Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་སྐད་ཡིག་གི་རིན་ཐང་འཚོལ་དགོས།

Posted on 2016-09-142016-09-14 By ཁ་བརྡ་ No Comments on བོད་སྐད་ཡིག་གི་རིན་ཐང་འཚོལ་དགོས།

ཞོགས་རླུང་། འཇམ་དབྱངས་དབང་འདུས།

 
སྤྱིར་འཛམ་བུ་གླིང་གི་སྐད་དང་ཡི་གེ་གང་འདྲ་ཞིག་ཡིན་རུང་གང་གི་རིན་ཐང་མཐོང་དགོས་པ་ནི་གནད་ཅིག་ཏུ་མཐོང་། གང་གི་རིན་ཐང་དང་ཕན་གནོད་གྱི་རང་བཞིན་རྟོགས་ཚེ། ད་གཟོད་གཞི་ནས་སྦྱོང་འདོོད་ཀྱི་སེམས་ཁམས་ཆེ་རུ་འགྲོ་ངེས་རེད། དེ་བས། གང་ལ་སྦྱོང་འདོོད་ཀྱི་སེམས་ཁམས་ཆེ་བོ་ཞིག་ཡོད་ཚེ། ད་གཟོད་ཡར་རྒྱས་ཀྱི་རྟ་ཕོ་རླུང་ལྟར་ཁྱོད་ཀྱི་མིག་མདུན་དུ་རྒྱུགས་ཡོང་བ་ནི་སུས་ཀྱང་འགོོག་ཐབས་བྲལ་བ་ཞིག་རེད། དེ་བཞིན་དུ། འུ་ཚང་གི་སྐད་དང་ཡི་གེའི་རིན་ཐང་འུ་ཚོས་མཐོང་དགོས་ཤིང་། བོད་སྐད་དང་ཡི་གེའི་རིན་ཐང་མཐོང་དགོས་པ་ནི་འུ་ཚོའི་ཕྲག་ཏུ་ལྷུང་བའི་བཅོས་མིན་གྱི་འགན་འཁྲི་ཞིག་ཅི་ལ་མིན།
འོན་ཏེ། གཞིས་སུ་སྐྱེས་པའི་འུ་ཚང་གི་གཞོན་པ་དང་གཞོན་མ་མང་དག་ཅིག་གི་སེམས་ཁམས་སུ་བོད་ཡིག་ནི་ཆེས་ཉོབ་སྣང་ཅན་གྱི་སློབ་ཚན་ཞིག་ཏུ་མཐོང་དང་མཐོང་བཞིན་མཆིས་པ་ནི་བོད་ཡིག་གི་རིན་ཐང་རྟོགས་མ་ཐུབ་པའི་རྐྱེན་གྱིས་རེད། ཕྱོགས་གཞན་ཞིག་ནས་གླེང་ན་ཁོང་ཚོ་མ་དག་ཅིག་གི་སེམས་ཁམས་སུ་བོད་ཡིག་ལ་བརྩེ་དུང་མེད་འདུག་ལ་བོད་ཡིག་སྦྱོང་འདོད་ཀྱི་སེམས་ཁམས་ཀྱང་དེ་བས་མི་འདུག དེས་གཞིས་སུ་ཡོད་པའི་དགེ་རྒན་དང་ཕ་མ་དག་གི་བློ་གསོ་ཡི་ཕམ་ཁ་ཞིག་སྟོན་གྱིན་ཡོད་མོད། འོན་ཀྱང་། གཞི་རུ་གནས་པའི་ན་གཞོན་མང་དག་ཅིག་ད་དུང་ཕམ་ཁའི་བློ་གསོ་ལས་རྣམ་པར་རྒྱལ་འཐུབ་གྱིན་མེད་པ་ནི་དོན་དམ་པ་གནད་དོན་ཅི་འདྲ་ཞིག་ལ་ཐོགས་པ་རེད་དམ།

ང་ཚོས་རྒྱ་ཆེན་པོ་ཞིག་འཆད་མི་དགོས་ཏེ། དེ་དག་ནི་དོན་དམ་གྱི་བློ་གསོ་དང་བཅོས་མིན་གྱི་བརྩེ་དུང་དེ་བཞིན་ཞེན་ཁོག་གི་སྙིང་སྟོབས་མེད་སོང་ནི་རེད། གོང་དུ་གསལ་བར་ལྟར། འུ་ཚང་གི་སྤྱི་ཚོགས་སུ་དོན་དམ་གྱི་སློབ་གསོ་དང་བཅོས་མིན་གྱི་བརྩེ་དུང་དེ་བཞིན་ཞེན་ཁོག་གི་སྙིང་སྟོབས་དེ་དག་གི་ཐད་ལ་ཅུང་ཡག་པོ་མེད་པའི་ཚུལ་དུ་གནས་ཡོད་པས། དུས་དེང་སང་གི་བོད་པའི་ན་གཞོན་ང་དང་ཁྱོད་འདྲ་བའི་སེམས་ཁམས་སུ་བོད་ཡིག་གི་རིན་ཐང་རྟོགས་྄ཐབས་ཀྱི་ཐབས་ལམ་ཅི་འདྲ་ཞིག་ དགོས་ཀྱི་རེད་དམ། དེ་བས་ཐབས་ལམ་གསར་པ་ཞིག་ཇི་ལྟར་བསྐྲུན་དགོས་ཀྱི་རེད་དམ། འདྲི་ཚིག་དེ་དག་ནི་ན་གཞོན་དག་ལ་མཚོན་ན་གལ་གནད་ཅན་གྱི་འདྲི་ཚིག་ཞིག་མ་ཡིན་དམ།

རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་རིན་ཐང་ལྟ་ཚུལ་གྱི་ཐད་ལ་འུ་ཚང་གི་སྤྱི་ཚོགས་སུ་རྒན་གཞོན་བར་གསུམ་མང་དག་ཅིག་གི་སེམས་པའི་གཏིང་རུམ་དུ་ཡིད་སྐྱོ་དགོས་པའི་ལྟ་ཚུལ་ཞིག་འཛིན་བཞིན་མཆིས་པ་ནི་”བོད་ཡིག་འབྲི་ཀློག་ཤེས་ཙམ་འབྱུང་ན་འགྲིག” ཅེས་པའི་ལྟ་ཚུལ་དེ་རེད། འུ་ཚང་གི་སྤྱི་ཚོགས་སུ་དེ་ལྟ་བུར་ལྟ་ཚུལ་ཞིག་བྱུང་དང་འབྱུང་བཞིན་ཡོད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་འུ་ཚང་གི་སྤྱི་ཚོགས་སུ་བོད་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་ཀྱི་སློབ་གསོ་ཞན་པའི་རྐྱེན་གྱིས་རེད། དེ་མ་ཟད་འུ་ཚང་གི་སྤྱི་ཚོགས་སུ་རང་མི་རིགས་ཀྱི་སྐད་དང་ཡིག་ལ་བརྩེ་དུང་དང་ལ་རྒྱ་ཟབ་བའི་པཎ་ཆེན་རིན་པོ་ཆེན་མཆོག་ལྟ་བུར་མི་བུ་ཉུང་བའི་དབང་གིས་རེད། དུས་དེང་སང་ང་ཚོ་ལ་ཆེས་དགོས་མཁོ་ཆེ་བ་ནི་ཁོང་ལྟ་བུའི་མི་བུ་དག་གིས་རང་མི་རིགས་ཀྱི་སྲོག་དང་འདྲ་བའི་སྐད་དང་ཡི་གེར་བཅངས་པའི་བརྩེ་དུང་ཟབ་མོ་འདི་མ་ཡིན་ནམ། འཆི་གསོན་གྱི་བར་ལ་གནས་པའི་རང་མི་རིགས་ཀྱི་སྐད་ཡིག་ལ་བཅོས་མིན་གྱི་བརྩེ་དུང་ཟབ་མོ་ཞིག་དང་སྲུང་སྐྱོབ་ཀྱི་སྙིང་སྟོབས་མཁྲེགས་པོ་ཞིག་མངའ་ཚེ། ད་གཟོད་ང་ཚོས་བསམ་བློ་གསར་བ། སྙིང་སྟོབས་གསར་བ། ཕུགས་མདུན་གསར་བ་ཞིག་དང་མདུན་བསྐྱོད་ཀྱི་སྤོབས་པ་གསར་བ་ཞིག་འུ་ཚང་གི་སྤྱི་ཚོགས་སུ་འཇོག་མི་ཐུབ་པ་ག་ལ་སྲིད།

བཤད་སྲོལ་ཞིག་ལ་”སྐད་ཡིག་ནི་མི་རིགས་ཤིག་གི་བླ་སྲོག” རེད་ཅེས་འུ་ཚོས་མང་པོ་མང་པོ་ཞིག་བཤད་དང་འཆད་བཞིན་ཡོད་མོད། འོན་ཀྱང་། དོན་དངོས་ཐོག་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཉིན་རེའི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་བཀོད་སྤྱོད་བྱེད་མཁན་དང་རང་ཉིད་ཀྱི་སྲོག་ལྟར་གཅེས་འཛིན་བྱེད་མཁན་གྱི་མི་བུ་ག་ཚོད་ཅིག་ཡོད་དམ། ད་དུང་རང་མི་རིགས་ཀྱི་སྐད་ཡིག་གི་སླད་དུ་རང་ཉིད་ཀྱི་སྲོག་ཀྱང་འབེན་དུ་འཇོག་ཕོད་པའི་དཔའ་བོ་དང་དཔའ་མོ་ག་ཚོད་ཡོད་དམ། དབྱིན་ཡིག་ལས་ལྷག་པའི་རང་ཉིད་ཀྱི་ཤ་དང་རུས་པའི་གསེང་དུ་འཐིམ་པའི་བོད་སྐད་ཡིག་སྦྱོང་མཁན་གྱི་སློབ་གཉེར་བ་ག་ཚོད་ཡོད་དམ། འདྲི་ཚིག་དེ་དག་འུ་ཚང་གི་རྒས་གཞོན་བར་གསུམ་གྱི་སེམས་ཀྱི་གཏིམ་རུམ་དུ་བཅུག་སྟེ་རད་ཉིད་ལ་དབང་བའི་སྐད་ཡིག་ལ་དོ་སྣང་ཇེ་ཆེ་ནས་ཇེ་ཆེ་གཏོང་དགོས་པ་ནི་གནད་དུ་མཆིས་པའི་ལས་ཀ་ཞིག་ཅི་ལ་མིན།

2016 9 13

(རྒྱང་མིག་གིས་བརྒྱུད་སྤྲོད་བྱས།)

རྩོམ་རིག

Post navigation

Previous Post: དབང་ལུང་ཁྲིད་རྒྱུན་ནི་བོད་ཀྱི་སྐད་ཡིག་རྐྱང་པ་ལ་དབང་ཆ་ཡོད་དགོས་འདུག
Next Post: ༸གོང་ས་མཆོག་གིས་པེ་རི་སིའི་ནང་བོད་རིགས་ཚོར་བཀའ་སློབ་སྩལ་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme