Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཐང་གའི་རི་མོ་ཞིག་གི་ཐད་ནས།

Posted on 2016-09-152016-09-15 By ཁ་བརྡ་ 14 Comments on ཐང་གའི་རི་མོ་ཞིག་གི་ཐད་ནས།

གཅན་བཟོད་རྒྱམ།

 
ཐང་གའི་བཟོ་དབྱིབས་རས་གཞིའི་སྟེང་དུ་དམར་དམག་བྲིས་འདུག ངན་སོང་། སྡུག་སོང་། ཕངས་སོང་། ཁྲོ་སོང་ཟེར། ཆོས་ལུགས་དད་མོས་ལ་གནོད་སོང་ཟེར་ན། བོད་མིའི་གོམས་གཤིས་གཏོར་སོང་། ཞེས་ཚིག་ངན་སྣ་ཚོགས་ཀྱི་ཆར་བབས་སོང་།
འོ་ན། མི་ལ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཤོབ་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རེད། སྟོན་པ་སངས་རྒྱས་ཐུགས་རྗེ་ཅན་དེ་རྫུན་གྱི་འཁོར་ལོ་སྐོར་མཁན་རེད། གཏད་རབས་བདུན་དང་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱང་སྟོན་པའི་རྫུན་རྐུབ་སྐྱོར་མཁན་རེད། བོད་ཀྱི་སྔ་མོའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ། མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་ལ་མངའ་བརྙེས་པ་ཚང་མ་ཡང་རྒྱ་གར་གྱི་རྫུན་གྱི་མཁན་པོ་དག་གི་རྗེས་སུ་གཡམ་རྒྱུགས་བྱེད་མཁན་རྐྱང་རེད་སོགས། གོ་ན་ཤ་འདར་བའི་སྐད་ཆ་དང་རྩོམ་ཡིག་དག་མཐོང་ན་མ་མཐོང་ཁུལ་དང་། གོ་ན་མ་གོ་ཁུལ་བྱས་ནས་འདུག་དོན་གང་ཡིན། ཅི་ཡང་ཟེར་རྒྱུས་ཕོངས་པ་ཡིན་ནམ། དྲི་བ་ཚ་བོ་མི་འདོད་པ་ཅི་ཡིན། འདྲི་རྒྱུས་ཕོངས་སོང་བ་ཡིན་ནམ།

unnamed-1དྲི་བ་འདོན་དགོས་ན་རང་རེ་བོད་གངས་ཅན་གྱི་ཆོས་རིག་གི་གཞུང་ཤིང་ནང་བསྟན་རིག་གནས་ལ་དམོན་མཁན་དག་ལ་དྲི་བ་ཕྲིས། བརྒལ་ལན་བྱོས། དགག་སྒྲུབ་ཀྱིས་ལ་ལན་ཚ་བོ་དང་དྲི་བ་ཚ་བོ་ཐོངས། དེས་ནི་རང་རེ་བོད་མི་རིགས་རིག་གནས་དང་བཅས་པར་གནོད་ངེས།
རས་གཞི་ཆུང་ཆུང་ཞིག་གི་ངོས་སུ་རི་མོ་འདི་འདྲ་ཞིག་བྲིས་པས་རང་རེའི་ཆོས་ལ་ཅི་ནོངས། རིག་གཞུང་ལ་ཅི་སྐྱོན། མི་རིགས་ལ་ཅི་གནོད།
སྲོལ་རྒྱུན་ཐང་གའི་བཟོ་ལུགས་དང་འགལ་སོང་ཟེར་ན། དེ་ནི་རྒྱུན་སྲོལ་ཞིག་ལས་ཕྱིའི་དབྱིབས་དང་ནང་གི་དོན་གང་ཞིག་གཙོ་བོར་འཛིན་ནམ། དབྱིབས་ནི་གཞན་ལས་དཔེ་བཤུས་པ་ཡིན་པས་ཅི་སྐྱོན། ནང་གི་དོན་ནི་འདི་ལྟ་བུ་གཏིང་ཟབ་ལ་བློ་སྤོབས་ཆེ་བས་ཅི་བཤད།
དེང་གི་སྒྱུ་རྩལ་པ་མང་པོས་ཆོས་ཀྱི་པོ་ཏི་སྣུམ་ལ་བསྔོས་ཏེ་ཟ་ཆོག་གི སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་དང་དབུ་རིས་ནང་དུ་འཇིག་རྟེན་འདིའི་བཙོག་པའི་ཆོས་ཐམས་ཅད་གང་འདོད་དུ་བྲིས་ཏེ་འཛམ་གླིང་ལ་འགྲེལ་ཅིང་སྟོན་པར་བྱེད་ཀི
ད་རུང་བོད་ཀྱི་ཐུན་མིན་སྒྱུ་རྩལ་ཡིན་ཟེར་ན། རས་གཞིའི་ངོས་སུ་དམར་དམག་བྲིས་པ་འདིས་དམིགས་བསལ་ཅི་ཉེས། གང་དང་འགལ། དམར་དམག་བྲིས་པས་ཡིན་ནམ། མཚོན་དོན་ཨེ་ཤེས། དོན་དག་གཅེར་བུར་མ་བཀྲལ་ན་མི་ཤེས་པ་རང་གི་ཉེས་པ་ནས་གཞན་ལ་དཀྲི་དོན་ཅི།

སྒྱུ་རྩལ་གྱི་ཐོན་དངོས་ཚང་མ་ཁྱོད་ཀྱི་ཆུ་བུར་མིག་གིས་གོར་གོར་མཐོང་ན་གོར་གོར་དང་ཟུར་གསུམ་མཐོང་ཟུར་གསུམ་ལས་གཞན་གྱི་མཚོན་དོན་མེད་ན། དེ་ལ་སྒྱུ་རྩལ་ཅི་ལ་ཟེར། དེ་ལྟར་ན་སྒྱུ་རྩལ་གྱིས་ཅི་བྱེད། གཡུག་ཞོག
སྟོན་པའི་དབུ་དང་དཔྲལ་པའི་མཛོད་སྤུའི་ནང་དུ་འདྲ་མིན་བྲིས་རུང་ན་ཐང་གའི་རས་གཞིའི་ངོས་སུ་དམར་དམག་ཅི་ལ་མི་ཆོག ཁྱད་པར་ཤོད་དང་། གཅིག་གིས་ཚིག་འགའ་བཤད་མ་ཐག་ཚང་མ་དེའི་རྗེས་སུ་འུར་ཆ་ལེར་འགྲོ་བ་ཅིས་ལན་ནམ།

བསམ་ཚུལ།

Post navigation

Previous Post: ཁྱེད་སྐུ་ཚེ་བསྲིང་དགོས།
Next Post: བོད་ཡིག་དར་བའི་སྨོན་ལམ་ཀུན་བཟང་ཞིང་གི་ཉི་མ་ཞེས་བྱ་བ།

Comments (14) on “ཐང་གའི་རི་མོ་ཞིག་གི་ཐད་ནས།”

  1. ཀླུ་སྨྱོན། says:
    2016-09-15 at 3:29 pm

    ཨོ་ལེ། ཡུམ་མི་བདེན་གི་ན།

  2. གཡག་རྒོད says:
    2016-09-15 at 4:51 pm

    ང་ནི་དམར་དམག་ཐང་གར་འབྲི་བ་ལས་ལྟ་ལོག་པ་སེང་རྡོར་ཐང་གར་བྲིས་བཞག་ན་བསམ་འཆར་མེད། དམར་དམག་གིས་གསོད་གཏུབ་བཅོམ་གསུམ་བྱས་བ་ལ་ཚད་ཅིག་མེད། འོན་ཀྱང་སེང་རྡོར་གྱིས་ལོ་རྒྱུས་ལ་དཔྱད་བསྡུར་ཞིག་བྱས་པ་ཙམ་རེད། ཁྱོད་ཅག་རྙིང་ཞེན་པ་དག་ཞེ་གཏིང་ནས་འཁོན་སེམས་ཡོད་ན་ཐོག་མར་དུང་དཀར་བློ་བཟང་འཕྲིན་ལས་དང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་སོགས་ལ་ཚ་འདྲི་བྱོས། དགག་སྒྲུབ་བྱོས། བརྒལ་ལན་གནང་དང་ཨ་མའི་བུ་ཡིན། དེ་མིན་ན་གཞོན་བློ་མ་སྨིན་པ་ཞིག་གིས་བརྐུ་འབྲི་བཤུ་འབྲི་བྱས་པའི་ཚིག་རྐང་ཀྱ་གེ་ཀྱོག་གེ་ཞིག་ལ་ཁ་གདང་མིག་ཅེར་རྒྱུ་ག་རེ་འདུག དྭ་ཕྲུག་འཁྱམ་པོ་ཁྱེད་ཚོ་ས་མཐའ་ནས་ཡང་མཐར་གཡུག་ཏེ་འདུག་སའི་གནས་དང་ཆགས་སའི་གཞིས་མེད་པར་གཏོང་མཁན་དེ་སེང་རྡོར་མ་རེད། ཁྱོད་ཚོའི་ཕ་རོ་མ་རོ་བཟའ་མཁན་གྱི་དམར་དམག་རེད། ལག་དམར་ཐང་གར་བྲིས་ན་དགའ་བསུ་བྱེད་མཁན་ཁྱེད་ཚོ། རིགས་ཞེན་གྱི་དྲན་པ་བོར་བའི་ཀླ་ཀློ་ཁྱོད་ཚོ། ཁྱོད་ཚོའི་མིག་ལམ་ན་དམར་ཐང་དེ་སྒྱུ་རྩལ་གྱི་ཁྱད་ཡོན་ཞིག་ཏུ་མཐོང་གི་ཡོད་ཚེ། ཁྱོད་ཚོ་མགྱོགས་པོར་མེས་རྒྱལ་གྱི་པང་དུ་ལོག་ན་ཏག་ཏག་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2016-09-15 at 11:04 pm

    ནང་པའི་གསང་སྔགས་དད་ལྡན་ཚོར། ཐང་རིས་འདིས་མི་གནོད་ན། འབྲི་མཁན་འདི་ཕ་མ་གཉིས་གདོང་གཉིས་བྲིས་པའི་ཕ་མ་གཉིས་འཁྲིག་པ་འྦྱོར་བཞིན་པའི་པར་ཞིག། གསང་ལམ་དུ་ངས་སྤེལ་དགོས། དེ་དུས་སུས་སུ་གནོད་པ་དེ་མཐོང་། དེའི་བར་ལ་སྨྲ་སྤྱོད་རང་དབང་དང་། དད་པ་ལོག་སྤྱོད་ཀྱིས་མིང་ངན་བཏགས་ནས། གཞན་གྱི་ཆོས་དང་། གྲུབ་མཐར་དམའ་འབེབས་བྱས་པས་ཚ་དམྱལ་འདི། མི་ཚེ་ད་ག་རང་མྱོང་ཐུབ་ངས་ཀྱང་བཟོ་ཐུབ་པ་འདུག་པས་་་་་་་་་་་་་་་ གཟབ་དགོས། བོད་རིགས་ཚོ། ་་་་་་་་་་ གཟབ་དགོས། དངུལ་གྱིས་མུ་གེས་ཕོངས་པའི་། བོད་རིགས་རྣམས་གཟབ་གཟབ་གྱིས་ཤིགུ། །།

  4. ཀརྡོ་རབ་འབྱམས་པ་ says:
    2016-09-15 at 11:05 pm

    འབྲི་མཁན་འདི་ཕ་མ་གཉིས་གདོང་གཉིས་བྲིས་པའི་ཕ་མ་གཉིས་འཁྲིག་པ་འྦྱོར་བཞིན་པའི་པར་ཞིག།
    འདི།
    འབྲི་མཁན་འདི་ཕ་མ་གཉིས་གདོང་གཉིས་བྲིས་པའི་ཕ་མ་གཉིས་འཁྲིག་པ་འཁྲིག་སྦྱོར་བྱེད་་བཞིན་པའི་པར་ཞིག།
    དག་ཞུས་བྱས།

  5. ཀརྡོ་རབ་འབྱམས་པ་ says:
    2016-09-15 at 11:06 pm

    ཚ་བ་མདའ་སྨྱུག་སོགས་ཀྱི་ཁ་སྒོ་བཙུམ་ན། རང་གཞན་གཉིས་ཀར་བདེ་བར་ཕན་པས་་་་་་

  6. ཀརྡོ་རབ་འབྱམས་པ་ says:
    2016-09-15 at 11:08 pm

    འདི་འབྲི་མཁན་དེ་ལ། དམར་དམག་དང་། བོད་ཀྱི་ནང་ཆོས་དད་མཁན་གཉིས་ཀའི་ཕྱོགས་ནས། འགྲམ་བཅག་གཟེད་ཡ་ལས་ཀ་དེ། དང་པོ་ཁྱོད་ཀྱིས་བརྩམས་པ་རེད་དོ།།

  7. ཀརྡོ་རབ་འབྱམས་པ་ says:
    2016-09-15 at 11:09 pm

    འདི་འབྲི་མཁན་སདིག་ཆེན་ཚེ་ཐུང་བར་ཤོག ཅེས་སྨོན་པར་མི་འོས་སམ། ལགས། དྲ་གྲོགས་ཚོ།

  8. ཁྲག says:
    2016-09-16 at 12:10 am

    ཁག་ཅི་ཡོད་་་འདི་གཙོ་བོ་སྤྱི་ཚོགས་ལ་ཁ་གཏད་ཙང་མང་ཚོགས་ཀྱི་བསམ་པའི་རང་དབང་དང་དད་མོས་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་རེད། ཅིག་ཤེས་མདོག་མ་སྟོན་་དེ་ལས་རིག་གནས་ཞིབ་འཇུག་གི་ཕྱོགས་ནས་སྐད་ཆ་རེ་བཤད་ན་་་དོན་སྙིང་ཡོད་པ་རེད།་་་་་

  9. ལོ་ཡག says:
    2016-09-16 at 6:22 am

    I totally agree with གཡག་རྒོད ་ལགས་ཀྱི་ comment. According to historians, Mao and his armies killed more than 70000000 Han people and has been considered that Mao is the killer number one on this planet.

    We also know that he murdered one million Tibetans and distroyed six-thousand monasteries some of them by using bombs. bombs

    It is can’t digest that this Tibetan who paints Mao on Thanga and a little bird praises it.

    (forgive me once, I forgot laptop at home and there is no Tibetan font in cell phone,sorry)

  10. ལོ་ཡག says:
    2016-09-17 at 11:38 pm

    གསོང་བོར་བརྗོད་ན། ཐང་ག་དེ་དག་འབྲི་བ་བོ་དང་། རྩོམ་ཡིག་འདི་འབྲི་བ་བོ་གཉི་ག་རྩ་མི་ཚང་བའི་བོད་མི་རེད།

  11. གཅན བཟོད་རྒྱམ། says:
    2016-09-19 at 5:20 am

    ཁྱོད་ཚོས་ཞེན་ཁོག་ཡོད་མདོག་འདྲ་བཤད་པ་ལས་གཞན་རྒྱུ་མཚན་དང་དོན་དངོས་ཅང་བཤད་ཤེས་ས་མ་རེད་པ། སྒྱུ་རྩལ་གྱི་སྦས་དོན་དང་རི་མོ་དང་རྩོམ་ཡིག་གི་གབ་དོན།

    རྒྱ་ནག་དང་དམར་དམག་ཟེར་དུས་སྙིང་ན་མདོག་སྟོན་གི་འདུག་མོད། གང་ཤེས། གུང་ཁྲན་གྱི་འོག་ཏུ་མི་འགྲོ་ཟེར་ནུས་མཁན་མིན་འདོད་ཀི
    ནུས་ན་གུང་ཁྲན་ལ་ངོ་རྒོལ་རི་མོ་དང་རྩོམ་ཡིག་ཕྲིས། སྐྱག་ཁ་བཙུམས་བསྡད་ནས་ཅི་བྱེད།
    གཞན་གྱི་བྱས་པར་ངན་དམོད་བྱས་ནས་ཅི་བྱེད།

    གོང་གི་བསམ་ཚུལ་གྱི་དོན་དག་ལ་བདེན་ངོས་ལན་ཕྲིས། ཨོ་ཡ། དེ་ཙམ་བྱོས་ལོ། །

  12. གཅན བཟོད་རྒྱམ། says:
    2016-09-19 at 5:24 am

    གཡག་རྒོད་ཡིན་ན་ཁྱོད། སང་རྡོར་གྱིས་ལོ་རྒྱུས་ལ་དཔྱད་བསྡུར་བྱས་པ་ཙམ་རེད་ཡེ། ཡ་མཚན། ཁྱོས་སང་རྡོར་གྱིས་གཏམ་བཤད་ཡིན་མདོག་གིས་རྒྱག་གཏམ་དེ་ཚོར་ཉན་ཡོད་དམ། དཔྱད་བསྡུར་ཡེ། ཁྱོས་ཤེས་ཡོད་ཀི དཔྱད་བསྡུར་ཟེར་བ་དེ་འདྲ་ཡིན་ན། གྷང་ག་འབྲི་མཁན་འདིས་ཀྱང་བོད་ཀྱི་མགོ་ཐོག་ལ་སྡུག་གཏོང་མཁན་དེ་དྲན་གསོ་བྱས་བ་ཙམ་རེད་ཡ། མ་གཞི་ངས་ཐང་ག་འདི་འབྲི་མཁན་ལ་བསམ་ནས་ཐང་ག་འདི་ག་འགྲེལ་བཤད་བྱེད་མི་འདོད།

  13. གཅན བཟོད་རྒྱམ། says:
    2016-09-19 at 5:27 am

    མ་གཞི་ཁྱོད་ཚོས་རིག་གནས་གསར་བརྗེའི་ནང་དོན་དང་དེའི་ལས་དོན་ཅི་བྱས་སོགས་ཀྱི་སྐོར་ཅང་ར་ཤེས་གི་མེད་པ་འདྲ། དེ་མིན་ཐང་ག་འདི་ལ་བལྟས་མ་ཐག་ནས་དེའི་དོན་དག་ཅུང་ཙམ་གོ་ན་ལོས་ཆོག་མོད། ད་རུང་ཞེན་ཁོག་ཡོད་མདག་གིས་ཅ་ཅོ་སྒྲོག་གིན་འདུག

  14. ཀརྡོ་རབ་འབྱམས་པ་ says:
    2016-09-19 at 6:41 am

    ཨོམ་དེ། ཡོམ་མ་གཏོགས་འབྲི་མ་ཤེས་པ་འདིས་ཀྱང་རང་མཚང་ཡག་པོ་བསྟནད་འདུག ལགས། མི་འདུག་གམ། ལགས།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme