག་ཅིག་ཡོད་ཀྱང་། གལ་སྲིད་མང་གཙོའི་ལམ་ལུགས་དེ་ཞིབ་ཙ་རྟོགས་དཔྱོད་དང་ལྗིད་སྙོམ་སྲིད་བྱུས་ཀྱིས་ཆ་མི་སྙོམ་པའི་ཆབ་སྲིད་ཀྱི་དབང་ཚད་བགོ་གྲེམས་བྱེད་ཕྱོགས་ཐད་ལ་གཟིགས་སྐྱོང་མ་གནང་ན་དབང་ཚད་དུུམ་བུར་གྱུར་ནས་་ཡན་ལག་འཛིན་སྐྱོང་ངམ་ཚོགས་སྡེ་ཁག་གིས་དབང་དུ་བསྡུས་ནས་མང་གཙོ་མིང་ཙམ་དུ་ཟད་པར་འགྱུར་བའི་གནོད་སྐྱོན་མང་དུ་ཡོད་མཐོང་དང་མཐོང་བཞིན་པ་ལྟ་བུ་རེད།

མུ་འགོད་་་་་་་་

རྩོམ་རིག

Post navigation

Previous Post: ཁྱེད་ནི་དོན་གྱིས་“ཀུན་དགའ་ར་བ”ཞིག་ཡིན།
Next Post: མགོ་ལོག་འཇིགས་མེད་ཀྱིས་ཨོ་སི་ཁྲོ་ལེ་ཡའི་ནང་ཞུ་གཏུགས་ལས་འགུལ་སྤེལ།

Comments (13) on “མང་གཙོའི་སྐོར།”

  1. ཨ་འབར་འཇིགས་དབང། says:
    2016-10-12 at 10:28 pm

    ༅༅། སེང་ཕྲུག་བརྟན་པ་ལགས་ནས་མང་གཙོའི་སྐོར་ལ་སྙིང་བསྡུས་བྲིས་འདུག་པ་ལེགས་སོ་ཞུ།
    ལྷག་པར་དུ་ཐོག་མའི་བསྟོད་པའི་ཚིགས་བཅད་དེ་ཧ་ཅང་སྙན་ལ་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ།
    འདི་དང་འདི་དྲ་བ་མུ་མཐུད་ནས་རྩོམ་སྟོན་གནང་དང་རང་རེའི་གཏིང་ཟབ་ཀྱི་རིག་གཞུང་ན་
    གཞོན་རྣམས་ལ་ངེས་པར་ཕན་ཞིང་རྒྱས་པ་ལགས།
    ང་ནི་ནང་ཆོས་ལ་སློབ་གཉེར་བྱ་རྒྱུའི་བསོད་ནམས་མ་བྱུང། སྐྱེ་བ་ཕྱི་མ་ནང་ཆོས་ལ་ལེགས་པར་
    སྦྱང་ཐུབ་པའི་མཆོག་གསུམ་ལ་གསོལ་འདེབས་ཞུ།

  2. ཁྱུང་སེ། says:
    2016-10-13 at 1:07 am

    མང་གཙོ་མ་ཡིན་དམངས་གཙོ་བྲིས་ན་ལེགས། དམངས་གཙོ་མང་གཙོར་བསྒྱུར་མཁན་ཟམ་གདོང་ཡིན།། བརྡ་རྙིང་བཅུད་ལྡན་དག་ལ་ལེགས་དཔྱད་ནས།། བླུན་པོ་ཆུ་སྣ་གར་འཁྲིད་མིན་ན་ལེགས།།

  3. སེང་ཕྲུག་བརྟན་པ། says:
    2016-10-13 at 1:29 am

    བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ། རང་ཉིད་ལའང་མང་གཙོ་འཐད་ཆེ་བར་སྣང་བས་དེ་ལྟར་བྲིས། བླུན་པོའི་མིང་གིས་བརྒྱན་པར་དགའ་བསུ་ཞུ། མཁྱེན་ལྡན་ཁྱེད་ཀྱི་དེའི་སྐོར་ཞིག་གསུང་གནང་བར་བཀྲིན་ཆེ།

  4. སེང་ཕྲུག་བརྟན་པ། says:
    2016-10-13 at 1:37 am

    དམངས་དང་མང་གི་གོ་དོན་གང་ཡིན?

  5. སེང་ཕྲུག་བརྟན་པ། says:
    2016-10-13 at 1:39 am

    སྨོན་ལམ་ཚིག་མཛོད་ནང་people ལ ་མི་མང་ཞེས་བྲིས་འདུག

  6. བཀྲ་ཤིས། says:
    2016-10-13 at 3:36 am

    མང་གཙོ་ཟེར་དུས་ཉུང་བའི་ལྡོག་ཕྱོགས་དང། དམངས་གཙོ་ཟེར་དུས་སྒེར་གྱི་ལྡོག་ཕྱོགས་སུ་གོ་བདེ་བར་འདུག་སྙམ་མོ།

  7. སེང་ཕྲུག་བརྟན་པ། says:
    2016-10-13 at 4:23 am

    འོ་བསྡུའི་སྐབས་མི་མང་བ་གཙོ་བོར་བཟུང་ནས་ཐག་གཅོད་བྱེད་ཀྱི་ཡོད་རེད་མ་གཏོགས་དམངས་གཙོ་བོར་འཛིན་དགོས་ན་ཐག་གཅོད་ཡོང་དཀའ་མོ་རེད། དམངས་ཞེས་པ་དེ་ཡོངས་ལ་གོ་བ་དང་མང་ཟེར་ན་སྤྱི་ཆོགས་ནང་གི་མི་མང་བ་ལྟ་བུ་ལ་གོ
    དེས་ན་མང་བ་ཞིག་གི་འདོད་མོས་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ལམ་ལུགས་ཤིག་ལ་གོ་བས་མང་ཙོག་ཞེས་བྲིས་ན་ལེགས་སྙམ།

  8. ཁྱུང་སེ། says:
    2016-10-13 at 5:31 am

    དམངས་ནི་རྒྱལ་དང་འབངས་མི་སེར་སྐབས་ཀྱི་འབངས་ལ་གོ་བས་དེས་ན་སྔ་དུས་སུ་ཡུལ་ཁམས་རྣམས་རྒྱལ་པོ་དང་བཙན་པོ་དང་བླ་མ་མི་དཔོན་སོགས་འབངས་མི་སེར་གྱིས་འདེམས་པའི་ལུགས་སྲོལ་མེད་པས་ཁོ་རང་ཚོས་རང་བཞིན་ནམ་ཡང་ན་རྒྱབ་དཔུང་ནོར་ཤུགས་ཆེ་བ་སོགས་ཀྱིས་ཡུལ་ཁམས་ཀྱི་དཔོན་པོ་བྱུང་བ་ཞིག་རེད། ད་ཆ་ནི་དེ་ལྟར་མིན་པ་དམངས་གཙོ་ཞེས་རྒྱལ་ལྡན་གྱི་རིང་ལུགས་མིན་པ། དཔོན་པོ་ག་གེ་མོའི་རིང་ལུགས་མིན་པར། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟར། འོས་ཆོས་སུ་རུང་བའི་འབངས་མི་སེར་སུ་ཞིག་ཡིན་ཀྱང་མངའ་དབང་གི་ཡུལ་ཁམས་ཀྱི་གཙོ་བོར་ཡོང་སྲིད་པས་ན་ལུངས་སྲོལ་དེ་ནི་མང་གཙོ་མ་ཡིན་དམངས་གཙོ་ཡིན། མདོར་ན་དབང་ཆ་གཅིག་བསྡུད་མི་གཙོ་འབངས་མི་སེར་གྱིས་ཐག་གག་བཅད་པ་དེ་གཙོ་བས་ནའོ།

  9. ཨ་འབར་འཇིགས་དབང། says:
    2016-10-13 at 10:45 pm

    ༅༅། མང་ལས་དམངས་ཞེས་བྲིས། དམངས་ལས་མང་ཞེས་པ་ཟམ་གདོང་གིས་བསྒྱུར་བ་རེད་ཅེས་
    ཟུར་ཟ་དང་གུས་ཚིག་མེད་པའི་བཤད་སྟངས་ལ་ལྟས་ན་ཤེས་ལྡན་པ་ཞིག་གང་ནས་ཡིན།
    མཁས་དབང་ཟམ་གདོང་དང་ཁྱེད་མེད་མདོག་བསྟན་པ་ནི། ཁྲོམ་པའི་སྦལ་པ་ཡིན་པ་རེད་དོ།

    མང་དང་དམངས་གཉིས་ཀྱི་གོ་དོན་དྲ་ནང་དུ་མང་པོ་བྲིས་འདུག་པ་དེར་གཟིགས་དང།

  10. ནོར་བུ says:
    2016-10-14 at 12:03 am

    དམངས་གཙོ སྤྱི་གཙོ་ དོན་ཤེས་ལགས་སམ

    མཚན་གཞི་ནི་་་་་་་ཕོ་དང་མོ་གཉིས་ནས་བུ་དང་བུ་མོ་སྐྱེ་བས

    དེ་མེད་ན་རྗེས་ལུས་སམ་ཡང་ལུས་ཟེར་ན་གང་འདྲ་འདུག་གོ །།

  11. ཁྱུང་སེ། says:
    2016-10-14 at 1:15 am

    ཟམ་གདོང་བླ་མས་མང་པོས་བཀུར་བའི་རྒྱལ་པོ་ཞེས་པར་བརྟག་ནས་དམངས་གཙོ་ལ་མང་གཙོ་ཞེས་བསྒྱུར་པ་རེད། དེ་འདྲ་བཤད་པར་སྐུར་འདེབས་དང་ཟུར་ཟ་གང་ཡང་མ་རེད། མང་པོས་བཀུར་བར་དམངས་གཙོ་ཡིན་ན་རྒྱལ་ལྡན་རིང་ལུགས་ཀྱང་དམངས་གཙོ་ཡིན་དགོས། དབང་ཆ་གཅིག་བསྡུད་ཀྱི་རྒྱལ་ཁབ་ཀྱང་མང་གཙོའི་རྒྱལ་ཁབ་ཡིན་དགོས་པར་འགྱུར་བའི་ཕྱིར་རོ་མང་པོས་བཀུར་བའི་ཕྱིར།

  12. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-10-14 at 10:35 am

    མང་གཙོ་དམངས་གཙོ་དོན་གཅིག་བསམ་མཁན་དང་།
    རང་བཙན་རང་དབང་གང་བསམ་བརྗོད་མཁན་དང་།
    ཡུལ་མི་རྒྱལ་ཁབ་ཡུལ་མིའི་སྲིད་སྐྱོང་སོགས་།
    རྩ་ཁྲིམས་བཅའ་ཁྲིམས་མང་གཙོའི་སྲོག་རྩ་རེད་།

  13. ཀརྡོ་རབ་འབྱམས་པ་ says:
    2016-10-17 at 6:39 am

    དམངས་རིགས་དང་། དམངས་གཙོ། གཞུང་མངས་དང་། མང་གཙོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme