Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་བཅར་འདྲི།

Posted on 2016-09-092016-09-09 By ཁ་བརྡ་ 19 Comments on བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་བཅར་འདྲི།

བཅར་འདྲི།

Post navigation

Previous Post: ཐ་སྙད་གསར་དཀྲོལ།
Next Post: རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བདུན་པ།

Comments (19) on “བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་སྐོར་བཅར་འདྲི།”

  1. རང་བཙན་བུ། says:
    2016-09-09 at 1:39 am

    ད་ལྟའི་ང་ཚོའི་དབུ་ཁྲིད་ཚོ་འགྲོ་སོང་བཏང་ནས་ཡར་ཕེབས་པ་ཡིན་པས། ཡར་ཕེབས་ཚར་དུས་འགྲོ་སོང་གཏོང་མཁན་ཚོའི་ཐུགས་འདོད་སྒྲུབ་དགོས་ཀྱི་ཡོད་པ་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2016-09-09 at 2:18 am

    སྦར་སིལ་བོད་དོན་ཚོགས་འདུ།
    https://www.facebook.com/tenzin.jangchup1/videos/1414937408521924/?hc_ref=NEWSFEED

  3. ཅོ་རི་ཉི་མ། says:
    2016-09-09 at 8:45 am

    ཟམ་གདོང་བླ་མས་་་་ཡང་དག་པའི་དམངས་གཙོ་ཡི་དོན་དག་ངོ་མ་འདྲ་དེ། རྒྱལ་ཁབ་དང་མི་རིགས་ཀྱི་གནད་དོན་ཐག་གཅོད་ག་འདྲ་བྱེད་དགོས་ཀྱི་ཡོད་པ་ནའང་དེར་ཐག་གཅོད་བྱེད་པའི་འགན་དང་དབང་ཆ་གཉིས་ཀ་ལོ་ཚོད་ལོན་པའི་ཡུལ་མི་ཡོངས་ལ་འདྲ་མཉམ་གཅིག་གྱུར་གྱི་ཐོག་ནས་ཡོད་པ་དེ་ལ་ཡང་དག་པའི་དམངས་གཙོ་ཚོད་ལྡན་ཟེར་བ་མ་གཏོགས་འགའ་ཤས་ལ་ཐག་གཅོད་པའི་དབང་ཆ་ཡོད་པ། འགའ་ཤས་ལ་མེད་པ་ཡིན་ན་ཡང་དག་པའི་དམངས་གཙོའི་མཚན་ཉིད་ཚང་གི་མེད།་་་་་ཞེས་གསུངས་སོ།

    ལན། ཟམ་གདོང་བླ་མའི་བཤད་པའི་སྐད་ཆ་འདི་བདེན་ན། བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཆུང་ཆུང་ཞིག་བསྒྱུར། རང་བཙན་མ་དངུལ་ལག་དེབ་་་དང་བླང་དཔྱ་ཁྲལ་ལ་བསྒྱུར། ༢༠༡༡ལོར་བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་གྱི་སྐབས་སུ་བཙན་བྱོལ་བོད་གཞུང་རང་འཇག་བཞག་དགོས་པར་མང་མོས་བྱུང་ཡོད་བཞིན་དུ་སྒྲིག་འཛུགས་ཆུང་ཆུང་ལ་བསྒྱུར་པ་དེ་ཡང་དག་པའི་དམངས་གཙོའི་ལུགས་སྲོལ་ཨེ་རེད།

    ང་ཚོ་བཙན་བྱོལ་མི་དམངས་ཀྱིས་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་ས་རེག་མྱངས་མེད། xxxxxཁྱོད་ཚོས་སྲིད་དབང་སྒེར་གཅོད་བྱས་ནས་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཆུང་ཆུང་ལ་བསྒྱུར་པ་དང་། ལོ་མང་རིང་དུ་རང་བཙན་མ་དངུལ་ཡིན་ཟེར་ནས་ཁྲལ་བསྡུས་པ་དག་དབུ་མའི་མ་དངུལ་ལ་བསྒྱུར། གནད་དོན་ཆེན་པོ་འདི་དག་ཐག་གཅོད་བྱས་མཁན་སྒེར་གཅོད་པ་ཚོ་ཡིན་པ་ལས་བཙན་བྱོལ་མི་དམངས་མིན།

    ཡང་དག་པའི་དམངས་གཙོ་གསོལ་རས་གནང་ཡོད་ཟེར། དགོད་མོ་ཤོར་ཡའི་སྐད་ཆ་མ་ཤོད། བོད་རྒྱལ་ཁབ་ཀྱི་སྤྱི་པའི་གནད་དོན་ཐག་གཅོད་བྱས་པར་བླ་རྒན་ཚོ་དབང་ཆེ་བ་ལས་མི་དམངས་ལ་དབང་ཆ་མེད་པ། ཡོད་ན་བཙན་བྱོལ་བོད་གཞུང་དགོས་མིན་མི་དམངས་ལ་འོས་བསྡུ་ཞིག་བྱ་བཅུག་ནུས་པ་འདུག་གམ།་་་་ཧཧཧ xxxxxxབོད་མི་རིགས་འགྲོ་བ་མིའི་རིགས་ཀྱི་གྲལ་མཐའ་རུ་ལྷུངས་སོང་།

  4. ཅོ་རི་ཉི་མ། says:
    2016-09-09 at 8:55 am

    ད་དུང་་མང་པོ་བཤད་མྱངས་ཡོད་པ། བོད་འདི་ཧོང་ཀོང་དང་མ་ཁོ་གཉིས་ལ་དཔེར་བཞག་ནས་ཁ་བདེ་པོ་ག་ཚོད་བཤད་མྱངས་མེད་དམ། ཁྱོད་ཀྱི་བཤད་མྱངས་བ་དག་རེད་འདུག་གམ་མི་འདུག དེང་སང་ཧོང་ཀོང་གི་གནས་སྟངས་ལ་ལྟོས་དང་། གཞན་སྐྱེས་སློབ་ཕྲུག་ཚོས་འཐབ་རྩོད་བྱེད་སྟངས་དང་དམིགས་ཡུལ་ཟིན་སྟངས་སོགས་ཕྱོགས་ཡོངས་ནས་ཁྱོད་ཀྱི་བཤད་མྱངས་བའི་ཁ་ཕྱོགས་དང་རྒྱབ་ལ་འགལ་རེད་ད།

  5. ཅོ་རི་ཉི་མ། says:
    2016-09-09 at 9:11 am

    ཡང་བསྐྱར་གཅིག་ཡོད་ཞུ་རྒྱུ་ཡོད། ཆོལ་ཁ་གསུམ་དང་ཆོས་རྒྱུད་ལྔ་ལས་གྲུབ་པའི་གྲོས་ཚོགས་བཙུགས་མཁན་གཙོ་བོ་ཁྱོད་རང་ཚོ་རེད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་གང་ལ་ཁུངས་གཏུགས་ནས་ཆོལ་ཁ་གསུམ་བཟོས་པར་ཡིན་ནམ། ཆོལ་གསུམ་གྱི་ས་མཚམས་ག་འདྲ་རེད་དམ། xxxxཁུངས་ལུང་དང་ས་མཚམས་མེད་པའི་ཆོལ་ཁ་གསུམ་ཕྱེས་སྟངས་འདི་ལ་གསལ་བཤད་དགོས་གལ་ཆེན་པོ་འདུག་ག

    བོད་ནང་ལས་བཙན་བྱོལ་ནང་དུ་ཆོལ་ཁའི་ཕྱོགས་ཞེན་གྱི་ནད་ངན་ཆེ་བ་ཡོད། ནད་ཡམ་དེ་དག་ཁྱབ་བཅུག་མཁན་བཙན་བྱོལ་ནང་གི་སྒེར་གཅོད་པ་ཚོ་རེད། འོས་བསྡུའི་སྐབས་སུ་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་ཚོས་ཆོལ་ཁའི་དཀྲུགས་གཞི་ག་ཚོད་སློངས་ཨེ་ཐུབ་བལྟས་མ་སོང་ངམ། ཆོལ་ཁ་དང་ལུང་ཚན་གྱི་ནད་ཡམ་གྱི་ས་བོན་བཏབ་མཁན་ཁྱོད་རང་ཚོ་རེད། མྱུ་གུ་མུ་མཐུད་ནས་སྐྱེས་ངེས་པ་རེད་ད།

  6. བསོད་ནམས། says:
    2016-09-09 at 10:03 am

    དྲི་བ་གནང་མཁན་རྒྱུད་སྟོད་དཔེ་མཛོད་ཀྱི་གྲྭ་རྒན་བླུན་པོ་དེ་ནི་ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རུས་པ་དུག་ཅིག་ཡིན། ཉེ་སྔོན་སྲིད་སྐྱོང་འོས་བསྡུ་སྐབས་ལ་སྐར་འཕྲིན་མང་བོའི་ནང་གོང་ས་མཆོག་བློ་ཕམ་བཅུག་པ་དང་རྒྱ་གཞུང་ལ་སྲི་ཞུ་བསྒྲུབས་མཁན་གཙོ་གྲས་རེད། ད་དུང་ཟམ་གདོང་ཚང་ལ་བཅར་འདྲི་གོ་སྐབས་བེད་སྤྱད་ནས་དཀྲུགས་འདོད་ཡོད་འདུག

  7. བསམ་ཤེས། says:
    2016-09-09 at 10:41 am

    ཅོ་རིའི་རྣམ་རྟོག་ལ་ལན་འདི་ལྟར།

    ཟམ་གདོང་བླ་མའི་སྐད་ཆ་བཤད་ཡུལ་དེ་མཐོ་འབྲིང་བར་གསུམ་གྱི་མི་མང་། སྲིད་གཞུང་། ལས་བྱེད། སློབ་མ་སོགས་རྒྱ་ཆེན་པོར་དམིགས་ཡོད། རྒྱ་གར་གཞུང་གིས་དམངས་གཙོ་གལ་ཆེ་རེད་རྟག་ཏུ་ཤོད་རུང་། བོད་དོན་ཐོག་ལ་བབ་ཡོང་དུས་དམངས་གཙོ་མ་ཡིན་པར་སྒེར་གཅོད་བྱེད་བཞིན་ཡོད། དཔེར་ན་བོད་གཞུང་ཞེས་པའི་ཐ་སྙད་དེ་འགོག་མཁན་བོད་གཞུང་མ་རེད། ཟམ་གདོང་མ་རེད། རྒྱ་གར་གཞུང་རེད། ཅོ་རི་འདི་ཤེས་པ་གྱིས། དེར་བརྟེན། ཟམ་གདོང་གིས་དམངས་གཙོ་ཡོད་གལ་ཆེ་བ་དང་མི་དམངས་ཀྱི་མངོན་འདོད་ལ་བསྟུན་དགོས། རྒྱ་གར་མི་མང་ཆེ་བས་བོད་འདི་རྒྱ་མིའི་ཁོངས་ཡིན་པ་ཁས་ལེན་མེད་རུང་། རྒྱ་གར་གཞུང་གིས་དེ་ལས་ལྡོག་ཏེ། ནི་ཧི་རུ་ལྟ་བུ་ཆབ་སྲིད་མགོ་པ་ཉུང་ཤས་ཀྱི་རྗེས་སུ་རྒྱུགས་ནས་བོད་འདི་རྒྱ་ཁོངས་ཡིན་པ་གྲུབ་ཡོད། ཟམ་གདོང་གི་འདིར་འདང་རྒྱག་གི་ཡོད།

    ང་ཚོས་སྐད་ཆ་ཉན་དུས་བློ་རྒྱང་བསྐྱེད། མིག་ཕྱོགས་བཞིར་ལྟས། རང་ལས་གཞན་པའི་མི་མང་པོར་དྲིས། དཔྱད་པ་བྱས་ནས་སྐད་ཆ་བཤད་ན་ཅུང་ཕན་ཐོགས་ཆེ། ང་རང་ལ་འདི་འདྲ་ཡིན།

    ཟམ་གདོང་བླ་མ་འདི་དམངས་གཙོར་བརྩི་འཇོག་ཆེན་པོ་བྱེད་མཁན་གྱི་བླ་མ་དྲང་མོ་ཞིག་འདུག ཁོང་ཁྲི་བྱང་གི་སློབ་མ་རེད། སྔོན་མ་ཤུགས་ལྡན་བསྟེན་ཡོད། རྗེས་མ་རྒྱལ་བའི་བཀའ་དང་། བཙན་བྱོལ་ནང་ལ་བཀའ་རྙིང་མང་པོས་ཤུགས་ལྡན་བསྟེན་ན་མི་འགྲིགས་ཟེར་དུས། ཁོང་གིས་བཞག་པ་རེད་ལ། རྗེས་མ་མི་དམངས་ཀྱི་རྗེས་སུ་བྲང་ནས་ཤུགས་ལྡན་འགོག་མཁན་གཙོ་བོ་ཞིག་ཆགས་པ་རེད། དེ་ལ་ཁ་ཞེ་གཉིས་མེད་ཀྱི་དམངས་གཙོ་བ་མི་ཟེར་རམ།

    ཟམ་གདོང་བླ་མས་བདེན་པའི་ཨུ་ཚུགས་ཅེས་པའི་ལས་འགུལ་སྤེལ་ནས་ཁོང་གི་ཆབ་སྲིད་ཀྱི་ལྟ་བ་ངོ་མ་དེ་ལས་འགུལ་ལ་ཕབ་ཡོད། རྗེས་མ་མི་དམངས་ཚོས་དབུ་མའི་ལམ་ལ་བཞུགས་ནས། སྤྱི་འཐུས་སོགས་ལ་དབུ་མའི་ལམ་ལ་རྒྱབ་སྐྱོར་མང་བ་ཐོབ་དུས། ཁོང་སྒེར་གྱི་ལྟ་བ་བདེན་པའི་ཨུ་ཚུགས་དེ་བཞག་ནས་དབུ་མ་ཁས་ལེན་བྱས་སོང་། དེ་ཡང་དམངས་གཙོའི་ལག་ལེན་ཨེ་རེད།

    དེ་ཚོ་བློ་གཟུ་བོར་མི་གནས་ན་ཤེས་ཐབས་མེད།

  8. ཅོ་རི་ཉི་མ། says:
    2016-09-09 at 11:04 am

    དྲང་བདེན་སྐད་ཆ་ལ་བསམ་ཤེས་མེད་པའི་བསམ་མེད་ཁྱོད་ཀྱི་ཉོན་ཨ།

    ༡་་་ཟམ་གདོང་བླ་མ་ཆོས་ཅན། དམངས་གཙོ་ལ་དགའ་བའི་གང་ཟག་ཞིག་མ་ཡིན་པར་ཐལ། བཙན་བྱོལ་བའི་ཡུལ་དུ་དམངས་གཙོ་ཁྱིའི་སྐྱག་གཡུགས་གཡུགས་བྱས་ནས་འགྲོ་ས་མ་རེག་པ་མ་གཏོགས་རྒྱ་ནག་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འགྲོ་ངེས་ཡིན་པའི་ཕྱིར།

    ༢་་་དབུ་མའི་ལམ་དང་དབུ་མའི་ལམ་གྱི་བདག་པོ་ཚོ་ཆོས་ཅན། ཤར་ཕྱོགས་པའི་མི་སེར་དུང་ཕྱུང་བཅུ་གསུམ་གྱི་རང་དབང་དམངས་གཙོའི་འགེགས་ཡིན་པར་ཐལ། དབུ་མའི་ལམ་གྱི་སྲིད་ཇུས་འདིས་དམར་པོའི་རྩ་ཁྲིམས་ཁས་ལེན་དུས་ཧོང་ཀོང་དང་མ་ཁོ། ཡུར་གུར་དང་བོད། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱི་དམངས་གཙོའི་འཐབ་རྩོད་ལ་གནོད་སྐྱེལ་གྱི་ཡོད་པའི་ཕྱིར།

    ༣་་་ཟམ་གདོང་བླ་མ་ཆོས་ཅན། ཁ་ཞེ་གཉིས་ཀྱི་དམངས་གཙོ་བ་ཞིག་མ་ཡིན་པར་ཐལ། དམངས་གཙོའི་ཁྲིམས་ལུགས་ནང་དུ་ལྷ་བརྟེན་འདྲེ་བརྟེན་རང་དབང་ཡོད་པའི་དམངས་གཙོའི་ཁྲིམས་ལུགས་རྡོག་རོལ་བཏང་མཁན་ཞིག་ཡིན་པའི་ཕྱིར།།

    རྨོངས་དད་དང་ཕྱོགས་ཞེན་ཁོ་ནའི་དབང་དུ་སོང་ན་བསམ་ཤེས་བྱ་ཁ་པོ་རེད། ཡིན་ཀྱང་རྟགས་ཡང་དག་འདི་གསུམ་གྱིས་ཁྱོད་ཀྱི་ལོག་རྟོག་སེལ་བའི་རེ་བ་ཡོད།

  9. ཀརྡོ་རབ་འབྱམས་པ་ says:
    2016-09-09 at 11:09 am

    ཅོ་རི་ཆོས་ཅན། ཁྱོད་ཀྱིས་བོད་རང་བཙན་ལེན་མི་ཐུབ་སྟེ། ཁྱོད་ཞི་དྲག་གཉིས་ཀའམ་གང་རུང་གི་སྒོ་ནས་ལེན་པའི་ཐབས་ཤེས་ཀྱིས་ཕོངས་པའི་ཕྱིར། དཔེར་ན། ཀླུ་བྱམས་བཞིན་ནོ།། །།

  10. ཅོ་རི་ཉི་མ། says:
    2016-09-09 at 11:20 am

    བསམ་ཤེས་་་་བཙན་བྱོལ་བོད་གཞུང་སྒྲིག་འཛུགས་ཆུང་ཆུང་ཞིག་ལ་བསྒྱུར་མཁན་རྒྱ་གར་གཞུང་རེད་ཨེ་་་་xxx xxx དཔང་རྟགས་ཡོད་པེ། དཀོན་མཆོག་གསུམ་ལ་ཚོད་བཙུགས་མི་ཁྱོད་ཚོས་ཅི་བཤད་དང་འདི་མི་འདུག་ག

    རྒྱ་གར་བའི་སྲིད་འཛིན་ཟུར་པ་ནེ་རོ་ལགས་ཀྱིས་ཅིག་བྱས་སོང་ཨེ། ཤི་བོ་དཔང་རྟགས་བཙུགས་ཀྱི་ཡིན་པེ། རྫུན་རྒན་ཚོས་ཤི་བོ་དཔང་པོ་བཙུགས་ནས་རྫུན་བཤད་ཀྱི་རེད་པ། རྒྱ་དཔོན་དན་ཞོ་ཕིང་གིས་རང་བཙན་མིན་པའི་སྐད་ཆ་ཐམས་ཅད་གྲོས་སྡུར་བྱེད་ན་འགྲིག་འགྲོ་གི་རེད་ཟེར་གྱི་འདུག་ཟེར་ནས་ཤི་བོ་རྟགས་བཙུགས། རྒྱ་གར་དཀར་ནག་གཉིས་ཀྱི་ཤི་བོ་དེ་ཚོ་དཔང་རྟགས་བཙུགས་ནས་མི་དམངས་མགོ་སྐོར་གཏོང་ན་ལུགས་མཐུན་ག་ལ་ཡིན། ཁྲིམས་ཀྱི་མདུན་ས་ཤི་བོས་དཔང་པོ་འགྲིག་གི་མ་རེད་དོ།

  11. དྲང་སྲོང says:
    2016-09-09 at 12:47 pm

    ཅོ་རི་ལགས་ཁ་གཡང་བོད་རང་བཙན་སྒྲོག་པར་ཡི་རངས་ཞུ་རང་བཙན་གྱི་དོན་ལ་ལས་དཀའ་སྣ་གཅིག་མ་བྱས་པར་དེ་ལ་་སྐྱག་པ་རྒྱ་མ་གང་ཟོ་ཧཧཧཧཧཧ

  12. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-09-09 at 2:30 pm

    ཧཧཧཧཧ་་་་་དྲང་སྲོང་ཟེར་བའི་མྱི་འདི་སེམས་པ་ཐང་པོ་མེད་མཁན་ཅིག་རེད་འདུག་གདའ། ལྟོས་དང་གནས་ལུགས་རྒྱུ་མཚན་ཤོད་རྒྱུ་མེད་དུས་ཧཧཧ་་་་་ཅོ་རིས་བོད་དོན་ཐད་ལ་དཀའ་ལས་སྣེ་གཅིག་རྒྱག་མེད་པར་ཤོད་རྒྱུ་ཡོད་ན་གབ་མ་སྡོད་ལ་དངོས་སུ་ཐོན་ནས་ར་སྤྲོད་ཅིག་ཐོངས་དང་སྐྱེས་ཕོ་རབ་རེད། དེ་མིན་མུན་ནག་ནང་ངུ་ཟུག་རྒྱག་ན་ངལ་མེད་རེད་དོ།།

  13. གཡག་རྒོད says:
    2016-09-09 at 2:35 pm

    ཆོས་གྲྭ་འགྲིམས་ནས་མཐར་མ་ཕྱིན།།
    སྲིད་དོན་མ་སྦྱང་མགོ་མ་ཚོས།།
    བར་མ་བར་གྱི་ཕུང་གསུམ་པས།།
    དྲ་བའི་སྟེང་ནས་ཁྱི་སྐད་བརྒྱབ།།

  14. བསམ་ཤེས། says:
    2016-09-09 at 2:47 pm

    ཅོ་རིའི་ལན་གཉིས་པ།

    ངོས་ནས་བརྟག་དཔྱད་གྱིས་ཅེས་ཤོད་པ་བཞིན། ཁྱེད་རྣམ་རྟོག་དང་། ང་རྒྱལ། ཕྲག་མདོག་རྣམས་དོར་ནས། ཞིབ་འཇུག་མཛོད་དང་། བཙན་བྱོལ་བོད་གཞུང་གི་མིང་དེ་ལ་སྒྱུར་བ་གཏོང་མཁན་ཐོག་མ་དེ་སུ་རེད་ཤེས་ཐུབ།

    ཟམ་གདོང་བླ་མར་ཆགས་སྡང་བྱེད་དགོས་དོན་མེད། གཙོ་བོ་དངོས་ཡོད་དང་། དཔང་པོ། གནས་ལུགས་ཤོད་དགོས།

  15. བསེ་རུ་ཟང་ཐལ། says:
    2016-09-09 at 9:12 pm

    ད་མང་པོ་ཤོད་ག་ལ་དགོས། བོད་པ་ཚང་གིས་བླ་མ་འདིའི་མཁྱེན་ཡོན་ཟབ་མོ་དེ་དག་ལེགས་པར་བླངས་ཐུབ་མེད། ཐ་ན་ཝ་ཎའི་སློབ་མ་རྒན་གྲས་བླ་མ་ཁོང་དང་མི་ལོ་བཅུ་ཕྲག་གསུམ་ལྷག་བཤིབས་མྱོང་བ་དེ་དག་གི་ནང་ནས་ཀྱང་། ཁོང་གི་ལུང་རིག་གི་ཡོན་ཏན་ཆ་ཤས་ཙམ་ཞིག་ཀྱང་གོ་ཆོད་ངེས་དང་། རྒྱུན་འཛིན་ཐུབ་ངེས་ཆ་ཆང་བ་ཞིག་ནི། སློབ་མ་ག་གེ་མོ་འདི་དང་འདི་ཟེར་བར་ཁུངས་དག་ཡོད་རེད་ཅེས་མཛུབ་སྟོན་བྱ་ཡུལ་གཅིག་ཀྱང་མི་རྙེད། ཁོང་ལ་མངའ་བའི་རྒྱལ་འབངས་སྐྱོང་བའི་ལུགས་གཉིས་རྣམ་དཔྱོད་ཀྱི་ཡོན་ཏན་ངོ་མ་ནི། རྒྱ་གར་བ་བྲམ་ཟེ་རིག་བྱེད་པ་མཁས་པ་འགའ་དང་། རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་འགས་ནམ་ཡང་ཧབ་ཐོབ་བརྒྱབ་ཀྱི་ཡོད། བོད་པ་ཚང་གིས་བསམས་ཤེས་ན། ཆེས་ཕངས་པའི་རང་བཞིན་ཞིག་ལོས་ཡིན། ད་དུང་་་ཨེ་་་་་་་་་་ ཕྱིས་སུ་བཙན་བྱོལ་བོད་པ་ཚང་གི་ལོ་རྒྱུས་ཐོག་ཆེས་ཕངས་སེམས་དང་། འགྱོད་གདུང་གིས་སྨྲེ་སྔགས་ཤོར་ཁོ་ཐག་རེད། ནོར་བུ་ལག་ཏུ་ཡོད་དུས་ལག་ཉམས་མ་ཆོད་ཟེར་བ་ནི། དངོས་གནས་འདི་འདྲ་ཞིག་ལ་མ་གཏོགས་གཞན་ཅི་ཞིག་ལ་ངོས་འཛིན་བྱེད། ངེད་ཚོ་ཇི་འདྲའི་ཐབས་རྡུགས་པ་ལ་ཨང་།། །།

  16. ཀློང་ཆུང་ says:
    2016-09-09 at 11:25 pm

    ཟམ་གདོང་བླ་མ་བཙན་བྱོལ་བོད་མིར་ངོ་མ་བཀའ་དྲིན་ཆེ། ལུས་ངག་ཡིད་གསུམ་བོད་པའི་དོན་དུ་གྲངས་བྱ་ལྔ་བཅུ་ཉེ་བར་བཀོལ་འདུག ཆོས་ལུགས་ཁག་གི་བླ་མ་ཚོས་ཁོང་གི་བདོ་ཟླ་མི་ཐུབ། ཕྱི་མ་ནི་རང་གི་ཆོས་ལུགས་རྗེས་བྲང་ཁོ་ན་གསོ་བ་ལས། ཉམས་ཆུང་བོད་ཕྲུག་གཅིག་ལ་ལྟོ་ཕོར་པ་གང་སྤྲད་ཨེ་མྱོང་སྙམ།

    སྔོན་མ་སྦིར་གཞི་ཆགས་ལ་ཡོད་པའི་རྫོང་གསར་དགོན་པའི་དགེ་བསྐོས་ཚོས་གསར་འབྱོར་བ་རྣམས་ལ། ས་སྐྱ་པའི་ཆོས་ལུགས་བྱེད་མཁན་གསར་འབྱོར་གཅིག་པུར་ལྟོ་སྤྲད་ཀྱི་རེད། ས་སྐྱ་ཡིན་པའི་དཔང་ཡིག་སླ྄ོབ་གྲའི་ཡིག་ཚང་ལས་ལེན་དགོས། ཁ་ནས་མར་འགྱུར་ནམ་མཁའི་མཐའ་ཟེར། ཉམས་ལེན་འདི་རེད།

  17. ཀརྡོ་རབ་འབྱམས་པ་ says:
    2016-09-10 at 12:29 am

    #16 ཀློང་ཆུང་ ་ལགས་ཀྱིས་སྤེལ་དོན།:
    September 9th, 2016 at 11:25 pm
    ཟམ་གདོང་བླ་མ་བཙན་བྱོལ་བོད་མིར་ངོ་མ་བཀའ་དྲིན་ཆེ། ལུས་ངག་ཡིད་གསུམ་བོད་པའི་དོན་དུ་གྲངས་བྱ་ལྔ་བཅུ་ཉེ་བར་བཀོལ་འདུག ་་་་་་་ འདི་བདེན་པ་རེད།

  18. ཅོ་རི་ཉི་མ། says:
    2016-09-10 at 9:40 am

    བཀའ་དྲིན་བསམ་ཤེས།

    ལྷ་དབང་ལམ་ལུགས་ཀྱི་བླ་དཔོན་ཆེན་པོ་དག
    བྲན་གཡོག་བོད་དམངས་ལ་བཀའ་དྲིན་ཆེ་ཆེ་ཡིས།
    བྲན་གཡོག་བོད་མི་ཚོས་ལུས་ཀྱི་ཤ་ཁྲག་གིས།
    དྲིན་ལན་མཇལ་མཇལ་གྱིས་ཤ་ཟད་རུས་ལ་ཐུག

    ལྷ་དབང་ལམ་ལུགས་ཀྱི་བླ་དཔོན་ཆེན་པོ་ལ།
    བྲན་གཡོག་མི་དམངས་འདི་བཀའ་དྲིན་མི་ཆེ་ན།
    བྲན་གཡོག་མི་དམངས་ཚོའི་སྡུག་གི་མི་ཚེ་ལ།
    སྒེར་གཅོད་བླ་དཔོན་ཚོ་བཀའ་དྲིན་ཇི་ལྟ་ཆེ།།

    རང་ཡུལ་དགྲ་ལག་ཏུ་ཤོར་བའི་བླ་དཔོན་ཚོ།
    ཡུལ་མེད་མི་དམངས་ལ་བཀའ་དྲིན་ཆེ་ཆེ་ཡིས།
    ཉམ་ཐག་མི་དམངས་ཀྱི་སྐྱོབ་གསོ་རོགས་དངུལ་གྱིས།
    དྲིན་ལན་མཇལ་མཇལ་གྱིས་རང་ཁ་མ་གསོས་ཐལ།།

    རང་ཡུལ་དགྲ་ལག་ཏུ་ཤོར་བའི་བླ་དཔོན་ལ།
    ཡུལ་མེད་མི་དམངས་འདི་བཀའ་དྲིན་མི་ཆེ་ན།
    སྐྱབས་གསོ་རོགས་དངུལ་ཀྱང་བརླགས་པའི་མི་དམངས་ལ།
    ལྐོག་ཟ་རུལ་སུངས་ཚོ་བཀའ་དྲིན་ཇི་ལྟ་ཆེ།

    གཅིག་ལ་གཅིག་བརྟེན་གྱི་བྲན་དང་རྒྱལ་པོའི་བར།
    བཀའ་དྲིན་སུ་ཆེ་ཡི་ཧམ་པ་བཤད་ལུགས་འདིར།
    རྣམ་དཔྱོད་གཞུ་མོ་ཡི་སྟེང་གི་ཚུལ་གསུམ་མདའ།
    དཔུང་པའི་ཤ་རྒོད་ཀྱིས་མི་འཐེན་ཀ་མེད་རེད།།

  19. འབྲོང་བུ་སོག་ཚ། says:
    2016-09-10 at 9:42 pm

    ཅོ་རི་ཉི་མའི་གསུང་དེ་བདེན། ཐུག་པ་བཀོལ་མཁན་ཁོང་ཚོ་རེད། འཐུང་ཡང་ཁོང་ཚོར་འཐུང་དུ་འཇུག་དགོས། བལྟས་མོ་ལྟ་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme