Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ།

Posted on 2016-09-092016-09-09 By ཁ་བརྡ་ 6 Comments on རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་བ།

འདི་གའི་ཆེད་གཉེར་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་སྦར་སེལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༨ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དུ་རྒྱལ་སྤྱིའི་བོད་དོོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་ཡོད། དེ་ཡང་ཚོགས་ཆེན་དབུ་འབྱེད་ཀྱི་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ Mr. Thomas Mann མཆོག་དང་།
2016-09-08-belgium-g13-hhdlbrussels_042__mle2932-1ཡུ་རོབ་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་ཚན་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧེན་རི་མ་ལོ་སི་ Mr. Henri Malosse མཆོག ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཞོན་དང་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཀི་རིསི་ཤ་ཊེན་ཌེན་པེ་རེ་ཌ་ Cristian Dan Preda མཆོག ཕི་ལེ་མིཤ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇན་པེའུ་མན་སི་ Jan Peumans, Speaker of the Flemish Parliament མཆོག ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཆ་ཌི་གི་ཡར་ Mr Richard Gere ལགས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་བཅས་ལྷན་འཛོམས་ཀྱིས་ཐོག་མར་སྐུ་ཞབས་ཐོ་མ་སི་མན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་སྐབས་ཚོགས་འདུ་འདི་ནི་བོད་དོན་རྒྱབ་སྐྱོར་བ་ཚོར་བོད་ཀྱི་གནད་དོན་ཐོག་གོ་བསྡུར་སྦྱངས་བཤད་བྱེད་སའི་སྡིངས་ཆ་ཡག་ཤོས་ཞིག་དང་། རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད་ཅེས་སོགས་གསུངས་ཡོད།

2016-09-08སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐེངས་འདིའི་ཚོགས་འདུའི་ནང་རྒན་གཞོན་དར་གསུམ་ཚང་འདུག་སྟབས། ཉིན་གསུམ་གྱི་རིང་རྒན་པའི་རྣམ་དཔྱོད་དང་། གཞོན་པའི་སེམས་ངར་མཉམ་སྡེབས་ཀྱི་ཐོག་ནས་ཚོགས་འདུ་དོན་དང་ལྡན་པ་ཞིག་ཡོང་བའི་ཐོག་ནས་ལོ་ངོ་བཅུ་ཕྲག་དྲུག་ལྷག་རིང་རྒྱ་ནག་གཞུང་གི་གདུག་རྩུབ་འོག་གནས་པའི་བོད་མིའིི་མངོན་འདོད་དང་རེ་བ་སྐོང་ཐུབ་པའི་འདུན་པ་བྱེད་ཀྱི་ཡོད་ཅེས་དང་། ད་ལན་རྒྱལ་ཁབ་ཁག་ ༥༠ ནས་བཅར་བའི་བོད་དོན་རྒྱབ་སྐྱོར་བ་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་དེ་ཞི་བའི་གྲོས་མོལ་གྱི་ལམ་ནས་སེལ་དགོས་པའི་དུས་ལ་བབ་ཡོད་པའི་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པ་རེད་ཅེས་དང་། དེ་བཞིན་བོད་ནང་རང་ལུས་མེར་སྲེག་གིས་མཚོན་ཛ་དྲག་གནས་སྟངས་སྤྱིའི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། དབུ་མའི་ལམ་ནི་ཡང་དག་པའི་སྲིད་བྱུས་ཞིག་ཡིན་པ་དང་། ང་ཚོས་སྲིད་བྱུས་འདི་ལམ་ལྷོང་ཡོང་ཐབས་སུ་གོ་བསྡུར་སྦྱངས་བཤད་གནང་དགོས་སྐོར་སོགས་གསུངས་ཡོད།

2016-09-08-belgium-g1དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མགོན་པོ་གང་ཉིད་མཆོག་གི་སྐུའི་རླབས་ཆེན་གྱི་མཛད་འཁུར་གཙོ་བོ་གསུམ་གྱི་སྐོར་ངོ་སྤྲོད་དང་། དེའི་ཐོག་ཚང་མས་ཐུགས་འཁུར་བཞེས་དགོས་པ་དང་། བོད་ཀྱི་ཆབ་སྲིད་མང་གཙོའི་ལམ་ལུགས་ཐོག་འགྱུར་ཐབས་གནང་བའི་བརྒྱུད་རིམ། ཕྱི་ལོ་ ༢༠༡༡ ལོར་མགོན་པོ་གང་ཉིད་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་ནས་ད་ཆ་བོད་མིའི་སྒྲིག་འཛུགས་འདི་མང་གཙོའི་ལམ་བཟང་ཐོག་ཤར་བསྐྱོད་བྱེད་བཞིན་ཡོད་ཅེས་དང་། དེ་བཞིན་བོད་ཀྱི་ཁོར་ཡུག་དང་རིག་གཞུང་ནི་བོད་མི་ཙམ་མ་ཟད། འཛམ་གླིང་སྤྱི་ལ་ཕན་པའི་ནུས་པ་ཡོད་སྟབས། ཆོས་ཁས་ལེན་མིན་ལ་མ་ལྟོས་པར་ཚང་མས་དེ་དག་སྲུང་སྐྱོབ་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་སློབ་སྩལ་ཡོད་པ་མ་ཟད། བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ཐབས་རྩོད་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཅིག་ཕམ་གཅིག་རྒྱལ་ལྟ་བུ་མ་ཡིན་པར་གཉིས་སྨན་གྱི་སྲིད་བྱུས་ཞིག་ཡིན་པར་བརྟེན། ཚོགས་བཅར་བ་རྒྱ་རིགས་ཚོའི་ངོས་ནས་རྒྱ་མི་རིགས་ཤེས་ཡོན་ཅན་དང་། མང་ཚོགས་ཁྲོད་གོ་རྟོགས་སྤེལ་དགོས་་སྐོར་དང་། གཞུང་འཕོ་འགྱུར་འགྲོ་རྒྱུ་ཡིན་མོད་ཀྱང་། རྒྱ་ནག་མི་མང་ནི་དུས་རྟག་ཏུ་གནས་རྒྱུ་ཡིན་སྟབས་མང་ཚོགས་ནས་ཤེས་དགོས་རྒྱུ་གལ་ཆེན་པོ་ཡིན།ཞེས་སོགས་ཀྱི་བཀའ་སློབ་ཕེབས་ཡོད། མཐར་༸གོང་ས་མཆོག་གིས་ཚོགས་བཅར་བ་ཚོར་འདི་གར་བོད་དོན་ཐོག་གདུང་སེམས་མཉམ་སྐྱེ་ཐོག་བཅར་བར་བསྔགས་བརྗོད་མཛད་སོང་།

སྤྱིར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐོག་འཛམ་གླིང་རྒྱབ་ཁབ་ཁག་ ༥༠ ནས་ཚོགས་བཅར་བ་ཁྱོན་མི་གྲངས་ ༢༥༠ ཚོགས་བཅར་གྱིས་བོད་ཀྱི་ཁོར་ཡུག་དང་། ཆབ་སྲིད་གནས་བབ། བོད་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས། རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུགས་དང་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་ཐོག་ལ་གསུམ་བཤད་སོགས་ཀྱི་ལས་རིམ་ཡོད་པ་བཅས།།

གསར་འགྱུར།

Post navigation

Previous Post: བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་བཅར་འདྲི།
Next Post: ཁྲིམས་གླེང་དྲ་ཚིགས་ཤར་གཏོང་བྱས་ཡོད་པ།

Comments (6) on “རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ།”

  1. ཀརྡོ་རབ་འབྱམས་པ་ says:
    2016-09-09 at 11:13 am

    ་་་་་་་་་་་ བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ཐབས་རྩོད་བྱེད་བཞིན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ནི་གཅིག་ཕམ་གཅིག་རྒྱལ་ལྟ་བུ་མ་ཡིན་པར་གཉིས་སྨན་གྱི་སྲིད་བྱུས་ཞིག་ཡིན་པར་བརྟེན། ཚོགས་བཅར་བ་རྒྱ་རིགས་ཚོའི་ངོས་ནས་རྒྱ་མི་རིགས་ཤེས་ཡོན་ཅན་དང་། མང་ཚོགས་ཁྲོད་གོ་རྟོགས་སྤེལ་དགོས་་་་་་་་་་

  2. ནུབ་ཕྱོགས་གངས་ཕྲུག says:
    2016-09-09 at 1:28 pm

    དབུ་མའི་ལམ་དེ་ད་དུང་། རྒྱ་ནག་གཞུང་གིས་ཁས་མི་ལེན་པ་ག་རེ་ཡིན་ནམ། རྒྱ་ནག་གཞུང་གིས་བོད་དེ་མིང་མེད་པ་བརྩིས་ཡིན་ས་རེད། རྒྱ་ནག་གི་བོད་དང་ཤིན་ཅང་ཙམ་མ་ཡིན་པར་ཨཕ་རི་ཀ་དང་། དེ་མིན་གླིང་ཆེན་ཚང་མ་རིམ་བཞིན་རྒྱ་ནག་གིས་དབང་བསྒྱུར་བྱེད་རྩིས་ཡིན་ས་རེད། དེ་ཡང་མི་གྲངས་གིིས་ཆ་དང་དཔལ་འབྱོར། རིག་གཞུང་བཅས་རིམ་བཞིན་བསྒྱུར་རྩིས་བྱེད་ཀྱི་ཡོད་པ་ཚོད་དཔག་བྱེད་བཞིན་འདུག

  3. གུ་རུ says:
    2016-09-09 at 6:46 pm

    རྒྱ་ནག་ལ་དམིགས་ཡུལ་གཅིག་ལས་མེད། བོད་རྩ་མེད་བཟོ་རྒྱུ་དེ་རེད། མན་ཇུ་དང་། ནང་སོག་ལྟར། རྒྱ་ནག་ལ་རེ་བ་དང་ཡིད་ཆེས་བྱེད་མཁན་ཡོད་ན། དེ་ནི་རྩ་མ་ཚང་བ་ཞིག་རེད།

  4. ཨ་འབར་འཇིགས་དབང་། says:
    2016-09-10 at 7:52 pm

    ༅༅། རྒྱ་ནག་དམར་གཞུང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཁས་ལེན་མ་བྱེད་པའི་རྒྱུ་མཚན་ག་རེད། ག་དུས་ཡིན་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རང་བཙན་དྲེས་འདུག་ཅེས་ལོ་ནས་ལོ་བསྟུད་ནས་བཤད་ཀྱི་ཡོད། ནམ་དོགས་ཤ་སྟག་བཤད་ཏེ་བོད་སྐོར་ལ་ཡངདག་པའི་བསམ་བློ་ཞིག་མ་གཏོང་ན་་་ནམ་ཞིག་རི་འགུལ་ནས་ལག་པས་བཟུང་རྒྱུ་མེད་པ་ཆགས་ན་བོད་རྒྱ་གཉིས་ཀར་ལ་འགྱོང་རྒུད་ཆེན་པོ་འཕྲད་ཉེན་ཆེ།
    དབུ་མའི་ལམ་གྱི་སྲིད་བྱུས་འདི་རང་རྒྱལ། གཞན་ཕམ། གཅིག་ཕྱུག་ གཅིག་སྤྲང་མ་ཡིན་པ། གཅིག་སྐྱིད། གཅིག་སྡུག་མ་ཡིན་པ། གཅིག་འཛིན། གཅིག་བཏང་མ་ཡིན་པ། ཕན་ཚུན་གཉིས་ཀར་ལ་ཕན་མཁན། གཅིག་ཕན་གཅིག་གྲོགས་། དངོས་གནས་དྲང་བདེན་གྱི་སྲིད་བྱུས་འདི་༧གོང་ས་སྐྱབས་མགོན་ཆེན་པོས་སྐུ་ལས་སྐྱོན་གནང་ནས་མང་ཚོགས་ནས་བརྒྱ་ཆ་དགུ་བཅུ་བརྒལ་བའི་རྒྱབ་སྐྱོར་གནང་བ་ཞིག་རེད།འཛམ་གླིང་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་གནང་གི་ཡོད་པ་རེད།
    གལ་སྲིད་ནམ་ཡང་རྒྱ་ནག་གཞུང་ནས་དོགས་པ་ཡོད་ན་འཛམ་གླིང་རྒྱལ་ཁབ་གཉིས་གསུམ་ཞིག་ཡོད་པའི་ཚོགས་ཆུང་བཟོས་ཏེ་་ཉམ་ཞིབ་མཐིལ་ཕྱིན་པ་བྱེད་དེ་བོད་རྒྱ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་པའི་རྫ་དྲག་གི་དུས་ལ་བབས་འདུག་ དེ་འདྲ་གཞུང་ནས་བསམ་བློ་གཏོང་ན་་་རྒྱ་ནག་གཞུང་ལ་གི་མཐོང་ཆེན་པོ་རག་གི་རེད་སྙམ།

  5. ཀརྡོ་རབ་འབྱམས་པ་ says:
    2016-09-10 at 11:25 pm

    ་་་་་་་་་ བོད་རྒྱ་གཉིས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་པའི་རྫ་དྲག་གི་དུས་ལ་བབས་འདུག་ དེ་འདྲ་གཞུང་ནས་བསམ་བློ་གཏོང་ན་་་རྒྱ་ནག་གཞུང་ལ་གི་མཐོང་ཆེན་པོ་རག་གི་རེད་སྙམ། ་་་་་་་་་

  6. ཀརྡོ་རབ་འབྱམས་པ་ says:
    2016-09-12 at 4:58 am

    ཟམ་གདོང་བླ་མས་བོད་དོན་སྐོར་ཧིན་སྐ་དུ་གསུངས་པ།
    https://www.youtube.com/watch?v=lIg2fv7g3gg

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme