Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ངའི་སྙིང་ནད་ཀྱི་རི་མོ།

Posted on 2016-10-042016-10-04 By ཁ་བརྡ་ 4 Comments on ངའི་སྙིང་ནད་ཀྱི་རི་མོ།

སེང་ཕྲུག་བརྟན་པ།

 
ལ་ལས་བོད་ཀྱི་དོན་དུ་རང་སྲོག་དོར།
ལ་ལས་བོད་ཀྱི་དོན་དུ་བསྟན་པ་འཛིན།
ལ་ལས་བོད་ཀྱི་དོན་དུ་ཡུལ་གྲུ་སྐོར།
ལ་ལས་བོད་ཀྱི་དོན་དུ་བཀའ་གསུང་སྒྲུབ།
འོན་ཀྱང་ལ་ལས་དགྲ་དགའ་གཉེན་སྡུག་བྱེད།
རྩ་དོན་ཁ་རུ་ཁྱེར་ནས་བླ་མར་སྨད།
སྒེར་དོན་ཁོག་ཏུ་བཅངས་ནས་སྲིད་གར་འཁྲབ།
སྒོར་མོའི་མིག་ཤེལ་གྱོན་ནས་གོ་ས་རྩོད།
དྲང་བདེན་མི་ལ་མ་ཉེས་ཁ་གཡོགས་བྱེད།
བླ་མའི་བཀའ་ནི་ལགས་སོའི་ཆུ་ནང་སྐྱུར།
རང་དོན་སྒྲུབ་ཆེད་ཕལ་ཆེར་ཕ་ཡང་གསད།
རང་བཙན་རང་བཙན་ཟེར་ནས་ཞི་བདེ་དཀྲུག
སྐུ་དྲག་རིང་ལུགས་རོ་ལངས་རྒྱག་ཉེན་གདའ།
སྤུན་ཟླ་བློ་ལྡན་རྣམས་ཀྱིས་རྟག་ཏུ་གཟོབས།
ཆོལ་ཁག་ཆོས་ལུགས་རང་སོའི་གནས་སུ་ཞོག
ད་ལྟ་དགོས་མཁོ་ཆེ་བ་དཔོན་བཟང་ཡིན།
དེ་ལ་ནུས་ཤུགས་གཅིག་ཏུ་སྤུངས་ན་ཨ།
གྲོས་ཚོགས་ནང་དུ་སྤྱི་ལས་སྒེར་གླེང་མང་།
ཕལ་ཆེར་དོན་ཆེན་གླེང་བ་ཉི་མོའི་སྐར།
ནོར་འཁྲུལ་མེད་པའི་མི་ནི་ཆེས་ཆེར་དཀོན།
བདེན་པ་ར་སྤྲོད་བྱུང་ཚེ་བསམ་ཤེས་དགོས།
འོ་ཡ་ད་ནི་མང་པོ་མི་བཤད་ངས།
སྐྱག་ཚང་དྲུས་ན་དྲི་ངན་མ་གཏོགས་གང་།
མང་ཤོད་པར་ཤེས་འཇོན་གཉིས་ཀྱིས་སྟོང་།
གང་ལྟར་འགོ་ཡི་དཔོན་པོ་བཟང་མ་བཟང་།
དམངས་ཀྱི་ཡང་དག་མང་གཙོའི་ཤེས་ཡོན་དང་།
དེ་ཡི་ལག་བསྟར་བཟང་ངན་རག་ལས་པ།
དཔེར་ན་གྱང་གི་རིས་མོ་མཛེས་མ་མཛེས།
ལྷ་འབྲིའི་ལག་རྩལ་བཟང་ངན་རག་ལས་བཞིན།

ཨ་ཧོ།།།།།།།
ཁྲི་ཡིས་ཆོལ་ཁག་ཆོས་ལུགས་མི་ཤེས་བུ།
སུ་ཡིས་ཐོབ་ཀྱང་དགའ་བསུ་ཞུ་ངེས་རེད།
འོན་ཀྱང་མིང་དོན་མཚུངས་པའི་དཔོན་དགོས་ན།
མཁྱེན་རྒྱ་ཡངས་པ་དག་ལ་ཞུ་དགོས་ཅི།
ཐམས་ཅད་རང་ལས་མཁས་ཡག་མཐོང་ཆོས་ལགས།
འོན་ཀྱང་མི་བཟོད་བདག་གི་སྙིང་ཆུང་ངུས།
ཡང་ཡང་བསྐུལ་བས་མི་ཤེས་ཤེས་མདོག་གི
ལྷ་ལམ་ལྟ་བུའི་དོན་གྱི་སྟོང་པ་ཡི།
བླུན་པོའི་གཏམ་ལ་ཉན་དང་མ་ཉན་ནི།
མང་གཙོའི་རང་དབང་ཡོད་དེ་ངེས་པར་སྤྱོད། །

སྣ་ཚོགས།

Post navigation

Previous Post: སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་༢ པའི་ལས་རིམ་སྐོར་ལ་བགྲོ་གླེང་།
Next Post: གསར་ཐོན་དཔེ་དེབ་སྒོ་འབྱེད།  “རཱ་ཧུལ་མཉམ་དུ་བོད་སྐྱོད་ཟིན་ཐོ།”

Comments (4) on “ངའི་སྙིང་ནད་ཀྱི་རི་མོ།”

  1. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-10-04 at 9:52 am

    ཁ་ཆེ་ཕ་ལུའི་སྙིང་གཏམ་རྐུ་མ་ལ།། གནས་ལུགས་འཆད་ཞོར་ཟུར་ཚིག་མང་ཙམ་གདའ།།

  2. ཨ་འབར་འཇིགས་དབང། says:
    2016-10-04 at 10:52 pm

    ༅༅། སེང་ཕྲུག་བརྟན་པའི་སྙིང་གཏམ་བཤད་འདུག་གོ།
    ཉན་དང་མ་ཉན་སོ་སོའི་རང་དབང་རེད།
    ཡང་ན་ཉན་དང་ཡང་ན་རྩོམ་ཞིག་རྒྱོབས།
    གསན་དང་མ་གསན་མང་གཙོའི་རང་དབང་རེད།
    ཀློག་དང་མ་ཀློག་སྒེར་གྱི་རང་དབང་རེད།
    དངོས་གནས་ཡག་པོ་བྲིས་གནང་འདུག་དགའ་བསུ་ཞུ།

  3. ཅང་ཤེས་རྟ་མཆོག says:
    2016-10-05 at 12:14 am

    ཀུན་ལས་དད་པ་ཆེ་བའི་བློ་སེང་དང་། །
    རྨི་ལམ་ཚུན་ལ་འགྲོགས་པའི་ཚོགས་གཙོ་གཉིས། །
    རང་རྒྱལ་གཞན་ཕན་ཕྱོགས་སུ་འཁྱོག་དྲགས་ནས། །
    ཀུན་གྱི་ཡིད་ཆེས་རྙེད་པ་སྲིད་མཐའ་ཙམ། །

    འོས་དང་མི་འོས་ཀློག་མཁན་ཚོགས་གཙོ་དང་། །
    ར་མ་ལུག་སྐད་བསྐྱོན་པའི་སྲིད་སྐྱོང་གཉིས། །
    ཨ་ཕོ་འཇུ་ཆེན་ཕྱོགས་ལ་ཞེན་དྲགས་ནས། །
    དམྱལ་བ་རྡོ་རྗེ་གདན་གྱི་་་་་་་་་་་་་་་་་་་་་་

  4. ཨ་འབར་འཇིགས་དབང། says:
    2016-10-10 at 10:26 pm

    ༅༅། ཨ་རྩི་ཨ་རྩི་ཅང་ཤེས་རྟ་མཆོག་ལགས། ཁྱོད་ནི་དེ་འདྲའི་མི་དགའ་སྲིད་སྐྱོང་དང།
    སྤྱི་འཐུས་ཚོགས་གཙོ་རྣམ་པ་གཉིས་པོ་ལ། ཡག་ཀྱང་སྡུག་ཀྱང་མང་མོས་བདམས་པ་རེད།

    ཁྱོད་ཀྱི་དམའ་འབེབས་ཚིག་དེ་དམངས་ལ་གནོད། དགྲ་དགའ་གཉེན་སྡུག་མིན་ན་ད་ཅི་ཞིག།
    བཟང་སྤྱོད་ལྡན་པའི་ཆེ་བསྟོད་ཞུ་མིན་ཡང། དམའ་འདེབས་དེ་འདྲ་བཏང་པ་མཐའ་མའི་མཐའ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme