Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་གིས་བཀླག་དགོས་བའི་དཔེ་དེབ་ཅིག

Posted on 2008-11-18 By དབང་ཕྱུག་ 12 Comments on བཀའ་ཤག་གིས་བཀླག་དགོས་བའི་དཔེ་དེབ་ཅིག

ཐེ་བོ་ཤེས་རབ་རྒྱ་མཚོ།

དེང་རིང་གི་འུ་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་དཔེ་དེབ་གསར་པ་གང་ཞིག་ཐོན་ཡོད་ནའང༌། དཔེ་དེབ་དེ་ཚོ་ཇ་འཐུང་ཞོར་ཉལ་སའི་ནང་ནས་བྲིས་བ་མིན་ན། ཁ་ཁུ་སིམ་པའི་དཔེ་མཛོད་ཁང་དུ་སོང་ནས་བྲིས་བ་ཡིན་ལ། དེ་ལྟར་མིན་ན་དཔེ་དེབ་ལ་བལྟས་ནས་བྲིས་བ་ཤ་སྟག་ཡིན། དེར་བརྟེན་དཔེ་དེབ་དེ་དག་ཀྱང་ཆ་སྒམ་ནང་ཐལ་རྡུལ་མཐུག་པོ་ཞིག་གྱོན་ནས་ཁ་ཁུ་སིམ་མེར་གཏན་དུ་གཟིམ་ནས་བསྡད་ཡོད། དཔེ་དེབ་དེ་དག་ཐལ་རྡུལ་ཁྲོད་དེ་ལྟར་ཁ་ཁུ་སིམ་མེར་གཏན་དུ་གཟིམ་པའི་རྒྱུ་མཚན་ཧ་ཅང་རྟོགས་སླ་སྟེ། གོང་དུ་བཤད་པ་ལྟར་འབྲི་མཁན་ཚོས་ཉལ་སའི་ནང་དང༌། དཔེ་མཛོད་ཁང༌། དཔེ་དེབ་ལ་བལྟས་ནས་ལས་སླ་བོའི་ངང་བྲིས་བས་ཡིན། འཛམ་གླིང་ཞི་བདེ་ཡི་མིག་ཏུ་གྱུར་བའི་རྒྱ་བོད་ཀྱི་ལོ་པཎ་ཚོས་གཞུང་རྩོམ་སྐབས་དབུ་ལ་རྩོམ་པར་དམ་བཅའ་འཇོག་དགོས་བའི་རྒྱུ་མཚན་ཡང༌། དེ་ལྟའི་རིན་ཐང་ཅན་གྱི་དཔེ་དེབ་ཡག་པོ་ཞིག་འབྲི་རྒྱུ་ནི་བདེ་མོ་སྐྱིད་པོ་བྱས་བསྡད་ནས་འབྲི་ཐུབ་པ་ཞིག་མ་ཡིན་པས་རེད། གལ་སྲིད་ཁྱེད་ཀྱིས་དཀའ་ལས་ཅི་ཡང་མི་རྒྱག་པར་བདེ་མོ་སྐྱིད་པོ་བྱས་ནས་དཔེ་དེབ་ཅིག་བྲིས་ཚེ། དེ་ནི་སྔོན་ཆད་རང་རེའི་མཁས་པ་ཁ་ཤོམ་ཅན་ཚོས་སྣག་ཤོག་གྲོན་པའི་རྒྱུ་ཞེས་བཤད་པའི་ར་བ་ལས་འདའ་མི་སྲིད་ལ། གལ་སྲིད་ཁྱེད་ཀྱིས་སྣག་ཤོག་གྲོན་པ་ཙམ་ལས་མེད་པའི་དཔེ་དེབ་ཅིག་བྲིས་ཚེ། ཁོར་ཡུག་སྲུང་སྐྱོབས་ཚོགས་པ་ཚོས་ཀྱང་ཁྱེད་ལ་བཀའ་བཀྱོན་གནང་ངེས་རེད། སྔོན་ཆད་པཎ་ཆེན་སྐུ་ཕྲེང་བཅུ་པས་ཡིག་འབྲུ་ཁྲི་བདུན་གྱི་སྙ ན་ཞིག་བྲིས་ནས་རྒྱ་ནག་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་པ་ཚོར་ཕུལ་མྱོང་ཡོད་པ་དང༌། སྙ ན་ཞུའི་དེ་བྲིས་བའི་བརྒྱུད་རིམ་ལ་བལྟས་ན། པཎ་ཆེན་སྐུ་ཕྲེང་བཅུ་པས་བོད་ཁམས་ཡོངས་ལ་མྱུལ་ཞིབ་མཐིལ་ཕྱིལ་བྱས་ནས་ད་གཟོད་བྲིས་པ་ཞིག་ཡིན་པ་དང༌། དེ་ནི་སྐབས་དེའི་བོད་མི་རིགས་ཀྱི་གནས་བབ་ཧ་གསལ་བོ་འཆར་བའི་ལོ་རྒྱུས་ཀྱི་མེ་ལོང་ངོ་མ་ཞིག་ཡིན་པ་རེད། ཉིན་ཤས་སྔོན་གྲོགས་ཤ་བོ་རྟ་མགྲིན་གྱིས་ས་བྱི་ལོའི་ཞི་རྒོལ་ཆེན་མོ།དང་བོད་ཁམས་ཉུལ་བ། ཞེས་པའི་དཔེ་དེབ་གཉིས་གཡར་བོ་གནང་བྱུང་བས། མགོ་ནས་མཇུག་བར་ཞིབ་ལྟ་ཐེངས་ཅིག་བྱས་བ་ཡིན་ལ། དེས་ཕ་ཡུལ་དང་བྲལ་ནས་ལོ་བཅུ་གཉིས་བགོར་སོང་བའིཧབདག་ལ་ད་ལྟའི་བོད་ནང་གི་གནས་བབ་ངོ་མ་ཅི་འདྲ་ཞིག་ཏུ་སླེབས་ཡོད་མེད་ངོས་ཟིན་ཐོབ་ཏུ་བཅུག་ཅིང༌། ཀྲུང་ཧིཾ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མིང་དོན་མི་མཚུངས་བའི་མི་རིགས་རང་སྐྱོང་གི་བཅའ་ཁྲིམས་གདུག་རྩུབ་ཅན་དེའི་འོག་རུལ་ནས་ཟགས་བཞིན་པའི་ད་ལྟའི་གཞི་རིམ་ཞིང་འབྲོག་དམངས་ཚོགས་ཀྱི་ཉམ་ང་བའི་གནས་སྟངས་དེ་ཆེས་ཛ་དྲག་དང༌། ཆེས་ཉེན་ཁའི་ནང་ལྷུང་ནས་ཡོད་པ་ཤེས་ཚོར་ཟབ་མོ་བྱུང་ཞིང༌། ལྷག་པར་བོད་ཁམས་ཉུལ་བ། ཞེས་པའི་དཔེ་དེབ་ཀྱིས་བདག་ལ། ྋགོང་ས་མཆོག་གིས་ཨོ་སི་ཏྲི་ལི་ཡར་འདི་ལྟར་མུ་མཐུད་སོང་ཚེ་ལོ་བཅོ་ལྔའི་ནང༌། བོད་མི་རིགས་ཀྱི་ཆོས་རིག་དང༌། ཡུལ་གོམས་གཤིས་ལུགས་བཅས་རྩ་མེད་དུ་འགྲོ་ངེས་ཡིན། ཞེས་གསུངས་བ་དེའི་རྒྱུ་མཚན་ཡང་གསལ་རྟོགས་བྱུང༌། དེས་ན་ཆེས་མཐའ་མཇུག་བདག་གིས་བཀའ་ཤག་ལ་བོད་ཁམས་ཉུལ་བ། ཞེས་པའི་དཔེ་དེབ་འདི་མགོ་ནས་མཇུག་བར་ལྟ་ཀློག་ཞིབ་མོ་གནང་དགོས་བའི་རེ་སྐུལ་ནན་ཏན་ཞུ་བཞིན་ཡོད། ༢༠༠༨ ༡༡ ༡༣ ཉིན།

གསར་འགྱུར།

Post navigation

Previous Post: དེབ་ཐེར་ནག་པོ།
Next Post: མི་རབས་གསུམ་པ་གླེང་དུ་ཤོག

Comments (12) on “བཀའ་ཤག་གིས་བཀླག་དགོས་བའི་དཔེ་དེབ་ཅིག”

  1. ÇtôzÅ-q- says:
    2008-11-18 at 8:56 am

    བོད་ཁམས་ཉུལ་བ་ཞེས་པ་དེ་སུས་བྲིས་པ་རེད། བརྗོད་བྱ་གང་གི་སྐོར་རེད། དེའི་སྐོར་ངོ་སྤྲོད་ཐུབ་མཁན་ཡོད་ན་གསུངས་རོགས་གནོངས།

  2. སྐལ་བཟང༌། says:
    2008-11-19 at 2:11 am

    ཁ་སང་ངས་འདིར་མཆན་ཞིག་བཏབས་པ་ཡིན། དེ་རིང་བལྟས་དུས་དེ་བསུབ་ཚར་འདུག དེའི་ནང༌། བོད་ཁམས་མྱུལ་བ་ཞེས་པའི་དེབ་དེ་བལྟས་པའི་བསམ་འཆར་ཚིག་འགའ་བྲིས་ཡོད། བསམ་ཚུལ་ལྟེ་བ་ནི། དེབ་དེ་བོད་ཁམས་མྱུལ་ནས་བྲིས་པ་དེར་རིན་ཐང་འདུག ཡག་པོ་འདུག་ཅེས་བྲིས་ཡོད། ཡིན་ནའང༌། རྩོམ་རྩལ་དང་ཡིག་ནོར་མང་བའི་ཞུས་དག་གི་སྤུས་ཀ་ལ་བལྟས་ན། དེབ་དེའི་གཞུག་ཤོག་གི་སྟེང་ན་གསལ་བ། ནོར་གླིང་གི་ཞིབ་འཇུག་པ་དང་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་ཡིན་ཟེར་བའི་ངོ་སྤྲོད་རྫིག་པོ་དེ་དང་བསྡུར་ན། བསྡུར་རིན་མི་འདུག ཕངས་པ་ལ་སོགས་བྲིས་ཡོད། སུ་ལ་ཕོག་ཐུག་བཟོས་པ་ཡིན་ནམ། ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་གང་རུང་ལ་ཕོག་གཞིར་སོང་ནས་བསུབ་ཀྱི་ཡོད་པ་རེད་དམ་ག་རེ་རེད། ང་ལ་ལན་ཞིག་གནང་རོགས།

  3. དགེ་འདུན་རབ་གསལ་ says:
    2008-11-19 at 11:57 am

    གྲོགས་པོ་ལགས།
    ཁྱེད་ཀྱི་མཆན་གསུབ་དོན་གང་ཡིན་ཤེས་མ་སོང་། ཁ་བརྡའི་ནང་རྩོམ་ཡིག་འགོད་མཁན་ཚོས་རང་ཉིད་ལ་ཕོག་ན་གསུབ་པའི་སྤྱོད་པ་ཞིག་འཛིན་གི་མེད། ཡིན་ན་ཡང་ངས་བརྩད་གཅོད་བྱེད་གི་ཡིན་ལ། ཁྱེད་རང་ལ་དགོངས་འགལ་མེད་པ་ཞུ་གི་ཡིན།
    རབ་གསལ་གྱིས།

  4. ཀླུ་སྨྱོན། says:
    2008-11-19 at 1:36 pm

    དེའི་རྩོམ་པ་པོ་སུ་ཡིན་ད་དུང་གླེང་མ་སོང་། རྡོ་རྗེ་དབང་ཕྱུག་རེད་དམ། ཨ་ཚོགས་འཇམ་དབྱངས་རེད་དམ། སུ་རེད།

  5. སྐྱ་ཀ་ཁ། says:
    2008-11-19 at 3:32 pm

    ཨ་ཧ་བོ། འདི་ཚོ་སྨྱོ་གོ་གི རང་ང་ཚོད་ཚོད་ལ་སྐལ་བཟང་གིས་བཏབ་པའི་མཆན་གསུབ་ནས། སུ་ལ་ཕོག་ཐུག་བཏང་ཡོད་ན། གོང་གི་བོད་ཁམས་ཉུལ་བ་ཟེར་བ་དེའི་སྐོར་མང་ཙམ་གསུངས་རོགས། ང་ད་སུས་རང་སྐྱོན་ཞིག་འགབ་ཐབས་བྱེད་ན། དེ་ཁར་འདྲུད་རྒྱུ་དགའ།

  6. སྐྱ་ཀ་ཁ། says:
    2008-11-19 at 3:34 pm

    ཨ་ཧ་བོ། འདི་ཚོ་སྨྱོ་གོ་གི རང་ང་ཚོད་ཚོད་ལ་སྐལ་བཟང་གིས་བཏབ་པའི་མཆན་གསུབ་ནས། སུ་ལ་ཕོག་ཐུག་བཏང་ཡོད་ན། གོང་གི་བོད་ཁམས་ཉུལ་བ་ཟེར་བ་དེའི་སྐོར་མང་ཙམ་གསུངས་རོགས། ང་ད་སུས་རང་སྐྱོན་ཞིག་འགབ་ཐབས་བྱེད་ན། དེ་ཁར་འདྲུད་རྒྱུ་དགའ།

  7. རྡོར་དབང༌། says:
    2008-11-20 at 6:48 am

    དྲ་གྲོགས་ཚོར་ཞུ་རྒྱུར། སྐལ་བཟང་གིས་མཆན་བསུབ་འདུག་ཟེར། ད་དུང་ཁ་བརྡ་རྩོམ་སྒྲིག་པ་ཚོར་དོགས་པ་བྱས་འདུག ཀླུ་སྨྱོན་གྱིས་བསྟན་འཛིན་འཇམ་དབྱངས་དང་ངེད་གཉིས་ཀྱི་སུ་ཡིན་ལ་དོགས་པ་བྱས་འདུག ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པ་ཡིན་པའི་ང་ལ་མཚོན་ན། མཆན་དེ་འདྲ་ཞིག་བསུབ་རྒྱུ་བཞག་ནས་མཐོང་ཁོ་རང་མ་སོང༌། གཅིག་ཐང་ན། འགོད་མཁན་རང་ཉིད་ནས་འགོར་སྟངས་མ་འགྲིག་པའང་ཡིན་སྲིད། གང་ལྟར་མདོར་བསྡུས་ནས་བཤད་ན། ང་ཚོས་མཆན་དེ་འདྲ་ཞིག་བསུབ་མེད། དེབ་དེ་རྩོམ་མཁན་ཡང་ང་ཚོ་རྩོམ་སྒྲིག་ཚོགས་ཆུང་ལ་འབྲེལ་བ་མེད་ཞུ་རྒྱུ་ཡིན།

  8. ÇtôzÅ-q- says:
    2008-11-20 at 7:35 am

    རྡོར་དབང་དང་རབ་གསལ་སོགས་ཀྱིས་ཐུགས་ཁྲལ་མ་གནང་། མི་ལ་ལས་རྙོག་དྲ་བཤད་པ་ལ་ཐུགས་ཁྲལ་གནང་ག་ལ་དགོས། མི་ལ་ལ་དེ་ག་ཙམ་དུ་དྲྭ་སྟེགས་འདིའི་སྟེང་ཁུགས་རྒྱུག་རེ་བྱེད་ཞོར་ལ་རྙོག་དྲ་རེ་ཤོད་མཁན་ཡོང་གི་རེད། དེ་ཚོས་གང་བཤད་ལ་ཡིད་ཆེས་བྱ་རྒྱུ་དེ་ཙམ་མེད། སྐལ་བཟང་ཟེར་བ་དེ་ལ་དངོས་གནས་ཅིག་བཤད་རྒྱུ་ཡོད་ན་ད་བཤད་ན་ཆོག མི་ལ་ལ་ཆེད་དུ་རྙོག་དྲ་བཟོ་བར་ཡོང་མཁན་ཡོད་པ་ང་ཚོ་རྒྱུན་མགྲོན་པ་ཚོའི་ཉམས་མྱོང་ཡིན། ཡིན་ན་ཡང་མི་དེ་ཚོས་ཁུངས་འཁྱོལ་གྱི་མ་རེད། ང་ཚོས་ཀྱང་ཡན་པོར་མི་གཏོང་བར་དགག་སྒྲུབ་གང་ཐུབ་བྱེད་ཀྱིན་ཡོད། འདིའི་རིགས་ཁྱེད་རྣམ་པས་བཏང་སྙོམ་དུ་བཞག་ཀྱང་འཐུས།

  9. ཀླུ་སྨྱོན། says:
    2008-11-20 at 4:21 pm

    དེའི་”རྩོམ་པ་པོ་”སུ་ཡིན་ད་དུང་གླེང་མ་སོང་། རྡོ་རྗེ་དབང་ཕྱུག་རེད་དམ། ཨ་ཚོགས་འཇམ་དབྱངས་རེད་དམ། སུ་རེད།
    གོང་དུ་བསུབ་པ་པོ་ལབ་མེད་པར་རྩོམ་པ་པོ་ལབ་ཡོད། དེབ་དེའི་རྩོམ་པ་པོ། བོད་ཁམས་ཉུལ་བ་ཞེས་པ་དེའི། གོ་སོང་ངམ། ང་ནང་བཞིན་ལོ་ལོན་ན་མི་ཧྲ་པ།
    དགོངས་དག རྡོར་དབང་གི་ཆེད་དུ་མཆན་འདི་ཡང་སྐྱར་འགོད་དགོས་སོང་།

  10. ཀླུ་སྨྱོན། says:
    2008-11-20 at 4:24 pm

    “དེའི་རྩོམ་པ་པོ་སུ་ཡིན་ད་དུང་གླེང་མ་སོང་། རྡོ་རྗེ་དབང་ཕྱུག་རེད་དམ། ཨ་ཚོགས་འཇམ་དབྱངས་རེད་དམ། སུ་རེད།”

    གོང་དུ་བོད་ཁམས་ཉུལ་བ་ཞེས་པའི་དེབ་དེའི་རྩོམ་པ་པོ་སུ་ཡིན་ཟེར་གྱིན་ཡོད་མ་གཏོགས་མཆན་དེ་བསུབ་པ་པོ་ཟེར་གྱིན་མེད། འདི་ཙམ་གོ་ཐུབ་ན་བཟང་། ང་ནང་བཞིན་ལོ་ལོན་ན་མི་ཧྲ་པ། རྡོར་དབང་ལ།

  11. རྡོར་དབང༌། says:
    2008-11-21 at 1:03 am

    ཀླུ་སྨྱོན་ལགས། ཁྱོད་འདི་ཅི་མ་བདེན། དགོངས་དག་ཞུ་བ་དང་ཆབས་ཅིག དེབ་དེའི་རྩོམ་པ་པོ་ནི། འཇམ་དབྱངས་ཚུལ་ཁྲིམས་སམ་ཨ་འཇམ་རེད་ཞུ་རྒྱུ་ཡིན

  12. ཀླུ་སྨྱོན། says:
    2008-11-21 at 1:10 am

    ཐུགས་རྗེ་ཆེ། དུས་ཐོག་ཆར་བ་རང་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme