Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དགེ་རྒན་ཉིན་མོར་བསམ་ཚུལ་འགའ།

Posted on 2016-09-052016-09-05 By ཁ་བརྡ་ 3 Comments on དགེ་རྒན་ཉིན་མོར་བསམ་ཚུལ་འགའ།

སྐལ་བཟང་དོན་གྲུབ།

 
སྤྱིར་དགེ་རྒན་ནི་ཇི་ལྟར་གལ་ཆེན་པོ་ཡིན་པ་ཚང་མས་ཤེས་གསལ་ཡིན་པས། ངས་དེའི་སྐོར་ལ་བྲིས་ནས་རང་ཉིད་དང་གཞན་གྱི་དུས་ཚོད་འཕྲོག་བརླག་གཏོང་འདོད་མེད། ངས་བཤད་འདོད་པ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་དགེ་རྒན་གྱི་གནས་བབ་དང་དེས་སློབ་ཕྲུག་ཚོའི་སྟེང་ལ་ཤུགས་རྐྱེན་ཐེབས་ཚུལ་སྐོར་ལ་ཡིན། དེང་སང་བོད་པའི་གཞོན་སྐྱེས་མཐོ་སློབ་ཀྱི་ལག་ཁྱེར་ཆེ་མཐོན་པོ་རེ་འཁྱེར་ནས་ཡོང་མཁན་ནི་མཚན་མོའི་སྐར་མ་ལྟར་མང་པོ་ཆགས་ཡོད་ཀྱང། དེ་དག་ཁྲོད་དུ་མང་པོ་ཞིག་རྒྱ་གར་གྱི་སྤྱི་ཚོགས་ལ་ལས་ཀ་མི་རག་པ་མ་ཟད། ང་རང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཚད་དེ་ཡང་མི་འཕྲོད་པར། ལས་མེད་ལུས་མཁན་ཡང་མང་དག་ཅིག་ཡོད་པ་ནི། དྷ་སའི་ཇ་ཁང་ནང་གི་སྐད་ཆ་ཞིག་མིན་པར་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཆགས་བསྡད་ཡོད།

བྱས་ན་དེ་ལྟར་ཡོང་དགོས་དོན་གང་ལ་ཐུག་ཡོད་དམ། སློབ་ཕྲུག་རང་ཉིད་ཀྱིས་སྤྱི་ཡོངས་ཀྱི་ཤེས་ཡོན་ལ་ཤུགས་མ་བརྒྱབ་པར་ཡིག་ཚད་ཁོ་ནའི་ཐོག་ལ་དོ་སྣང་སྤྲད་པ་ཡིན་སྲིད་པ་དང། ཡང་ན་སློབ་གྲྭའི་དུས་སུ་དགེ་རྒན་དང་སློབ་སྤྱི། ཕ་མ་སོགས་ཀྱིས་ཕྲུ་གུའི་ཡིག་ཚད་ཀྱི་གྲུབ་འབྲས་ཁོ་ན་ལས་སྤྱི་ཡོངས་ཀྱི་ཤེས་ཡོན་གནས་ཚད་ཡར་རྒྱས་ཡོང་ཐབས་ལ་འཐུས་ཤོར་ཕྱིན་པ་ཡང་ཡིན་སྲིད།
གང་ལྟར་ཡང་རང་ཉིད་ཀྱི་ལག་ཁྱེར་དང་མི་མཉམ་པའི་ལས་ཀ་ལ་འཇུག་བཞིན་པའི་གཞོན་སྐྱེས་མང་དག་ཞིག་ཡོད་པ་སྨོས་ཅི་དགོས། དཔེར་ན། སྨན་རྩིས་ཁང་གི་གང་བསྐོས་ལས་བྱེད་ཁོངས་སུ་ཡིག་ཚད་གཏོང་བར་འཛིན་རིམ་བཅིུས་ཀྱི་ལག་ཁྱེར་ཡོད་ན་འགྲིག་གི་ཡོད་པ་དང། ལས་ཀ་དེར་ཐོག་མར་ཟླ་ཤས་རིང་ཤུགས་ལས་དང་སྨན་བཟོ་རྒྱུ་སོགས་ཡིན་པ་དང། རྗེས་སུ་སྨན་སྤྲོད་མཁན་སོགས་ཆགས་ཀྱི་ཡོད་པ་རེད། དེ་ལ་འཚང་ཁ་རྒྱག་མཁན་མང་དག་ཅིག་ནི་གཙུག་ལག་རབ་འབྱམས་པ་ཐོན་མཁན་ཡིན་པ་ནི་ཡ་ང་བ་དང་སེམས་ཕམ་དགོས་པ་ཞིག་ཡིན།

ཅིག་བྱས་ན་དེ་དག་གིས་རང་ཉིད་ཀྱི་ཤེས་ཡོན་གནས་ཚད་གདིང་མ་དེ་ངོ་འཕྲོད་ཀྱིས་ལས་ཀ་དེ་ལ་འཇུག་པ་ཡིན་སྲིད། སྨན་རྩིས་ཁང་གི་ལས་ཀ་དེར་ཕྲན་ལ་བསམ་ཚུལ་གང་ཡང་མེད་པ་མ་ཟད། བཙན་བྱོལ་སྤྱི་ཚོགས་ནང་དུ་ལས་ཀ་མང་པོ་བསྐྲུན་པ་དེར་དགའ་བསུ་ཡང་ཡོད། ཡིན་ཡང་དོན་དག་ངོ་མ་ནི་ཡིག་ཚད་དེ་དག་ལ་ཨང་ཀི་དང་པོ་ལེན་མཁན་མང་པོ་ཞིག་ནི་འཛིན་རིམ་བཅིུས་ཀྱི་ལག་ཁྱེར་ཡོད་མཁན་ཡིན་པ་ལས། མཐོ་སློབ་ཐོན་མཁན་མིན་པ་དེ་རེད། མང་པོ་ཞིག་གིས་མཐོ་སློབ་སློབ་ཕྲུག་རྣམས་ལོ་མང་རིང་བོད་ཡིག་ལ་སྦྱང་བ་བྱེད་རྒྱུ་མ་བྱུང་བ་སོང་ཙང་རེད་ཅེས་བརྗོད་མཁན་ཡང་འདུག་སྟེ། ཡིག་རྒྱུག་ནང་བོད་ཡིག་གཅིག་པུ་མ་ཡིན་པར། དབྱིན་ཡིག་དང་ཨང་རྩིས་ཡང་ཡོད་པ་ཡིན་པས། རྒྱུ་མཚན་དེ་ནི་ཡང་དག་པ་ཞིག་མ་མཐོང།

སློབ་ཕྲུག་དེ་དག་ལ་དགེ་རྒན་ཚད་ལྡན་གྱི་སློབ་གསོ་མ་རག་པ་ཡིན་སྲིད་པ་དང། ཡང་ན་དེ་དག་འགྲོ་སའི་སློབ་གྲྭའི་ནང་དུ་དགེ་རྒན་ཚད་ལྡན་ཞིག་ལྷག་མེད་པ་ཡང་ཡིན་སྲིད་པ་རེད། དེང་གི་ཆར་དགེ་རྒན་རྙིང་པ་མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་བཞིན་ཡོད་པ་དེས། སློབ་ཕྲུག་གི་སློབ་སྦྱོང་ཐད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཡང་སྲིད། གལ་ཏེ་དགེ་རྒན་གྱི་ལས་གནས་བསྐྱུར་ནས་ཕྱི་རྒྱལ་ལ་ཕོར་པ་བཀྲུ་བར་འགྲོ་མཁན་དེ་དག་ལ། སློབ་ཕྲུག་གི་མི་ཚེ་ལ་ཕན་ཐོགས་པའི་ལམ་སྟོན་བྱེད་པའི་ཡོན་ཏན་ཡོད་ན་ཕངས་པོ་ཡིན་པ་དང། གལ་ཏེ་དེ་འདྲ་ཞིག་མེད་ན་བཀྲ་ཤིས་བདེ་ལེགས་ཞུས་ན་ཡག་ཤོས་རེད།

མ་གཞི་དགེ་རྒན་གྱི་གླ་ཆ་ཉུང་སོང་བས་ལས་ཀ་དེ་བསྐྱུར་མཁན་ཡང་མང་དག་ཡོད་པ་ནི་གསལ་པོ་རེད། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་སྲི་ཞུ་བ་དང་དགེ་རྒན་གཉིས་ཀྱི་གླ་ཆ་ལ་མཐོ་དམན་ཆེན་པོ་ཡོད་པ་དེར། དགེ་རྒན་གྱི་ལས་གནད་དེ་ལ་གདེངས་འཇོག་དང་གལ་ཆེན་ག་འདྲ་བརྩི་ཡི་ཡོད་མེད་གསལ་པོ་རེད། ཁ་ཤས་ཀྱིས་དགེ་རྒན་དེ་ཚོ་ལ་སེམས་ཤུགས་མེད་རྐྱེན་ཡིན་པར་བརྗོད་སྲིད་ཀྱང། དགེ་རྒན་ཡང་མི་ཞིག་ཡིན་པས། ཁོ་ཚོ་ལ་ཡང་འཚོ་བ་སྐྱེལ་ཆེད་དུ་གླ་ཆ་འགྲིག་ཙམ་ཞིག་དགོས་ཀྱི་རེད། དགེ་རྒན་ནི་སྲིད་ཞུ་བ་ལས་འོས་འགན་དང་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་ལས་ཆུང་བ་མིན་པར་སེམས། བོད་པའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཉུང་དུ་འགྲོ་བཞིན་ཡོད་ཁར། དགེ་རྒན་ཡང་ཉུང་དུ་འགྲོ་བཞིན་ཡོད་པ་རེད།

དེ་བཞིན་ངས་མཐོང་ཚུལ་ལ་དགེ་རྒན་གསར་པ་མང་པོ་ཞིག་ལས་གནས་དེར་འཇུག་ཚུལ་ཡང་མི་འདྲ་བ་མང་པོ་འདུག ཁ་ཤས་རང་ཉིད་དགེ་རྒན་གྱི་ལས་ལ་དབྱིངས་དང་དེའི་སྟེང་ཡོད་པའི་འགན་ཁྲི་དང་། སྤྱི་ཚོགས་ལ་ཕན་ཐོགས་པའི་ནུས་པ་ཡོད་པ་སོགས་ལ་ཡིད་སྨོན་སྐྱེས་ནས་ལས་གནས་དེ་ལ་འཇུག་མཁན་ཡང་ཡོད། ཡིན་ཡང་མང་དག་ཅིག་ནི་རང་ཉིད་ལ་དགོས་པའི་ལས་ཀ་དག་ལ་ཡིག་ཚད་མ་འཕྲོད་པར། ཕ་མ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་ལ་བརྟེན་ནས། བཙན་བྱོལ་སྤྱི་ཚོགས་ནང་མཐོ་སློབ་ཀྱི་ལག་ཁྱེར་ཡོད་ཚེ། ལས་ཀ་རག་ལས་སླ་ཤོས་དགེ་རྒན་གྱི་ལས་ལ་འཇུག་མཁན་ཡང་ཡོད་པ་ཡིན། དེ་དག་གི་དགེ་རྒན་ཚད་ལྡན་ཞིག་བྱེད་ཐུབ་ཀྱི་ཡོད་མེད་དེ། མ་འོངས་པར་སློབ་གྲྭ་ཐོན་ཡོང་མཁན་དག་གི་ཤེས་ཡོན་གནས་ཚད་ལ་བལྟ་ན་ཤེས་ཐུབ།

གང་ལྟར་ད་བར་སློབ་གྲྭ་ཐོན་པ་བོད་མི་མང་པོ་ཞིག་ལ་དངོས་ཡོད་ཀྱི་ཤེས་ཡོན་རང་རྐྱ་འཕེལ་བ་མང་པོ་ཞིག་ཡོད་པ་དང། མང་པོ་ཞིག་ལ་ལག་ཁྱེར་གྱི་ཤོག་བུ་ཞིག་ལས་ཀླད་པ་སྟོང་པ་ཡིན་པ་དེར། ཕྱོགས་མང་པོ་ཞིག་གིས་འཐུས་ཤོར་ཕྱིན་ཡོད་པ་ལས། དགེ་རྒན་གཅིག་པུས་འཐུས་ཤོར་ཡིན་མི་སྲིད་པས། དེ་ལ་དབུས་བོད་མིའི་སྒྲིག་འཛུགས་དང། སློབ་གྲྭ་ཁག་གི་འགན་འཛིན། དགེ་རྒན་རྣམ་པ། ཕ་མ་ཚོ། དེ་བཞིན་སྤྱི་ཚོགས་ཐོག་འགན་བཞེས་མཁན་ཚོས་བསམ་བློ་རྒྱ་ཆེ་གཏོང་རོགས་ཞུ་རྒྱུ་ཡིན།

བསམ་ཚུལ།

Post navigation

Previous Post: ཤེས་བྱའི་ཆུ་གཏེར་ ༥༽ ནིའུ་ཊོན་གྱི་གཏན་ཁྲིམས་གསུམ་པ།
Next Post: གསལ་བསྒྲགས།

Comments (3) on “དགེ་རྒན་ཉིན་མོར་བསམ་ཚུལ་འགའ།”

  1. ཨ་འབར་འཇིགས་དབང་། says:
    2016-09-05 at 1:40 pm

    ༅༅། སྐལ་བཟང་དོན་གྲུབ་ལགས་རང་ཉིད་ཀྱི་བསལ་ཚུལ་ཙམ་བྲིས་པ་ལས་གཞན་ཐབས་ལམ་
    solution འདི་དང་འདི་ཞེས་བཤད་རྒྱ་གང་ཡང་མི་འདུག་
    གཞུང་དང་དགེ་རྒན་་་ཕ་མ་ཚང་མས་་་་ཐུགས་ལ་བཞག་དགོས་འདུག་ཅེས་པ་ལས་དེ་མིན་ཅི་གང་
    ཡང་མི་འདུག་ མདོར་བསྡུས་ནས་བཤད་ན་དགེ་རྒན་ལ་གླ་ཆ་ཡག་པོ་མེད་པའི་རྒྱུ་གཙོ་བོ་རེད་འདུག་
    དགེ་རྒན་ལ་གླ་ཡག་པོ་གནང་དགོས་བརྗོད་པ་ལོ་ངོ་བཅུ་ཉི་ཤུའི་གོང་ནས་བཤད་བཞིན་པ་རེད་་་ད་དུང་རང་འཇགས་བཤད་ཀྱི་འདུག་པ་ག་རེ་རེད།
    དགེ་རྒན་མང་པོ་ཕྱི་རྒྱལ་ཁག་ལ་ཐོན་འགྲོ་གི་འདུག་གསུངས་སོང་བ་དེ་དངོས་གནས་ཡིན་ན།
    ཕྱི་རྒྱལ་ལ་རྩ་ཆེན་པོ་མ་བརྩི་ཞུ་འདོད་བྱུང། རྒྱ་གར་ནང་ལ་ཆ་བཞག་ན་་་ཁང་གླ་དང་་་ཆུ་གློག་གི་རིན་འབབ་གནང་དགོས་ཀྱི་མེད་པ་རེད་སྙམ་
    ཕྱི་རྒྱལ་ཁག་ལ་སླེབས་ན་གལ་ཆེ་བ་གསུམ་སེམས་ལ་བཞག་ནས་ལས་ཀ་ཡག་སྡུག་གང་རག་ཀྱང་
    མི་འདོད་བཞིན་བྱེད་དགོས་པ་ཡིན།
    དང་པོ་ཁང་གླ་སྤྲད་དགོས་པ། གཉིས་པ་ཆུ་གློག་ གསུམ་པ་ཚ་གློག་སྤྲད་དགོས་པ་གལ་ཆེ་ཤོས་རེད།
    དེ་ལ་བརྟེན་ནས་ལས་ཀ་དཀྱུས་མ་ཐེབས་ཆགས་ག་རེ་རག་ཀྱང་བྱེད་གསོ་པ་རེད།
    ལས་རག་ན་ ཞོགས་པ་ཚུ་ཚོད་ ༨་པ་ནས་ ༤ བར་
    ཚོུད་ ༣ ནས་ ༡༡ བར་ ཁ་ཤས་མཚན་པ་་ཚོུད་་་་༡༡་ནས་ཞོགས་པ་་ ཚོུད་་་༦།༧་བར་ལས་ཀ་བྱེད་དགོས་པ་རེད།
    ཉིན་ལ་ལས་བྱེད་མཚན་ལ་གཉིད་ཉལ་དང།
    མཚན་ལ་ལས་བྱེད་ཉིན་ལ་གཉིད་ཉལ་རེད།
    ཟླ་བའི་ལས་གླ་ཟླ་བའི་ནང་ལ་རྫོགས།
    སྔ་དགོང་ཞལ་འདོན་བྱེད་རྒྱུའི་དུས་ཚོད་མེད།
    ཡོང་སྒོ་འགྲོ་གྲོན་ཁ་ཐུག་ཙམ་ལས་མེད།
    སྐྱིད་པོ་རྫིགས་མ་བསམ་གྲོགས་པོ་ཚོ།།
    ཕྱི་རྒྱལ་ལྷ་ཡུལ་མ་བསམ་གྲོགས་མོ་ཚོ།
    དངོས་བདེན་ནང་གཏམ་ཡིན་ནོ་སྤུན་ཟླ་ཚོ།

  2. ཀརྡོ་རབ་འབྱམས་པ་ says:
    2016-09-05 at 3:00 pm

    ་་་་་་་་་ ཁ་ཤས་ཀྱིས་དགེ་རྒན་དེ་ཚོ་ལ་སེམས་ཤུགས་མེད་རྐྱེན་ཡིན་པར་བརྗོད་སྲིད་ཀྱང། དགེ་རྒན་ཡང་མི་ཞིག་ཡིན་པས། ཁོ་ཚོ་ལ་ཡང་འཚོ་བ་སྐྱེལ་ཆེད་དུ་གླ་ཆ་འགྲིག་ཙམ་ཞིག་དགོས་ཀྱི་རེད། ་་་་་་་་་

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-09-07 at 11:01 pm

    དགེ་རྒན་དགེ་ཕྲུག་འབྲེལ་ལམ་ལ་།
    དམ་གཙང་བརྒྱུད་ནས་ཤེས་ཡོན་སྤེལ་།
    དམ་གཙང་མེད་པའི་བྱ་བ་ཀུན་།
    དོན་འབྲས་གསོན་པ་ཉིན་སྐར་ཙམ་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme