Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཤ་དང་རུས་པ་འཐག་པའི་སྐད།

Posted on 2010-04-30 By དབང་ཕྱུག་ 5 Comments on ཤ་དང་རུས་པ་འཐག་པའི་སྐད།

བོད ལྷ་ཀླུ་གཉན་གསུམ།

ས་ཆེན་འདར་བའི་སྔ་གཞུག།
མི་སེམས་གཏོར་བའི་ཕྱིར་ཉིན།།
རུས་པ་ཐོར་བའི་དུས་དེར།།
རིགས་ཀྱི་སྙིང་རྩ་རྨས་སོང་།།

གངས་ཅན་བོད་ཀྱི་རིགས་རྒྱུད།།
ཡུལ་ཤུལ་ཁུལ་དུ་གནས་པའི།།
སྤུན་ཟླའི་སྐྱིད་སྡུག་ཆེད་དུ།།
གཞིས་བྱེས་གཉིས་ཀ་འགུལ་སོང་།།

དྲིན་ཆེན་༧རྩ་བའི་བླ་མ།།
སྐྱེ་ཆེན་དམ་པ་མང་བོ།།
དགེ་འདུན་འདུས་པ་རྒྱ་མཚོས།།
བསྔོ་བ་སྨོན་ལམ་གསུངས་སོང་།།

འདས་པོའི་རྣམ་ཤེས་ཕྲ་མོ།།
དག་པའི་ཞིང་དུ་སྐྱེ་བར།།
བོད་མི་ས་ཡ་དྲུག་པོའི།།
ཡི་གེ་དྲུག་མ་སྐྱོར་སོང་།།

ཤུལ་ལུས་འཚོ་བའི་ཆེད་དུ།།
འཛམ་གླིང་གང་སར་གནས་པའི།།
བྱམས་དང་སྙིང་རྗེ་ཅན་ཚོས།།
ཞལ་འདེབས་དུས་ལྟར་གནང་སོང་།།

འཛམ་གླིང་ཟླུམ་པོའི་སྟེང་དུ།།
ཤ་དང་རུས་པ་འཐག་པའི།།
འོ་འབོད་སྐད་སྒྲ་གཅིག་གིས།།
རིགས་ཀྱི་ཆིག་སྒྲིལ་མཐོང་སོང་།།

ཕྱིས་ཀྱང་སྐྱིད་སྡུག་མཉམ་མྱོང་།།
ཕྱིས་ཀྱང་རྡོག་རྩ་གཅིག་སྒྲིལ།།
ཕྱིས་ཀྱང་སྤྱི་དོན་མཉམ་ལས།།
དུས་ལྟར་ཡོང་བར་ཤེས་སོང་།།

ས་མཐའི་མི་ཁྱིམ་ཞིག་ནས།།
རིགས་ཞེན་ཁྲག་གི་འཕར་རྩ།།
སྤོམ་ཡང་གླུ་དབྱངས་ཤིག་ལས།།
འབུལ་ཐུབ་མེད་པ་སྐྱོ་སོང་།།

གཞས་ཚིག་འདི་སྤུན་ཟླ་ཞིག་གི་རེ་སྐུལ་དུ་བྲིས་ཀྱང་། ད་ལྟ་དྲ་ངོས་སུ་བཀོད་པ་ཡིན་ན། གཞས་པ་སུ་ཡིན་ཞིག་གིས་ལེན་འདོད་ཡོད་པ་དེ་ཡིས་མཐོང་སྲིད་པར་སྙམ་ནས་དེ་རིང་ཉིད་ལ་སྐུར་བ་ཡིན་ལགས།

གླུ་གཞས།

Post navigation

Previous Post: དུང་འབུད་མཁན།
Next Post: ང་ཚོ་ཀྲུང་གོ་བ་རེད་དམ།

Comments (5) on “ཤ་དང་རུས་པ་འཐག་པའི་སྐད།”

  1. འབའ་སྲས། says:
    2010-04-30 at 2:19 pm

    སྨོན་ལམ་བརྒྱ་འདེབས་སྟོང་འདེབས།།
    མཆོད་མེ་འོད་ཀྱིས་སྦར་ཡོད།།
    བསྔོ་བ་ཁྲི་མ་འབུམ་ཕྲག །
    མ་ཎི་དབྱངས་ཀྱིས་གྱེར་ཡོད།།

  2. བོད། ལྷ་ཀླུ་གཉན་གསུམ། says:
    2010-04-30 at 4:12 pm

    http://www.youtube.com/watch?v=albamHuDiyA&feature=related

  3. བཟོད་པ་ལྷ་རྩེ་ says:
    2010-05-01 at 12:16 am

    གནས་ཁང་གཤེར་མར་གྱུར་བྱུང༌།
    བེམ་རོ་རི་ལྟར་སྤུང་སོང༌།
    སེམས་ཁམས་རྦ་རླབས་གཡོ་བས།
    མིག་ཆུའི་སྐྱེམས་ཆང་འདི་འབུལ་ལོ།
    མ་ཎིའི་དབྱངས་རྟ་རེ་འཐེན་ཤོག
    རིགས་མཐུན་གངས་ཅན་པའི་སྤུན་ཟླ།

  4. བཟོད་པ་ལྷ་རྩེ་ says:
    2010-05-01 at 12:20 am

    གནས་ཁང་གཤེད་མ་རུ་གྱུར་བྱུང༌།
    བེམ་རོ་རི་བོ་ལྟར་སྤུང་སོང་།
    སེམས་ཁམས་རྦ་རླབས་ལྟར་གཡོ་བས།
    མིག་ཆུའི་སྐྱེམ་ཆང་འདི་འབུལ་ལོ།
    མཎེའི་དབྱངས་རྟ་རེ་འཐེན་ཤོག
    རིགས་མཐུན་གངས་ཅན་པའི་སྤུན་ཟླ།

  5. རྩམ་དགའ། says:
    2010-05-03 at 9:02 am

    སེམས་རྩར་རེ་བ་ལྕི་མོས་ཁེངས་བཞིན།
    མ་ཎི་དང་སྨོན་ལམ་མཉམ་དུ།
    ངས་མཆོད་མེ་རྐང་གཅིག་གིས།
    སྤུན་ཟླ་ཁྱོད་ཚོར་སྐྱེལ་མ་བྱས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme