Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཨོ་གླིང་སིད་ནི་བོད་ཁུལ་གྱི་ཆོས་ལུགས་སྣ་མང་མཉམ་ཞུགས་ཀྱི་ཞི་བདེའི་འདུ་འཛོམས།

Posted on 2016-09-302016-09-30 By ཁ་བརྡ་ No Comments on ཨོ་གླིང་སིད་ནི་བོད་ཁུལ་གྱི་ཆོས་ལུགས་སྣ་མང་མཉམ་ཞུགས་ཀྱི་ཞི་བདེའི་འདུ་འཛོམས།

གནས་ཚུལ་མཁོ་སྤྲོད་པ། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པ།

 
སྤྱི་ལོ་༢༠༡༦ཟླ་དགུ་པའི་ཚེས་ཉི་ཤུ་ལྔའི་ཉིན་ཨོ་སི་ཐྲི་ལི་ཡའི་སིད་ནི་བོད་མིའི་འདུས་སྡོད་ས་ཁུལ(Dee Why)་དུ། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པས་གོ་སྒྲིག་བྱས་པའི་འཛམ་གླིང་ཞི་བདེའི་འདུ་འཛོམས་ཟབ་རྒྱས་ཤིག་འཚོགས།

དེ་ཡང་། ཟླ་དགུ་པའི་སྤྱི་ཚེས་ཉེར་ལྔའི་ཕྱི་དྲོ། སིད་ནི་བོད་མིའི་གནས་ཡུལ་དུ་ཡོད་པའི་ཡེ་ཤུའི་ཆོས་ཁང་ཞིག་ཏུ་མཛད་སྒོ་ཚུགས་གནང་ཞིང་། མཛད་སྒོའི་ཐོག་ཚོགས་པ་དེའི་ཚོགས་གཙོ་བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་སྐུ་མགྲོན་དང་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲིའི་གཏམ་བཤད་གནང་ཞིང་། དེ་ཡང་ཁོང་གིས་དེང་གི་དུས་འདིར་འཛམ་གླིང་གི་ཆོས་ལུགས་ཚང་མ་ཕན་ཚུན་རྩི་བཀུར་དང་རྒྱུས་ལོན་ཐོག་མཉམ་དུ་འཛམ་གླིང་ཞི་བདེའི་ཆེད་གསོལ་སྨོན་གནང་རྒྱུ་གལ་ཆེན་ཡིན་པ་དང་། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པའི་ཚོགས་མི་དག་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་དུ་མཇལ་གཅར་སྐལ་བཟང་ཐོབ་སྐབས་སུའང་ཆོས་ལུགས་འདྲ་མིན་ཕན་ཚུན་ཐུན་མོང་གི་ནུས་པ་འདོན་སྤེལ་བྱས་སའི་འདུ་འཛོམས་སོགས་གོ་སྒྲིག་གནང་བ་ཧ་ཅང་གལ་ཆེན་ཡིན་པའི་ལེགས་གསོལ་དང་ལམ་སྟོན་ཐོབ་ཡོད་སྐོར་དང་། སྐབས་འདིའི་འདུ་འཛོམས་དེ་ཚོགས་ཐེངས་གསུམ་པ་ཆགས་ཀྱི་ཡོད་ཅེས་གསུངས་སོང་།

unnamedདེ་རྗེས་རིམ་པ་བཞིན་ཚོགས་ཐོག་ཏུ་ཕེབས་པའི་ཡེ་ཤུ་དང་། ཁ་ཆེ། ཧིན་དྷུ། སིཀ དེ་བཞིན་འཇར་པན་གྱི་ནང་པ་བཅས་ཀྱི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅུ་གྲངས་ཤིག་གིས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཡིག་ཐོག་གཏམ་བཤད་དང་། སོ་སོའི་ལུགས་སྲོལ་གཞིར་བཟུང་གིས་སྨོན་ལམ་སོགས་སྐྱོར་གནང་མཛད་མཐར། བོད་བརྒྱུད་ནང་བསྟན་པའི་ངོས་ནས་ངོ་ཕེབས་མཁན་པོ་དགེ་བཤེས་རྣམ་པས་ཚད་མེད་ཡོན་ཏན་སྐྱོར་གནང་ཞིང་། རྗེས་འབྲེལ་དུ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འགྲོ་བ་མིའི་ཐུན་མོང་གི་དད་འདུན་ཞེས་པའི་བརྗོད་གཞིའི་ཐོག་ནས་སྐབས་དོན་གཏམ་བཤད་བྱས། དེ་རྗེས་གཙོ་སྒྲུབ་ལས་ཁུངས་ཀྱི་ངོས་ནས་སྐུ་མགྲོན་དག་ལ་མེ་ཏོག་ལེགས་སྐྱེས་སུ་ཕུལ་རྗེས་གསོལ་དགོང་མོའི་ཚིགས་འདེགས་འབུལ་ཞུས་ཤིང་། དེར་ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སེར་ཤུལ་དཀོན་མཆོག་རིག་བཟང་གིས།

unnamed-1སྤྱིར་ཚོགས་པ་འདི་ཆབ་སྲིད་དང་མ་འབྲེལ་བའི་ཐོག་ནས་རྒྱ་བལ་སོགས་ཀྱི་བོད་པ་དག་གི་སློབ་གསོ་དང་འཚོ་བའི་ཐད་རོགས་པ་བྱེད་མཁན་གྱི་ཕྱི་རྒྱལ་བས་གཙོ་གཉེར་གནང་བཞིན་པའི་ཚོགས་པ་ཞིག་ཡིན་ན་ཡང་། སྐབས་སྔ་མ་ནས་བོད་པའི་གྲོགས་པོ་རྒྱུན་ལས་རྙིང་པ་ཁོང་ཚོའི་ངོས་ནས་ཀྱང་བོད་པ་མང་ཙམ་ཞིག་གིས་ཚོགས་པ་འདིའི་ནང་དུ་ལས་ཀ་བྱེད་ཐུབ་ན་འབྱུང་འགྱུར་ལས་དོན་མང་པོ་ཞིག་གི་ཐད་བོད་པ་རང་གིས་བྱེད་ཐུབ་ངེས་ཡིན་པར་མ་ཟད། གདེངས་སྤོབས་དང་འཇོན་ཐང་ཉམས་མྱོང་བཅས་བསྡུ་ལེན་ཐུབ་པའི་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པས་སྔར་ལས་མང་བ་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཚུལ་དང་། དེ་བཞིན་རྒྱ་གར་གྱི་བོད་ཁྱིམ་སློབ་གྲྭ་དང་ཏི་ལོ་ཕུག་སོགས་ཀྱིས་མཚོན་པའི་སློབ་གྲྭ་དང་དགོན་པ་ཁག་ལ་གང་ཐུབ་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད་པའི་སྐོར་དང་། ད་དུང་ཁོང་གིས་ལས་བྱེད་དག་རང་འདུན་པ་ཤ་སྟག་ཡིན་པར་མ་ཟད། རྒྱུན་གྱི་ལས་དོན་དང་འབྲེལ་བའི་འགྲོ་སོང་ཕྲན་ཚེགས་དག་ཀྱང་སྒེར་ངོས་ནས་གཏོང་གིན་ཡོད་པ་དང་། ལོ་རེ་བཞིན་ཚོགས་མིའི་ཚོགས་དངུལ་དང་ཞལ་འདེབས་དགོང་ཚོགས་སོགས་ཀྱི་ཡོང་བབས་ལོ་རེར་ཧིན་སྒོར་ས་ཡ་ཕྱེད་གཉིས་ཙམ་རྒྱ་གར་སོགས་སུ་གཏོང་བཞིན་ཡོད་པ་རེད་ཅེས་སོགས་ངོ་སྤྲོད་གནང་སོང་།

unnamed-2བོད་མི་མང་སྤྱི་ཟུར་ཁག་ཅིག་དང་ས་གནས་བོད་རིགས་མཐུན་ཚོགས་ཀྱིི་ཚོགས་གཙོ་དང་རྒྱུན་ལས། དེ་བཞིན་བོད་དང་ཧི་མ་ལ་ཡའི་མི་མང་། སིད་ནིའི་ས་ཁུལ་གཞན་ནས་ཕེབས་པའི་ཆོས་ལུགས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་དང་དད་ལྡན་པ་བཅས་ཁྱོན་མི་མང་བརྒྱ་ཕྲག་ལྷག་ཙམ་འདུ་འཛོམས་བྱུང་འདུག ཚོགས་ཐོག་ཏུ་ས་གནས་བོད་རིགས་དག་གིས་གཞས་སྣ་གཟིགས་འབུལ་དང་། ཞལ་འདེབས་འདུ་འགོད་སོགས་ཀྱི་ལས་འགུལ་ཡང་སྤེལ་སོང་།
ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པ་ནི་སྤྱི་ལོ་1968 ལོར་དབུ་བརྙེས་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱབ་སྐྱོར་དང་ཞབས་འདེགས་གནང་མཁན་གྱི་ཨོ་གླིང་གི་ཚོགས་པ་རྙིང་གྲས་ཤིག་ཡིན་པ་རེད།

འབྲེལ་བ་གནང་ཡུལ། བཀྲ་ཤིས་རྡོ་རྗེ། ཞལ་པར་ཨང་གྲངས། +61401917506

གསར་འགྱུར།

Post navigation

Previous Post: རྨི་ལམ་མིན། འཆར་སྣང་ཞིག་ཡིན།
Next Post: ཨ་རིའི་སྲིད་འཛིན་འདེམས་སྒོ་གོ་སླ་བར་བྱས་པ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme