Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གསལ་བཤད་ཀུན་བཟང་ལམ་སྟོན།

Posted on 2016-09-182016-09-18 By ཁ་བརྡ་ No Comments on གསལ་བཤད་ཀུན་བཟང་ལམ་སྟོན།

ཨེ་མ་ཧོ།

 
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཨ་བ་དྷི་ཏི་ཀུན་བཟང་དགོངས་པའི་བརྒྱུད།།
འཁོར་ལོ་ཚོགས་ཆེན་རིག་འཛིན་བརྡ་ཡི་བརྒྱུད།།
དབྱངས་གསལ་རིག་གཞུང་ཞལ་ནས་སྙན་དུ་བརྒྱུད།།
བརྒྱུད་གསུམ་བརྡ་སྤྲོད་རིག་པ་རྒྱལ་གྱུར་ཅིག།

དེ་ཡང་དབང་ལུང་ཁྲིད་རྒྱུན་བོད་སྐད་ཁོ་ན་དགོས་ཞེས་པ་དེ་ཡང་རྒྱ་གར་ལེགས་སྦྱར་ལས་བཀའ་དྲིན་ཅན་ལོ་ཙྰ་བས་བསྒྱུར་ཅིང་ལོ་པཎ་དག་གིས་ཞུས་དག་བགྱིས་ཏེ་དབང་ལུང་ཁྲིད་རྒྱུན་ལྡན་པས་གཏན་ལ་ཕབས་པ་ཤར་ཏག་ཡིན་པར་ལོ་རྒྱུས་ལ་གཟིགས་དང་གསལ་བོཤེས་ཐུབ། དཔེར་ན་རྒྱ་ནག་ལ་ལུང་རྒྱུན་དང་དབང་ཁྲིད་ཀྱི་སྲོལ་རྒྱུན་བོད་ཆོས་བཞིན་མེད་པར་གསལ་བོ་ཡིན་པ་ལ་འགའ་ཞིག་གི་ཟུར་ཟ་དང་སྒྲོ་བཀུར་ཚང་མ་གཞི་མེད་ནམ་མཁའ་སྟོང་པར་མདའ་འགྲེན་བཤད་པ་དང་གཅིག་མཚུངས་རེད། འུ་ཅག་བོད་ལ་བཀའ་གཏེར་བསྟན་བཅོས་ཇི་སྙེད་བཞུགས་པ་དེ་དག་བདག་ཅག་གི་བཀའ་དྲིན་ཅན་གྱི་ཚད་ལྡན་གྱི་རྩ་བའི་བླ་མ་རྣམ་གྱིས་ཐུགས་ཀྱི་དཔལ་བེའུ་ལ་དཀྱིལ། མགུལ་གྱི་བུམ་པ་ལས་ཁྲོལ། ལྗགས་ཀྱི་པདྨ་ལས་རྒྱུད་དེ་གནང་བ་ཤར་ཏག་རེད། ཁྱད་པར་སྔ་འགྱུར་རྙིང་མ་པ་ལ་གང་ཟག་སྙན་རྒྱུད་དང་གཏེར་སྟོན་བརྒྱ་རྩའི་ཟབ་གསང་ཐམས་ཅད་བོད་རང་གིས་སྐད་ཡིག་ཁོ་ན་ལས་ཡིག་རིགས་འདྲ་བཟོ་དང་སྐད་རིགས་གཞན་དུ་ལུང་རྒྱུན་ཡོད་ཆོག་པའི་ཞུང་རིགས་གང་ཡང་དབེན་པ་ལ་གློས་བུ་འགས་ཨུ་ཚུགས་དང་རང་བཟོ་མ་བྱས་ན་བཟང་།
དེ་བཞིན་དུ་ས་སྐྱ་དང་། བཀའ་བརྒྱུད། ཇོ་ནང་དང་ཨོ་རྒྱན་པ་དང་ཞི་བྱེད་དང་སྦྱོར་དྲུག་དང་བཀའ་གདམས་གསར་རྙིང་ལ་ཡང་ལུང་ཁྲིད་ཀྱི་རྒྱུན་ཉིད་རྒྱ་དབྱིན་ཧོར་སྐད་སོགས་མིན་པར་བོད་སྐད་ཁོ་ལ་ཡོད་པར་མངོན་སུམ་རེད།

རྒྱུ་མཚན་ཡང་ཚན་རིག་པས་གསར་དུ་འཚོ་བ་ལ་འགྱུར་ལྡོག་གཏོང་བའི་ནུས་པ་ཡོད་པ་སོགས་གསང་བ་མང་པོ་ཞིག་གསར་དུ་ཤེས་རྟོགས་བྱུང་བ་རེད་ཅེས་ངོ་མཚར་ཆེ་ཆེ་བྱེད་འདུག་ཀྱང་། དེ་ལྟ་ནའང་རང་རེ་དག་ལ་ལྟོས་ན་འདི་ནི་སྐད་ཆ་གསར་བ་ཞིག་ཅི་ཡང་མ་ཡིན་ཏེ། ལོ་ངོ་སྟོང་ཕྲག་གཅིག་ལྷག་གི་སྔོན་དུ་ཨོ་རྒྱན་སངས་རྒྱས་གཉིས་པས་བོད་གངས་ཅན་གྱི་ལྗོངས་འདིར་བར་དོ་དྲུག་དང་མན་ངག་ལྟ་ཕྲེང་གི་ཉམས་ལེན་སྤྱི་དང་། བྱེ་བྲག་མན་ངག་ལག་ཁྲིད་དང་བཅས་པ་ལས་དང་སྐལ་བ་ལྡན་པའི་གང་ཟག་གི་བགོ་སྐལ་དུ་བསྩལ་ཏེ་ཤིང་རྟའི་སྲོལ་ཆེན་པོ་ཞིག་ཕྱེས་ནས་བཟུང་། གྲུབ་མཐའ་རིས་མེད་ཀྱི་མཁས་པ་དང་གྲུབ་པའི་སྐྱེས་བུ་བརྒྱུད་མར་བྱུང་བ་རྣམས་ཀྱིས་ཟབ་ལ་ངོ་མཚར་ཆེ་བའི་གདམས་པ་མང་པོ་གནང་སྟེ་ད་ལྟའི་བར་ཉམས་ལེན་གྱི་བརྒྱུད་པ་མར་མ་ཆད་པར་བྱུང་བ་ཡིན་ཞིང་། ཁོང་རྣམས་ཀྱིས་ཟབ་ཆོས་དེ་དག་གི་འཆད་ཉན་གྱི་རྒྱུན་བསྐྱངས་པ་ཙམ་དུ་མ་ཟད་པར་མི་རབས་ནས་མི་རབས་བར་སྒོ་དུ་མ་ནས་ལག་ལེན་དངོས་ཀྱི་ཐོག་ནས་ཉམས་མྱོང་མང་པོ་བསགས་ཡོད་པས་ཕྱོགས་འདིར་རང་རང་རེ་རྣམས་གཞན་ལ་རེ་མི་དགོས་པ་ཞིག་ཡོད་ཅེས་བརྗོད་ཀྱང་མི་ཆོག་པ་གང་ཡང་མེད། དེ་ལྟ་ནའང་གངས་རིའི་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ཡུལ་ཁམས་འདི་གནའ་སྔ་མོ་ཞིག་ནས་འཛམ་གླིང་ལས་ལོགས་སུ་གར་བའི་ཚུལ་དུ་གནས་པས་མེས་པོ་ལོ་པན་བཀའ་དྲིན་ཅན་ཚོས་བཀའ་དྲིན་འདི་འཛམ་གླིང་གི་སྤྱི་ནོར་རེད།

ངས་བཤད་འདོད་པ་དེ་རྒྱ་དང་དབྱིན་རིགས་པ་བོད་སྐད་ཡིག་བྱང་ཆུབ་པ་བླ་བརྒྱུད་དམ་པས་རྗེས་སུ་བཟུང་བ་དབྱིན་ཇི་བ་ཞེ་ཆེན་བླ་མ་མུ་མཆོག་ལྟ་བུས་བོད་སྐད་ཐོག་ནས་ཁྲིད་ལུང་གིས་རྒྱུན་སྤེལ་ན་འོས་ཞིང་འཚམས་པ་རེད། དེ་བཞིན་དུ་རྒྱ་བླ་མ་བཀྲ་ཤིས་རྡོ་རྗེ་དང་ཟོག་པོའི་སྤྲུལ་སྐུ་བསྟན་འཛིན་རྡོ་རྗེ་ལྟ་བུའི་བོད་སྐད་ཡིག་ཐོག་ནས་རྒྱུད་འཛིན་སྤེལ་ན་སངས་རྒྱས་བསྟན་པ་འཛིན་སྐྱོང་སྤེལ་བ་རེད།

དེ་མིན་པར་དབྱིན་ཇི་དང་རྒྱ་སྐད་བསྒྱུར་ཟིན་པ་དག་ལ་ཁྲིད་རྒྱུན་མེད་པར་ཁོ་བོའི་དམ་བཅའ་དང་། ཚ་མས་དེ་ལྟར་འདོད་ན་བོད་ཡིག་འབད་བརྩོན་དང་ནང་པ་དང་རྡོ་རྗེ་ཐེག་པའི་སློབ་ཚོགས་ཡོངས་ན་གངས་ཅན་བོད་པའི་སྤྱི་སྐད་ཤེས་པའི་དགོས་པ་ཤིན་ཏུ་རྒྱ་ཆེའོ།།

དེ་མིན་རྒྱ་དང་དབྱིན་ཇི་བ་སློབ་མ་ས་ཡ་མང་པོ་ལ་སྐད་རིགས་གཞན་གྱིས་ཆོས་བཤད་ཡོད་ཀྱང་བོད་རང་གིས་སྐད་ཐོག་ནས་དབང་ལུང་དཔེ་ཁྲིད་བྱས་མེད་ན་རྒྱལ་བའི་བཀའ་ལ་རིས་ཆོད་དང་ཚོང་ལས་ཀྱི་འདི་འཛོམས་ཙམ་ལས་ཆོས་པ་ཡང་དག་དང་ཁྲིད་རྒྱུན་ཡང་དག་མེད་པར་ཤེས་དགོས།

འདི་ནི་གཞན་པ་སྒེར་མི་རེ་ཟུང་ལལ་ཟུར་ཟ་དང་མིག་སེར་དུ་བརྗོད་པ་མིན་པར་གངས་ཅན་ཕ་མེས་ཀྱི་གསང་གསུམ་ལ་ཆེ་ཆོས་ཤེས་པའི་སེངྒེའི་ངར་སྐད་ཉག་གཅིག་ལགས་སོ།།

དྲང་བདེན་རིགས་ལམ་རྒྱན་པའི་འབེལ་གཏམ་འདི།།
བསམ་མེད་བྱིས་པའི་སྙིང་ལ་ཕོག་ཀྱང་རུང་།།
བསྟན་སྲིད་ཡང་དག་འཛིན་པའི་ལམ་བཟང་ལ།།
བློ་ལྡན་གང་ཞིག་འཇུག་པ་ཅིས་མི་སྤྲོ།།

ཤྲྰི་ཨེ་མ་ཧོས་བདེན་གཏམ་དུ་ཕུལ་བར་དགེའོ།།

བསམ་ཚུལ།

Post navigation

Previous Post: གློག་བརྙན་ཁྲེལ་གཞུང་མེད་པའི་དགའ་རོགས་ལ་དགོངས་འཆར།
Next Post: བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སྐོར་གླེང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme